སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མན་ཀུའུ་འབར་གས་དོན་རྐྱེན་ཁྲོད་ཀྱི་ཕྱོགས་བཞིའི་སངས་རྒྱས་ཀྱི་མཛེས་ལྗོངས་བསྐྱར་དུ་སྒོ་ཕྱེ།
སྤེལ་དུས། 2015-08-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  གཡང་སྒྲོལ།

ས་གནས་དེ་གའི ༢༠༡༥ ལོའི་ཟླ ༨ པའི་ཚེས ༡༩ ཉིན། ཐེ་ལན་མན་ཀུའུ་ཡི་འབར་མདེལ་གས་གཏོར་བྱུང་ཡུལ་ཕྱོགས་བཞིའི་སངས་རྒྱས་ཀྱི་ཡུལ་སྐོར་མཛེས་ལྗོངས་བསྐྱར་དུ་སྒོ་འབྱེད་འདུག  གསར་འགོད་པས་ཡུལ་དངོས་ནས་ཕྱོགས་བཞིའི་སངས་རྒྱས་ཀྱི་ཨོལ་སྒོའི་གཡས་ལོགས་དང་ཕྱག་གཡས་པར་གཏོར་སྐྱོན་ཐེབས་ཡོད་པ་མཐོང་།

 

གསར་འགོད་པས་ཡུལ་དངོས་ནས་ཕྱོགས་བཞིའི་སངས་རྒྱས་ཀྱི་ཨོལ་སྒོའི་གཡས་ལོགས་ཀྱི་ཕྱོགས་སུ་གཏོར་སྐྱོན་ཐེབས་ཡོད་པ་དང་། ཕྱག་བརྒྱད་ལས་ཕྱག་གཡས་པ་གཅིག་ལ་གཏོར་སྐྱོན་ཕྲ་མོ་ཐེབས་ཡོད་པ་མཐོང་།  གཞན་ཡང་གསར་ལམ་དུ་བཀོད་པ་ལྟར་ན།  ཐེ་ལན་རྒྱལ་ཁབ་མཛེས་རྩལ་སྡེ་ཚན་གྱི་ལྷ་བཟོ་བས་ཕྱོགས་བཞིའི་སངས་རྒྱས་ཀྱི་གཏོར་སྐྱོན་ཐེབས་གནས་ལ་སྔར་བས་ཞིབ་དཔྱད་དང་ཞིག་གསོ་གནང་རྒྱུ་རེད་འདུག

 

མི་མི་ཉུང་བ་ཞིག་འབར་གས་དོན་རྐྱེན་བྱུང་ཡུལ་དུ་སླེབས་ནས་ཚེ་འདས་རྣམས་ལ་མེ་ཏོག་འབུལ་བའམ་སྨོན་ཚིག་ཕུལ་བཞིན་འདུག་ཅིང་།  དེའི་ཁྲོད་ཀྱི་ཤོག་བྱང་ཞིག་གི་སྟེང"ཀྲུང་གོས་ཤུགས་རྒྱོབ"ཅེས་བྲིས་འདུག

རྒྱུས་ལོན་བྱུང་པ་ལྟར་ན། མན་ཀུའུ་འབར་གས་དོན་རྐྱེན་ཁྲོད་ནང་ལོགས་ཀྱི་མི ༤ དང་ཤང་ཀང་གི་མི ༢ འདུས་པའི་ཀྲུང་གོ་བ ༦ གི་ཚེ་སྲོག་ཤོར་འདུག མིག་སྔར་སྔར་བཞིན་ཀྲུང་གོ་བ༢༢ཀྱིས་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་ཅིང་། མི་གཅིག་ལ་ད་དུང་འབྲེལ་ལམ་ཆད་འདུག

བུ་མོ་ཞིག་དོན་རྐྱེན་འབྱུང་ཡུལ་དུ་འོངས་ནས་ཚེ་འདས་རྣམས་ལ་བདུག་སྤོས་མཆོད་འབུལ་བྱེད་ཀྱིན་པ།

མང་ཚོགས་རྣམས་དོན་རྐྱེན་འབྱུང་ཡུལ་དུ་འོངས་ནས་ཚེ་འདས་རྣམས་ལ་མཆོད་འབུལ་བྱེད་ཀྱིན་པ།

མང་ཚོགས་རྣམས་དོན་རྐྱེན་འབྱུང་ཡུལ་དུ་འོངས་ནས་ཚེ་འདས་རྣམས་ལ་མཆོད་འབུལ་བྱེད་ཀྱིན་པ།

མང་ཚོགས་རྣམས་དོན་རྐྱེན་འབྱུང་ཡུལ་དུ་འོངས་ནས་ཚེ་འདས་རྣམས་ལ་བདུག་སྤོས་མཆོད་འབུལ་བྱེད་ཀྱིན་པ།   ཐེ་ལན་གྱི་སྲིད་བློན་པཱ་ཡེ་ཡིས་ཚེས ༡༨ ཉིན། ཕྱོགས་བཞིའི་སངས་རྒྱས་ཀྱི་འབར་གས་དོན་རྐྱེན་ནི་རྒྱལ་ཁབ་དེ་གའིལོ་རྒྱུས་ཐོག་ཆེས་ཚབས་ཆེ་བའི་འཇབ་རྒོལ"དུ་ངོས་འཛིན་བྱས་ཡོད་པ་མ་ཟད། ནུས་ཤུགས་ཡོད་རྒུས་ཉེས་ཅན་འཛིན་བཟུང་བྱེད་པར་ཁས་ལེན་གནང་འདུག

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070