སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བལ་ཡུལ་ནང་སེམས་ཅན་མང་པོ་དམར་མཆོད་བྱེད་པའི་སྲོལ་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
སྤེལ་དུས། 2015-08-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  ཉི་མ།

བལ་ཡུལ་གྱི་གྷ་དྷི་མཱི་ཡི་དུས་ཆེན་ནི་འཛམ་གླིང་སྟེང་གི་སེམས་ཅན་དམར་མཆོད་བྱེད་པའི་སྲོལ་རྒྱ་ཆེ་ཤོས་དེ་ཡིན། ལོ་ལྔ་རེའི་མཚམས་ལ་བལ་ཡུལ་ལྷོ་རྒྱུད་ནས་ཐེངས་རེ་སྤེལ་བཞིན་ཡོད། གྷ་དྷི་མཱི་དུས་ཆེན་སླེབས་པའི་ཚེ་སེམས་ཅན་འབུམ་ཕྲག་མང་པོ་དམར་མཆོད་གཏོང་པ་དང་། མི་ས་ཡ་མང་པོས་མཐའ་སྐོར་ཏེ་ལྟད་མོ་ལྟ་བཞིན་ཡོད། ཐེངས་སྔོན་མ་ནི ༢༠༡༤ ལོར་སྤེལ་བ་དང་། སྐབས་དེར་དྲ་ལམ་ཀུན་ཏུ་བསྐུར་བའི་འདྲ་པར་གྱིས་མི་རྣམས་ཧ་ལས་པར་བྱས།

༢༠༡༤ ལོར་གྷ་དྷི་མཱི་ཡི་དུས་ཆེན་སྟེང་སེམས་ཅན་ཁྲི ༢༥ དམར་མཆོད་བཏང་བ་རེད། ༢༠༠༩ ལོར་དམར་མཆོད་བཏང་བའི་བ་ལང་དང་ར་མ། བྱ་ཕོ་དང་གཞན་སེམས་ཅན་གཞན་པ་ཁྲི ༥༠ ལ་ཉེ་བ་དང་། ལྟད་མོ་བ་ས་ཡ ༥ ལྷག་ཡོད་པ་རེད། ཧ་ལམ་བརྒྱ་ཆའི ༨༠ ནི་རྒྱ་གར་ནས་ཕེབས་པ་རེད།

གྷ་དྷི་མཱི་དུས་ཆེན་ནི་ལོ་ངོ ༢༦༥ ཡི་ཡར་སྔོན་དུ་བྱུང་བ་རེད། རྒྱ་གར་གྱི་ལྷ་སྒྲུང་དུ་བཀོད་པ་ལྟར་ན། སྐབས་དེར་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་གཅིག་གིས་རྨི་ལམ་དུ་དབང་ཤུགས་ཀྱི་བདག་མོ་གྷ་དྷི་མཱིར་མི་དམར་མཆོད་དུ་སྦྱིན་པ་ཡིན་ན། འཇིག་རྟེན་གྱི་དཀའ་སྡུག་ཡོད་ཚད་ལས་ཐར་ཐུབ་པ་རྨིས་པ་རེད། ཡིན་ནའང་ཁོང་གིས་སེམས་ཅན་གཞན་དམར་མཆོད་གཏོང་རྒྱུ་བྱས་ཤིང་ད་ལྟའི་བར་རྒྱུན་བསྐྱངས་པ་རེད།

གྷ་དྷི་མཱི་དུས་ཆེན་ནི་སྐྱ་རེངས་ཤར་པའི་སྐབས་ནས་མགོ་ཚུགས་པ་དང་། ཉིན་དེར་མཇུག་བསྡུ་བའི་སྐབས་སུ་སེམས་ཅན་གྱི་རོ་དང་མགོ་སོགས་ནི་ལྷ་ཁང་མདུན་གྱི་ཐང་ཆེན་དུ་སྤུང་ཡོད་པ་རེད།

བལ་བོའི་ཆོས་ལུགས་འགོ་དཔོན་གྱིས་ལོ་ངོ་བརྒྱ་ཕྲག་མང་པོར་རྒྱུན་བསྐྱངས་བའི་དམར་མཆོད་ཀྱི་སྲོལ་རྒྱུན་འདི་མཚམས་འཇོག་རྒྱུ་ཐག་གཅོད་བྱས་པ་དང་། ༢༠༡༩ ལོར་ཕལ་ཆེར་སྤེལ་རྒྱུ་མིན་པ་འདྲ།

༢༠༡༥ ཟླ ༧ ཚེས ༢༨ ཉིན་བལ་ཡུལ་གྱི་གྷ་དྷི་མཱི་ལྷ་ཁང་ཐེབས་རྩ་ཚོགས་པས་ (Gadhimai Temple Trust) བལ་ཡུལ་ནང་ལོ་ངོ་བརྒྱ་ཕྲག་དུ་མའི་སྲོལ་རྒྱུན་གྷ་དྷི་མཱི་ཡི་དུས་ཆེན་ལ་སེམས་ཅན་འབུམ་ཕྲག་མང་པོ་དམར་མཆོད་གཏོང་རྒྱུའི་ལམ་སྲོལ་དེ་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070