སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བསམ་གཞིགས་འགའ།
སྤེལ་དུས། 2014-09-05   ཡོང་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་དྲ་བ།     རྩོམ་པ་པོ།  བློ་བཟང་ལྷུན་གྲུབ་རྡོ་རྗེ། ཨ་གུར་གྱིས་བསྒྱུར།

བོད་ལྗོངས་མཐོ་སྒང་ནི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གལ་ཆེན་ཁྲོད་ཀྱི་གཅིག་ཡིན་ལ།   གནས་འདིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱལ་ཡོངས་རང་བཞིན་དང་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལྡན་པས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།  

གཅིག བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ད་ལྟའི་གནས་ཚུལ།  

(1)བོད་ལྗོངས་མཐོ་སྒང་གི་གནམ་གཤིས་འཁྱག་ཅིང་སྐམ་ལ་དབྱང་རླུང་དཀོན།   བརྒྱ་ཆའི་དགུ་བཅུ་ཡན་ཆོད་ཀྱི་ས་ཆ་ཚང་མ་འཁྱག་ཚད་མཐོ་བའི་གནམ་གཤིས་ཀྱི་འོག་ཏུ་ཡོད་ཅིང་།   རང་བྱུང་ཁོར་ཡུག་ཞན་པས་རྐྱེན་གྱིས་སྐྱེ་ཁམས་མ་ལག་ལ་གཏན་འཇགས་མིན་པའི་རང་བཞིན་དང་།   སྐྱེན་འགྱུར་རང་བཞིན།   འགྱུར་སླ་བའི་རང་བཞིན་སོགས་ཉམས་ཞན་རང་བཞིན་གྱི་ཁྱད་ཆོས་ལྡན།   (2)བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་གི་སྣ་མང་རང་བཞིན།   ས་དབྱིབས་དང་སའི་རྣམ་པ་འདྲ་མིན་སྣ་ཚོགས་ཡིན་ཞིང་ཡུལ་ཁམས་བར་གྱི་ཁྱད་པར་ཆེན་པོ་ཡིན་པས་རྐྱེན་གྱིས་ཚ་ཁུལ་ནས་གྲང་ཁུལ་དང་།   རི་དམའ་གཞུང་ས་ནས་རི་མཐོ་ས་སྒང་སོགས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་ཆགས་ཡོད།   (3)བོད་ལྗོངས་མཐོ་སྒང་ནི་འཛམ་གླིང་གི་དམིགས་བསལ་སྐྱེ་ཁམས་ས་ཁུལ་ཡིན་ལ།   སྐྱེ་ཁམས་བདེ་འཇགས་ཀྱི་གདལ་རྒྱ་དོག་པ་དང་ཁོར་ཡུག་གི་མི་འབོར་ཤོང་ཚད་དམའ།   སྐྱེ་ཁམས་མ་ལག་ལ་གལ་སྲིད་གཏོར་བརླག་བཏང་ཚེ་ཧ་ཅང་བསྐྱར་གསོ་བྱེད་དཀའ་བར་མ་ཟད་ཐ་ན་མྱ་ངམ་ཐང་དང་ས་རྗེན་དུ་འགྱུར།   (4)བོད་ལྗོངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འཛམ་གླིང་གི་གནམ་གཤིས་དྲོད་འགྱུར་དང་མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་སྣ་ཚོགས་ཐེབས་པས་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་ཇེ་ཞན་དང་ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཇེ་དྲག་ཡིན་པ་སོགས་ཀྱི་གནད་དོན་མངོན་པ་རེད།   དེ་ལས་ཆེས་མངོན་གསལ་ཆེ་བ་ནི།   ཆབ་རོམ་ཞུ་ནས་ཇེ་ཆུང་ལ་འགྲོ་བ་དང་།   ས་ཆ་ཞན་འགྱུར་ཚབས་ཆེ་བ།   ས་ཆུ་ཤོར་བ་ཇེ་དྲག།   སྐྱེ་དངོས་སྣ་མང་གི་འཇིག་ཉེན་ཇེ་ཆེ་དང་དཀོན་པའི་སྐྱེ་དངོས་ཀྱི་ཐོན་ཁུངས་ཇེ་ཉུང་།   རང་བྱུང་གནོད་འཚེ་ཇེ་མང་ཡིན་པ་སོགས་ཡིན།   1མདོ་དབུས་མཐོ་སྒང་ས་ཁུལ་ནི་རང་རྒྱལ་གྱི་ཆབ་རོམ་ཁྱབ་ཚུལ་གཅིག་བསྡུས་ཀྱི་ས་ཁུལ་ཡིན་ལ།   ཆབ་རོམ་གྱི་གསོག་ཚད་ན་སྟོང་རྨིད་ལྷམ་པ5590ཡོད།   ཉེ་བའི་ལོ30ལྷག་གི་རིང་ལ་ཆབ་རོམ་ཞུ་ཚད་མངོན་གསལ་ཡིན་ཞིང་རྒྱ་ཁྱོན་གྱི15%ཡིས་ཇེ་ཉུང་ལ་སོང་ཡོད།   ལྗོངས་ཡོངས་སུ་བྱེ་ཐང་དུ་འགྱུར་བའང་རྒྱུན་ཆད་མེད་པར་ཇེ་ཐུ་ཡིན་ཏེ།   བྱེ་འགྱུར་དང་མི་མངོན་པའི་བྱེ་འགྱུར་གྱི་ས་ཆ་སྤྱི་ལེ་གྲུ་བཞི་མ་ཁྲི21ལ་བུད་ཡོད་པ་དང་ཐང་རྒོད་ཀྱི་རྒྱ་ཁྱོན་ན་སྤྱི་ལེ་གྲུ་བཞི་མ་ཁྲི་43ཡོད་ཅིང་དེས་སོ་སོར་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི18.1%དང་36.1%ཟིན།   2བོད་ལྗོངས་ཀྱི་རྩྭ་སའི་སྤྱིའི་རྒྱ་ཁྱོན་ན་མུའུ་དུང་ཕྱུར་12.44ཡོད།   དེའི་ཕྱེད་ཀའི་ཡན་ཆོད་རྩྭ་ཐང་ཞན་འགྱུར་བྱས་པ་ཚབས་ཆེ།   1/10གི་རྩྭ་ས་མངོན་གསལ་གྱིས་བྱེ་ཐང་དུ་འགྱུར་བཞིན་ཡོད་ལ་ལྗོངས་ཡོངས་སུ་ཞན་འགྱུར་བྱས་ཏེ་ཕྱུག་འཚོ་མི་ཐུབ་པའི་རྩྭ་སའི་རྒྱ་ཁྱོན་ན་མུའུ་དུང་ཕྱུར1.7ཡོད།   3བཟོ་ལས་ཅན་དུ་བསྒྱུར་བའི་སྐུལ་སྤེལ་དང་།   གཞུང་ལམ་དང་ལྕགས་ལམ་སོགས་འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་སོང་བ།   སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་མི་འབོར་ཇེ་མང་ལ་འགྲོ་བ་དང་བསྟུན་ནས།   སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཉིན་རེ་བཞིན་མངོན་གསལ་དང་སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ།  

