སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁ་ན་ཏའི་སྐྱེས་པ་ཞིག་ལ་ཆུང་མ ༢༤ དང་བུ་ཕྲུག ༡༣༣ ཡོད་པ་དང་། བུ་སྐྱོང་རོགས་དངུལ་མང་པོ་ལེན་བཞིན་ཡོད།
སྤེལ་དུས། 2015-08-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཉི་མ།

ཕྲུ་གུ་སྐྱེས་པ་ཡིན་ན་སྒོར་མོ་ལེན་ཐུབ་པས། ཁ་ན་ཏའི་མི་ཕལ་མོ་ཆེར་མཚོན་ན་འདི་ནི་དོན་དག་བཟང་བོ་ཞིག་ཡིན། ཕྲུ་གུ་སྐྱེས་པ་ཇི་ལྟར་མང་ན་སྒོར་མོ་ཡང་དེ་ཙམ་གྱིས་མང་བོ་ལེན་ཐུབ་པ་ནི་བཤད་ཅི་དགོས། དེ་ལས་ཀྱང་ཟླ་སྔོན་མར་ཁ་ན་ཏའི་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་བུ་སྐྱོང་རོགས་དངུལ་ཇེ་མཐོར་བཏང་བས། ཝེན་སི་ཐོན་བྷི་ལེ་ཁོ་མོར་ནི་ཀུན་ལས་ཀྱང་ཁེ་བཟང་རེག་མཁན་དེར་གྱུར། ཁོས་མོར་མུན་ཆོས་ལུགས་ཀྱི་སྐྱེས་པ་གཅིག་གིས་ཆུང་མ་མང་པོ་ལེན་སྲོལ་ལག་ལེན་བྱས་ཏེ་ད་སྐབས་ཆུང་མ ༢༤ དང་ཕྲུ་གུ ༡༣༣ ཡོད་པ་རེད། ཐེངས་འདིར་ཁོ་རང་ནི་སྒོར་མོ་འབོར་ཆེན་རེག་པའི་གོ་སྐབས་དང་འཕྲད་པ་ལས་གཞན། གཉེན་བསྐྱར་བསྒྲིགས་བྱས་པའི་ནག་ཉེས་ཀྱིས་སྐྱོན་འདོན་ཞུ་གཏུག་ཀྱང་བྱས་ཡོད་པ་རེད།

ཁ་ན་ཏའི་སྲིད་གཞུང་གིས་གནང་པའི་བུ་སྐྱོང་རོགས་དངུལ་ནི་བུ་ཕྲུག་གི་ལོ་ཚོད་ལྟར་སྟེར་བཞིན་ཡོད། ལོ ༦ མན་གྱི་ཕྲུ་གུའི་ཕ་མས་ཨ་སྒོར ༥༦༢༠ རེག་ཐུབ་པ་དང་། ལོ ༧ ཡན་དང་ལོ ༡༨ མན་གྱི་ལོ་ཆུང་གཞོན་ནུའི་ཕ་མས་ཨ་སྒོར ༤༢༠ རེག་ཐུབ། སྒོར་མོ་འདི་ཡང་བཀོལ་སྤྱོད་ཐད་ཚད་བཀག་བྱས་ཡོད། ཡིན་ན་ཡང་མིག་སྔར་གསལ་བའི་གནས་ཚུལ་ལྟར་ན། ལོ ༥༨ ཅན་གྱི་མོར་མུན་ཆོས་ལུགས་ཀྱི་སྐྱེས་པ་འདིས་མ་མཐར་ཡང་ཕྲུ་གུ ༩༨ ཀྱི་བུ་སྐྱོང་རོགས་དངུལ་ལེན་ཐུབ། དེའི་ཁྲོད་དུ་ལོ ༧ མན་གྱི་ཕྲུ་གུ ༢༠ དང་ལོ ༧ ནས ༡༨ བར་གྱི་ཕྲུ་གུ ༧༨ ཡོད། རྩིས་ཤིག་བརྒྱབ་ན་ཁོ་དང་ཆུང་མ་ཚོས་ཨ་སྒོར ༤༣༡༦༠ ཡི་རོགས་དངུལ་ལེན་ཐུབ་པ་རེད།

