སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གཙང་གསུམ་འབྱུང་ཁུངས་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་བྱུང་པ།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ།

གསུམ་སྦྲེལ་འཚོ་བའི་གཟའ་དེབཀྱི་གསར་འགོད་པས་གཙང་གསུམ་འབྱུང་ཁུངས་ནས་བསྐྱོན་པའི་ཡུལ་ལྗོངས་འདྲ་པར།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན་དུ།  བཅུ་གཅིགགུང་གསེང་སྐབས། དྲ་གྲོགས་མི་ཉུང་པ་ཞིག་གིས་པོད་ཕྲན་དུ་གཙང་གསུམ་འབྱུང་ཁུངས་དང་མཚོ་སྔོན་པོར་ལྗོངས་རྒྱུ་བྱས་སྐོར་གྱི་ཡུལ་ལྗོངས་མཛེས་སྡུག་ལྡན་པའི་འདྲ་པར་ངོམས་འདུག ལོ་ངོ་དུ་མའི་རིང་སྐྱེ་ཁམས་ཕྱོགས་བསྡུས་བདག་སྐྱོང་ཐད་འབད་བརྩོན་ལྷུར་ལེན་བརྒྱུད། གཙང་གསུམ་འབྱུང་ཁུངས་དང་མཚོ་སྔོན་པོའི་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་བྱུང་ཞིང་། སྲོག་ཆགས་ཀྱི་ཁྱུ་ཡང་གཞི་ཁྱོན་དེ་ལས་ཆེ་བའི་ས་རུ་འཚོ་བཞིན་གདའ་ལ། སྐྱེ་དངོས་སླར་སོན་བྱུང་ནས་ཆུ་སྤུས་ཀྱང་ཇེ་ལེགས་སུ་མངོན་འདུག

གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་དངོས་ཚོགས་ཀྱི་རིགས་ཇེ་མང་དུ་ཕྱིན་པ་དང་ཆུ་སྤུས་ཇེ་ལེགས་སུ་མངོན་པ།

གཙང་གསུམ་འབྱུང་ཁུངས་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དང་། མགོ་ལོག་ཁུལ་ཡོངས། མཚོ་ལྷོ། རྨ་ལྷོ། མཚོ་ནུབ་ཀྱི་ས་ཁུལ་ཁ་ཤས་སུ་ཁྱབ་འདུག་སྟེ། སྤྱི་ཁྱོན་ལ་རྨིད་གྲུ་བཞི་མ་༣༦.༦ཟིན་འདུག དེ་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་རེད། སྲུང་སྐྱོབ་ས་ཁུལ་གྱི་ཁུ་ནུ་རི་བོ་དང་དེའི་རི་རྒྱུད་ཨ་ཆེན་གངས་རྒྱབ།  པ་ཡན་ཧ་ལ་རི་བོ།  ཨ་མྱེས་རྨ་ཆེན།  གཉན་ཆེན་ཐང་ལྷ་བཅས་ཀྱི་གངས་འཁྱགས་ཞི་རྗེས།  འབྲི་ཆུ་དང་རྨ་ཆུ།  རྫ་ཆུར་འདྲེས་ཡོད་པ་དང་།  དེ་ནི་རང་རྒྱལ་གྱི་ཆུའི་འབྱུང་ཁུངས་གཙོ་བོ་རེད་འདུག

གསུམ་སྦྲེལ་འཚོ་བའི་གཟའ་དེབཀྱི་གསར་འགོད་པས་གཙང་གསུམ་འབྱུང་ཁུངས་ནས་བསྐྱོན་པའི་མི་སྣའི་འདྲ་པར།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060