བོད་ལྗོངས་སུ་དུས་རབས་སྔོན་མའི་ལོ་རབས་70ནས་བཟུང་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་ཤིང་།   རྗེས་སུ་ཡང་རང་བྱུང་ནགས་ཚལ་སྲུང་སྐྱོབ།   རྨོ་བསྐྱུར་ནགས་འཛུགས་དང་རྩྭ་འདེབས་སོགས་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་མང་པོ་ལག་ཏུ་བསྟར།   མིག་སྔར་ལྗོངས་ཡོངས་སུ་རིགས་མི་འདྲ་བའི་རང་བྱུང་སྲུབ་སྐྱོབ་ས་ཁུལ་47བཙུགས་ཡོད་ཅིང་དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ས་ཁུལ་9ཡོད།   སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི41.22ཡོད་ལ།   དེས་ལྗོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་34.35%ཟིན།   4རིགས་མི་འདྲ་བའི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་ས་ཁུལ་བཙུགས་ཟིན་པ་22ཡོད་ཅིང་དེས་བོད་ལྗོངས་ཀྱི་གཙོ་ཆེའི་སྐྱེ་ཁམས་ཁུལ་ལ་ཕན་ནུས་ལྡན་པའིསྲུང་སྐྱོབ་བྱས་ཡོད།   5སྤྱིའི་ཆ་ནས་ཆུའི་ཁོར་ཡུག་དང་མཁའ་དབུགས་ལ་ཕལ་ཆེར་སྦག་བཙོག་ཐེབས་མེད།   བཟོ་ལས་བཙོག་ཆུའི་ཕྱིར་ཕུད་ཚད་མི་ཆེ་ཞིང་བཟོ་ལས་ཀྱི་མཁའ་དབུགས་བཙོག་པ་ཕྱིར་བཏང་བའི་ཚད་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་ཐུབ་པའི་ནང་དུ་ཡོད།   6 2014ལོའི་ཟླ6པར།   ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གིམདོ་དབུས་མཐོ་སྒང་ཁོར་ཡུག་འགྱུར་ལྡོག་གི་ཚན་རིག་ཚོད་དཔྱདདུ་བསྟན་དོན།   2000ལོ་ནས་བཟུང་འཕེལ་རྒྱས་བྱེད་སྟངས་འགྱུར་བ་དང་།   ལྷག་པར་དུ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པས་མོད་དབུས་མཐོ་སྒང་གི་མིའི་རིགས་བྱེད་སྒོས་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་ངན་པར་ཚོད་འཛིན་བྱུང་ཞིང་།   ཁོར་ཡུག་གི་རྒྱུ་སྤུས་ལ་ཕྱོགས་ཁ་ཤས་སུ་ཇེ་ལེགས་སུ་སོང་པའི་རྣམ་པ་མངོན། 7

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060