སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཡུག་རེན་གྱི་སྒྱུ་རྩལ་བ་ཞིག་གིས་མདེལ་ཤུན་བཀོལ་ནས་ཕུའུ་ཅིན་གྱི་འདྲ་བསྒྲིགས།
སྤེལ་དུས། 2015-07-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

གནའ་བོའི་གབ་པ་དང་བསྡུས་དོན་གྱིས་སྟོན་པའི་སྒྱུ་རྩལ་དང་སྡུར་ན། དེང་རབས་སྒྱུ་རྩལ་གྱིས་རྒྱབ་ཏུ་ལངས་པའི་དོན་སྙིང་འདི་ཁ་གསལ་ཅན་དུ་བཏང་ཡོད་པ་འདྲ། ཡ་ཧུའུ་གསར་འགྱུར་སོགས་སྨྱན་སྦྱོར་གྱིས་ཕྱི་ཟླ ༧ པའི་ཚེས ༢༧ ཉིན་བཀོད་པ་ལྟར་ན། ཡུག་རེན་གྱི་སྒྱུ་རྩལ་བ་ཏཱ་རེ་ཡ་མར་ཆིན་ཁོDaria Marchenkoཡིདམག་འཁྲུག་གི་ངོ་གདོངཅེས་པ་ཡུག་རེན་ནས་འགྲེམ་སྟོན་བྱས། འདི་ནི་མོའི་དམག་འཁྲུག་གི་ས་བོན་ལྔཞེས་པའི་བརྩམས་ཆོས་ཀྱི་ཁག་དང་པོ་སྟེ་མི་གཟུགས་སྒྱུ་རྩལ་ཡིན་ལ། དེས ༢༠༡༤ ལོའི་ཡུག་རེན་དོན་རྐྱེན་མཚོན་ཡོད་དེ། ཨུ་རུ་སུ་ཡིས་རྒྱལ་ཁབ་འདིའིཡུག་རེནཤར་ཕྱོགས་སུ་བཙན་འཛུལ་བྱེད་དུས། འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཡོ་རོབ་གླིང་ནས་དམག་དོན་འཁྲུག་རྩོད་ཆེས་ཆེ་བ་དེ་བྱུང་ལ། འཛམ་གླིང་ཞི་བདེ་འོང་བར་དོ་ཆེན་པོ་ཟློས་བྱུང་།

འདི་ནི་དམག་འཁྲུག་ལ་རྒོལ་བའི་འདྲ་གཟུགས་ཤིག་ཡིན་ལ།གསར་རྩོམ་གྱི་རྒྱུ་ཆ་འདི་དག་འཐབ་ར་སོ་སོ་ནས་བཏུས་འོང་བའི་མདེལ་ཤུལ་རེད། འདྲ་གཟུགས་ནི་བལྟས་ཚོད་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིནVladimir Putinཡིན་པ་གསལ་ལྷང་ངེར་འདུག

ཕུའུ་ཅིན་གྱི་འདྲ་གཟུགས་མདེལ་ཤུན་གྱིས་བསྒྲིགས་པ་འདི་ནི་ལོ་རྒྱུས་སུ་ཐབས་རྩལ་འདི་དང་རྣམ་པ་འདི་ལྟ་བུའི་སྒོ་ནས་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ཐོག་མ་ཡིན་པ་དང་། འཛམ་གླིང་གི་མ་སེ་ཁི་སྒྱུ་རྩལ་བརྩམས་ཆོས་ཁྲོད་ཁེར་ཚུགས་ཀྱི་གོ་གནས་བཟུང་ཡོད། དེར་མ་ཟད་དམག་འཁྲུག་དེར་བལྟས་བ་ཙམ་གྱིས་དྲང་བདེན་དང་བདེན་ལུགས་གང་འདྲ་ཡོད་ཀྱང་། དེ་ནི་མི་སེར་གྲངས་མེད་ཀྱིས་ཚེ་སྲོག་ལས་གྲུབ་པ་ཡིན་པར་འདོད་པའི་རྩོམ་པ་པོའི་བློ་ཡང་ཕྱིར་མངོན་ཡོད།

