སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཐོ་རྒྱུགས་ཀྱི་ཡིག་ཚད་མ་ལོངས་པའི་མི་སྣ་གྲགས་ཅན་དག
སྤེལ་དུས། 2014-07-02   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  ཟླ་བས་བསྒྱུར།

     ཟླ་དྲུག་པའི་ཟླ་མཇུག་ལ་སླེབས་པའི་དུས་འདི་ནི་མཐོ་རྒྱུགས་ལ་ཞུགས་པའི་སློབ་ཕྲུག་དག་གི་ཡིག་ཚད་ཀྱི་སྐར་གྲངས་ཕྱིར་སྒྲོག་པའི་དུས་ཚོད་ཡིན་པས།   སློབ་ཕྲུག་ལ་ལ་དགའ་བས་ཁེངས་ཤིང་ལ་ལ་ནི་དེ་ལས་ལྡོག་སྟེ་ཡོད་པ་རེད།   ཡིན་ནའང་སྤྱི་ཚོགས་ཧྲིལ་པོ་སྣ་མང་ཅན་དུ་གྱུར་དང་འགྱུར་བཞིན་པའི་སྐབས་འདིར།   མཐོ་རྒྱུགས་ཀྱིས་མི་སུ་དང་གང་གི་ལས་དབང་ཡང་ཐག་གཅོད་ཐབས་མེད་དེ།   དེ་ནི་འཇིག་རྟེན་འཇིག་པའི་ཉིན་མོ་ལ་སླེབས་པ་མིན་པས་གལ་སྲིད་ཁྱེད་རང་ཡིག་ཚད་ལ་ལོངས་པར་མ་གྱུར་ཀྱང་།   རང་གི་དཀའ་སྤྱད་དང་བརྩོན་འགྲུས་ལ་བརྟེན་ནས་མ་འོངས་པ་བཀྲག་མདངས་ལྡན་པ་ཞིག་རང་ལ་དབང་བར་བྱས་ཆོག་སྟེ། གཤམ་གྱི་མི་སྣ་འདི་དག་གིས་ཏན་ཏན་ལམ་ག་དེ་འདྲ་ཞིག་རང་ཅག་ལ་ངོ་སྤྲད་ཡོད།

 

མཱ་ཡུན།   ཨ་ལི་པཱ་པཱ་ཡི་རྨང་འདིང་མཁན་ཏེ་ཀྲུང་གོའི་གློག་རྡུལ་ཉོ་འཚོང་ཀུང་སིའི་སྣེ་འཁྲིད་པ།

ཀྲུང་གོའི་ཚོང་པ་གྲགས་ཅན་མཱ་ཡུན་གྱིས་གྲངས་རིག་གི་ཡིག་འབྲས་མ་ལོངས་པའི་རྐྱེན་གྱིས་ཐེངས་གཉིས་ལ་མཐོ་རྒྱུགས་ཀྱི་ཕམ་ཁ་མྱངས་མྱོང་།   ཐེངས་དང་པོར་ཁོའི་གྲངས་རིག་ལ་སྐར་གྲངས1དང་ཐེངས་གཉིས་པར19ལས་མ་ཐོབ།  ཡིན་ནའང་ཁོ་བློ་མ་ཕམ་པར་ཡིག་ཚད་ཐེངས་གསུམ་པ་ལ་སྟ་གོན་མཛད་ཅིང་རེབ་འདིར་སྐར་གྲངས79ཐོབ་སྟེ་ཧང་ཀྲིའུ་དགེ་འོས་སློབ་གྲྭ་ཆེན་མོ་ཡི་སློབ་ཞུགས་བརྡ་ཐོ་འབྱོར།   ཁོས་མི་སུ་དང་གང་ལའང་ཇི་སྲིད་བློ་མ་ཕམ་པ་དེ་སྲིད་ཀྱིས་རྒྱལ་ཁ་འཐོབ་སྲིད་ཅེས་རྟག་པར་སྨྲ།

 

2013.12.10ཉིན་མཱ་ཡོན་གྱིས་ཁོ་རེ་ཡ་ལྷོ་མའི་སོལ་སློབ་ཆེན(Seoul University)དུ་གཏམ་བཤད་སྤེལ་བཞིན་པ།

 

ལི་ཨན།   གློག་བརྙན་གྱི་འཁྲབ་ཁྲིད་པ་དང་བཟོ་བ་པོ།  འཁྲབ་གཞུང་རྩོམ་པ་པོ།

སྤྱིར་དགེ་རྒན་གྱི་ཁྱིམ་ཚང་ཞིག་ཏུ་ནར་སོན་པ་ཡིན་ནའང་ལི་ཨན་སློབ་མ་ཕུལ་ཏུ་བྱུང་བ་ཞིག་མིན།   ལི་ཨན་གྱི་པཱ་ལགས་ནི་སློབ་གཙོ་ཞིག་ཡིན་ཞིང་ཁོས་ལི་ཨན་གྱིས་འབུམ་རམས་པའི་དཔང་ཡིག་བླངས་ཏེ་སློབ་གཉེར་པ་ཞིག་བྱ་རུ་འཇུག་འདོད།   ཡིན་ནའང་ལི་ཨན་གྱིས་ཐེངས་གཉིས་ལ་མཐོ་རྒྱུགས་ཀྱི་ཡིག་ཚད་མ་ལོངས་ཤིང་ཁོ་རང་ལའང་བློ་ཕམ་ཆེན་པོ་བྱུང་།   འོན་ཀྱང་མི་རིང་བར་ཁོས་ཐབས་བརྒྱ་ཇུས་སྟོང་གིས་ཐེ་ཝན་གྱི་རྒྱལ་བཙུགས་སྒྱུ་རྩལ་སློབ་གྲྭ་ཆེན་མོ་རུ་ཡིག་ཚད་བཏང་ཞིང་རང་ཉིད་ཀྱི་སེམས་ལ་ཐེངས་དང་པོར་རང་དབང་ཐོབ་པའི་སྣང་བ་སྐྱེས།   དུས་ཕྱིས་ཁོ་ན་རེ།   སློབ་སྦྱོང་བྱེད་པའི་ལམ་གཅིག་རྐྱང་བ་དེ་མ་ཡིན་པར་མིའི་འཚོ་བ་ལ་བཤུལ་ལམ་མང་པོ་ཡོད།   སྒྱུ་རྩལ་གྱི་དོ་ར་དེ་རུ་ལི་ཨན་གྱིས་རང་ཉིད་ངོ་མ་དེ་རྙེད་དེ་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཆེ་བ་ཞིག་ཏུ་གྱུར་པ་རེད།

 

2013.2.24ཉིནཕའེ་ཡི་ངོ་མཚར་བའི་སྒྲུངལ་སྐབས85པའི་ཨོ་ཟི་ཁཱ་འཁྲབ་ཁྲིད་པ་རྩེ་གྲ་ཐོབ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070