སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བཀྲ་ཤིས་ལྷུན་པོ་སོགས་སྐབས་དང་པོའི“རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་གལ་ཆེན་བཅུའི”ཁྲོད་དུ་བདམས།
སྤེལ་དུས། 2014-11-06   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་པ་པོ།  བཀྲ་འདུལ།

    རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཛུབ་སྟོན་གནང་ཞིང་། ཀྲུང་གོའི་གནའ་ཤུལ་སྲུང་སྐྱོང་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་གཙོ་སྒྲུབ་གནང་བའི་སྐབས་དང་པོའིརྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་ལས་གཞི་གལ་ཆེན་བཅུའིདཔྱད་འདེམས་གྲུབ་འབྲས་ཚེས ༥ ཉིན་པེ་ཅིན་ནས་སྤྱི་བསྒྲགས་བྱས། ཆའེ་ཧྥུ་ཡི་ཁུང་ཙིའི་ལྷ་ཁང་གི་འཛུགས་སྐྲུན་དང་། བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན། ཀན་སུའུ་ཡི་ཏུན་ཧུང་བྲག་ཕུག་སོགས་ལས་གཞི་དེའི་ཁྲོད་དུ་བདམས་ཡོད་པ་རེད།  

  “རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་ལས་གཞི་གལ་ཆེན་བཅུནི་ཧྲན་ཞི་ཀའོ་ཕེན་གྲོང་ཁྱེར་ཨར་ལང་ལྷ་ཁང་སྲུང་སྐྱོང་ཞིག་གསོའི་ལས་གཞི་དང་། ལའེ་ཉིན་པེ་ཀྲིན་ལྷ་ཁང་གི་འཛུགས་སྐྲུན་ཞིག་གསོ་ལས་གཞི། ཧྲང་ཧའེ་གྲོང་ཁྱེར་པེ་ཅིན་ཤར་ལམ་གྱི་ཨང་རྟགས ༢ པའི་ཁང་མིག་ཞིག་གསོ་ལས་གཞི། ཧྥུ་ཅན་ཆོན་ཀྲོའུ་ཐེན་ཧུའུ་ཕོ་བྲང་ཞིག་གསོ་ལས་གཞི། ཧྲན་ཏུང་ཆའེ་ཧྥུ་ཉི་རི་བོའི་ཁུང་ཙིའི་ལྷ་ཁང་གི་འཛུགས་སྐྲུན་ཞིག་གསོ་སྲུང་སྐྱོང་ལས་གཞི། ཀང་ཏུང་ཧྥུ་ཧྲན་མེས་པོའི་ལྷ་ཁང་ཞིག་གསོ་ལས་གཞི། བོད་ལྗོངས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་སྲུང་སྐྱོང་ཞིག་གསོའི་ལས་གཞི། ཧྲན་ཞི་ཙི་དབྱང་པེ་ཡི་ཞིང་ཆེན་ལྔའི་ཚོགས་ཁང་གི་ལྡེབས་རིས་སྲུང་སྐྱོང་ཞིག་གསོའི་ལས་གཞི། ཀན་སུའུ་ཡི་ཏུན་ཧུང་བྲག་ཕུག་སྲུང་སྐྱོང་བཀོལ་སྤྱོད་ལས་གཞི་དང་བྲག་ཕུག་སྲ་བརྟན་བཟོ་བའི་ལས་གཞི། ཤིན་ཅང་པའེ་ཙི་ཁུ་ལི་ཁོ་ཧྲི་སྲུང་སྐྱོང་དུས་རིམ་གཉིས་པའི་ལས་གཞི་བཅས་འདུས་ཡོད་པ་རེད།  

   རྒྱལ་ཁབ་རིག་དངོས་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཀྲུང་གོའི་གནའ་ཤུལ་སྲུང་སྐྱོང་མཐུན་ཚོགས་ཀྱི་ལས་འཛིན་ཀྲང་ཐུང་མིང་ཁང་གིས་དཔྱད་འདེམས་ཚོགས་འདུའི་ཐོག་ཏུ་བཤད་རྒྱུར། ལས་གཞི་གལ་ཆེན་བཅུ་དཔྱད་འདེམས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། རིག་དངོས་སྲུང་སྐྱོང་ལས་གཞིའི་སྤུས་ཚད་ཀྱི་དཔེ་སྟོན་དང་ཡང་དག་པའི་སྲུང་སྐྱོང་འདུ་ཤེས་ཀྱི་མཚོན་རྟགས་འཛུགས་པ་དང་། སྔར་ལས་ལྷག་པར་རིག་དངོས་སྲུང་སྐྱོང་ལས་གཞི་ལག་བསྟར་ཚད་ལྡན་དང་མཛུབ་སྟོན་བྱེད་པ་མ་ཟད། ཆེད་མཁས་པས་དཔྱད་འདེམས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཉམས་མྱོང་ཕྱོགས་བསྡོམས་དང་སྤེལ་རེས་མཉམ་ལས་ཇེ་དྲག་གཏོང་བ། ལས་རིགས་བདེ་བླག་ངང་འཕེལ་རྒྱས་སྐུལ་འདེད་གཏོང་བ། སྔར་ལས་མི་མང་པོས་རིག་དངོས་སྲུང་སྐྱོང་ལས་དོན་ཐད་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པར་ཡིད་འགུག་བྱེད་ཆེད་ཡིན་པ་རེད།  

   རྒྱུས་ལོན་བྱུང་བ་ལྟར་ན། ༢༠༡༡ ལོར་སྤེལ་བའི་རྒྱལ་ཡོངས་ཀྱི་རིག་དངོས་སྤྱི་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་གཞི་གྲངས་ལ་གཞིགས་ན། དེའི་ཁྲོད་དུ་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་ལས་ཁུངས་གཙོ་བོ ༤༢༩༦ ཡོད་པ་རེད། རིག་དངོས་སྲུང་སྐྱོང་ལས་ཁུངས་རིམ་པ་སོ་སོའི་མྱུར་སྐྱོབ་ཞིག་གསོ་དང་སྲུང་སྐྱོང་བཀོལ་སྤྱོད་ཇེ་དྲག་གཏོང་བ་ནི། རིག་དངོས་ལས་དོན་གྱི་ནང་དོན་གཙོ་བོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཤུལ་བཞག་རིག་གནས་ལས་རིགས་ཀྱི་སྤྱིའི་ནུས་ཚད་དང་ལག་རྩལ་ཆུ་ཚད་ཚོད་ལེན་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཅིང་ཡིན་པ་རེད།  

   ཁ་བྱང་ཕྱི་མོ། བཀྲ་ཤིས་ལྷུན་པོ་སོགས་སྐབས་དང་པོའིརྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་གལ་ཆེན་བཅུའིཁྲོད་དུ་བདམས།  

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060