བརྩམས་ཆོས་འདིའི་དཀྱུས་ཞེང་ནི་སྨི ༢.༤×༡.༧ དང་། ཁྱོན་མདེལ་ཤུན ༥༠༠༠ བཀོལ་ཡོད་ལ། དེ་དག་ནི་འཐབ་རའི་ཁྲོད་རྣམ་པ་མི་འདྲ་བའི་མེ་མདའ་ལས་བྱུང་བ་ཡིན་པས་གཟུགས་དང་ཁ་ཞེང་གཅིག་མཚུངས་མ་ཡིན། བརྩམས་ཆོས་འདི་གྲུབ་པའི་མདེལ་ཤུན་རེ་རེའི་རྒྱབ་ཏུ་དམག་མི་རེའི་ཚེ་སྲོག་ཁུར་ཡོད་དེ་འཆི་གསོན་གང་དུ་གནས་ཀྱང་། ཁོ་ཚོའི་ལས་དབང་བརྩམས་ཆོས་འདིར་འཐིམས་ནས་ཡོད།

འདྲ་གཟུགས་འདིའི་ཀུན་ལས་ཁྱད་འཕགས་ཀྱི་གནས་གཞན་ཞིག་ནི་ཟུར་མི་འདྲ་བ་དང་འོད་འདྲ་མིན་ལྡོག་འཕྲོ་ལས་ཚོས་གཞི་དང་གདོང་ཉམས་སྣ་ཚོགས་ཕྱིར་མངོན་པར་བྱས། སྒྱུ་རྩལ་བས་སྒྲིག་བཟོ་བྱས་རྗེས་ང་ཚོས་འདྲ་གཟུགས་ཀྱི་སྐྲག་སྣང་དང་ང་རྒྱལ། གདུག་རྩུབ་དང་ཞེ་འཁོན། སྐྱོ་གདུང་དང་ཐེ་ཚོམ། འཛམ་གླིང་བརླག་པའི་འདོད་བློ། ཐ་ན་དཀོན་མཆོག་གིས་རྒྱུ་འབྲས་ཀྱི་རྒྱ་མར་འཇལ་དུས་ཀྱི་རྣམ་འགྱུར་སོགས་མཐོང་ཐུབ། འདི་ལྟར་འདྲ་གཟུགས་འདིས་དམག་འཁྲག་ཁྲོད་བྱུང་བའི་འདྲ་མིན་གྱི་ཚོར་བ་བསྟན་ཡོད་ཅེས་གསར་ལམ་དུ་བཀོད་འདུག

བརྩམས་ཆོས་འདི་གློག་འོད་དང་ཟུར་གནས་སྤོ་བྱེད་བཞིན་འགྲེམ་སྟོན་བྱ་དགོས་ལ། མདེལ་ཤུན་ཚང་མ་གྱང་ངོས་སུ་བརྟན་པོར་བྱས་ཡོད་པ་དང་། འགྲེམ་སྟོན་བྱེད་ཡུལ་ནི་ཡུག་རེན་དུ་ཡོད་པའི་ཏཱ་རེ་ཡ་མར་ཆིན་ཁོDaria Marchenkoཡི་ལས་སྒྲུབ་ཁང་རེད།

ལྟ་ཞིབ་པས་པར་གདན་གྱི་ངོས་ནས་རྩོམ་པ་པོས་རྙོག་འཛིང་ཆེ་བའི་ལས་དབང་གིས་ཁེངས་པའི་དམག་འཁྲུག་གི་ནུས་པ་བསྟན་པ་མཐོང་ཐུབ་སྟེ། ནུས་པ་འདི་འདྲ་ཞིག་འདོན་པའི་མདེལ་ཤུན་གྱི་མ་རྒྱུ་ལ་འབར་རྫས་དང་ཆན། ཟངས། རྣོ་ལྕགས། ཞིན་སོགས་འདུས་ལ། མ་བཅོས་སྣུམ་དང་པིན་ཞི་སྐྱུར་གྱིས་བྱེད་ནུས་ལ་སྟེན་ནས་འདི་དག་བརྩམས་ཆོས་ཁྲོད་དུ་སྦྱར་དེ་མངོན་པར་བསྟན་འདུག

འདྲ་གཟུགས་འདིས་རྣམ་པ་འདི་ལྟ་བུ་བརྒྱུད་དེ་མི་ཚང་མས་མཚོན་ཆ་ཐང་དུ་བཞག་ནས་ཤེས་རིག་དར་བའི་བརྒྱུད་རིམ་ཁྲོད། དམག་འཁྲུག་གིས་དོན་ངོ་མར་ཅི་ཞིག་གིས་ཚབ་བྱེད་བཞིན་ཡོད་པར་རྣོ་སེམས་གཏོང་བར་སྐུལ་ངེས། ང་ཚོས་ཀྱང་ངེས་པར་དུ་མིའི་ཚེ་སྲོག་ལས་གལ་ཆེ་བ་ཞིག་མེད་པར་ཁས་ལེན་དགོས།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070