ཁོ་རང་ལ་ཕྲུ་གུ་འདི་འདྲ་མང་པོ་ཡོད་པས། ཕྲུ་གུ་ཚོའི་ལོ་གྲངས་ངོས་འཛིན་ཐད་ལ་ཁོ་བོར་ཐབས་མཆོག་ཅིག་ཡོད། ཁོང་གིས་ལོ་གཅིག་པར་སྐྱེས་པའི་ཕྲུ་གུ་ཚོའི་མིང་གི་ཡིག་འབྲུ་ཐོག་མ་དེ་འདྲ་མཚུངས་སུ་བཏགས་ཡོད། དཔེར་ན་ཕྲུ་གུ་སྐྱེས་ཚད་ཆེས་མང་པའི་ལོ་དེར། ཁོང་གིས་ཕྲུ་གུའི་མིང་གི་ཡིག་འབྲུ་འགོ་མརoབཏགས་པ་རེད། དེའི་འཕྲོར་རིམ་པར RMNP སོགས་བཏགས་ཡོད་པས། འདི་ལྟར་ལོ་ཚོད་ངོས་འཛིན་བྱ་རྒྱུ་ནི་ལས་ཧ་ཅང་སླ་བོ་ཞིག་རེད།

ཡིན་ནའང་བུ་སྐྱོང་རོགས་དངུལ་ལེན་ན་དེ་མཚུངས་ཀྱི་ཁྲལ་འཇལ་དགོས་པ་རེད། དེ་མ་ཟད་ཁ་ན་ཏའི་སྲིད་གཞུང་གིས་ཀྱང་ཕ་མ་ཚོར་ཡོང་འབབ་འདྲ་མཚུངས་སུ་བགོ་དགོས་པར་ཤོད་ཀྱིན་ཡོད། རྒྱུན་ལྡན་གྱི་ཁྱོ་གཅིག་ཤུག་གཅིག་གི་ཁྱིམ་ཚང་ཞིག་ལ་མཚོན་ནའང་ཡོང་འབབ་འདིའི་རིན་ཐང་ནི་ཚོད་རྩིས་དཀའ་བ་ཞིག་རེད། ཡིན་ནའང་མི་རྣམས་ནི་བྷི་ལེ་ཁོ་མོར་གྱིས་ཆུང་མ ༢༤ དང་མཉམ་དུ་ཁྲལ་འཇལ་གྱི་འགན་འཁྲི་མཉམ་འཁུར་བྱེད་རྒྱུར་ཡིད་ཆེས་ཡོད། འདྲ་པར་ནི་བྷི་ལེ་ཁོ་མོར་གྱི་ཆུང་མ་གསུམ་ཡིན།

བྷི་ལེ་ཁོ་མོར་མཚོན་ན། ཕྲུ་གུ་ཚོའི་རྐྱེན་གྱིས་བུ་སྐྱོང་རོགས་དངུལ་མང་པོ་ལེན་ཐུབ་ཀྱི་ཡོད་ནའང་། ཁྱོ་གཅིག་ཤུག་མང་གི་ལུགས་སུ་སོང་བས་སྐྱོན་འདོན་ཡི་གེ ༢༤ ལ་ཡང་མདོང་གཏད་དགོས། ཁ་ན་ཏའི་ཁྲལ་ཨུ་ཅུས་ལ་མཚོན་ན་ཡང་། བྷི་ལེ་ཁོ་མོར་དང་ཆུང་མ་ཚོས་རྒྱུ་ནོར་ཇི་ལྟར་བགོ་བཤའ་རྒྱག་པ་དང་ཁྲལ་ཇི་ལྟར་འཇལ་རྒྱུ་ནི་ཡང་ཐག་གཅོད་དཀའ་བའི་དོན་དག་རྙོག་འཛིང་ཅན་ཞིག་ཡིན།

ཁ་བྱང་ཕྱི་མོ། ཁ་ན་ཏའི་སྐྱེས་པ་ཞིག་ལ་ཆུང་མ ༢༤ དང་བུ་ཕྲུག ༡༣༣ ཡོད་པ་དང་། བུ་སྐྱོང་རོགས་དངུལ་མང་པོ་ལེན་བཞིན་ཡོད།

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070