སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སོག་པོའི་ལོ་ངོ ༤༠༠༠ གི་སྲོལ་རྒྱུན་རིག་གནས་ལ་རྗེས་འཛིན་པ་མི་འདུག
སྤེལ་དུས། 2015-08-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  མགོན་པོ།

ཝ་ཤིང་ཐོན་སྦྲགས་ཚགས་ཀྱིས་སྤེལ་དོན། སོག་པོའི་ཨར་ཐེ་རི་བོའི་རྒྱུད་དུ་བྱ་རྒོད་ཀྱིས་རི་དྭགས་རྔོན་པའི་ཚོ་བ་ཞིག་ཡོད་འདུག སེམས་ཅན་རྔོན་ཚར་རྗེས་བྱ་རྒོད་ལ་གཟེངས་རྟགས་སུ་རི་དྭགས་ཀྱི་གློ་བ་སྟེར་བཞིན་པ།

བྱ་རྒོད་ཀྱི་སྡེར་མོར་སྤྲས་པའི་ཀོ་ཐུམ་གྱི་རྒྱན་ཆ།

  བྱ་རྒོད་དེ་ཆུང་དུས་ནས་བཟུང་སྦྱོང་བརྡར་བྱེད་དགོས་པ་དང་། བདག་པོ་དང་བྱ་རྒོད་བར་ལ་ཕན་ཚུན་ཡིད་ཆེས་ཡོང་ཐུབ་པ་བྱེད་དགོས་ཀྱི་ཡོད། རྒོད་གཅིག་སྦྱོང་བརྡར་བྱེད་པར་ལོ ༣ ནས ༤ དགོས་པ་དང་། མགོ་མཇུག་བར་གསུམ་དུ་མི་གཅིག་གིས་མ་གཏོགས་སྦྱང་བརྡར་བྱེད་ཆོག་གི་མེད།

  བྱ་རྒོད་ཀྱིས་རྔོན་པའི་སྲོལ་རྒྱུན་འདིར་ལོ་ངོ ༤༠༠༠ ཙམ་གྱི་ལོ་རྒྱུས་ཡོད་པ་དང་། ད་ཆ་སྲོལ་རྒྱུན་འདིར་རྗེས་འཛིན་མེད་པར་ངོ་མནོང་དགོས་པའི་ཚད་ལ་ལྷུང་འདུག  མིག་སྔར། འཛམ་གླིང་ཡོངས་ལ་བྱ་རྒོད་གསོ་སྦྱོང་བྱེད་མཁན་མི ༧༠ ལས་ལྷག་མེད་པ་རེད། ཨར་ཐེ་རི་རྒྱུད་དེ་ཕྱིའི་སྤྱི་ཚོགས་དང་འབྲེལ་ཐག་རིང་བས། སྲོལ་རྒྱུན་འདི་ད་གཟོད་རྒྱུད་འཛིན་བྱེད་ཐུབ་འདུག

བྱ་རྒོད་ཀྱི་ཚེ་ཚད་ལོ ༤༠ ཡིན། འབྲོག་པ་ཁོ་ཚོར་མཚོན་ན་རྔོན་རྒོད་དེ་གཉེན་ཉེ་འདྲ་པོར་ཆགས་ཡོད།

བྱ་རྒོད་ཀྱིས་རི་དྭགས་རྔོན་མི་ཐུབ་པའི་སྐབས་སུ་ཁོའི་ཚེ་ཚད་ལ་ལོན་པའི་རྟགས་རེད་ཅེས་རྒན་པ་ཚོར་ལབ་རྒྱུན་ཞིག་ཡོད་འདུག

ཨ་ཞོལ་ཕན་ལོ ༡༣ ཡིན་པ་དང་། མོ་རང་གི་པ་ལགས་ནི་བྱ་རྒོད་གསོ་སྦྱོང་བྱེད་པར་མཁས་པོ་ཡོད། ཕལ་ཆེར་མོ་རང་ནི་འཛམ་གླིང་སྟེང་ལྷག་པའི་སྲོལ་འཛིན་མི་སྣ ༧༠ ཁྲོད་ལས་བུད་མེད་གཅིག་པུ་དེ་རེད་འདུག

བྱ་རྒོད་ཀྱིས་རི་དྭགས་རྔོན་པ་འདི་ནི་སོག་པོའི་རྩ་ཐང་སྟེང་གི་སྲོལ་རྒྱུན་ཞིག་རེད་འདུག

རྔོན་ཡུལ་ཐག་རིང་ན་བདག་པོས་བྱ་རྒོད་ཁྲིད་དགོས་པ་མ་ཟད།ད་དུང་རྔ་མོང་ངམ་རྟ་ཁྲིད་དགོས་ཀྱི་ཡོད།

ཝ་མོ་རྔོན་ཐུབ་ཚེ་ཚོ་བ་ཡོངས་ཀྱིས་རྟེན་འབྲེལ་བྱེད་ངེས། ཝ་ལྤགས་ཀྱིས་ཁྱིམ་མིར་ལྭ་བ་བཟོ་ཐུབ་ཀྱི་ཡོད།

ཞོན་རྩལ་ནི་རྔོན་པར་ངེས་པར་དུ་མཁོ་བ་ཞིག་ཡིན་ལ། རྟས་ད་གཟོད་རྔོན་པ་རི་དྭགས་ཡོད་སར་ཁྲིད་ཐུབ་ཀྱི་ཡོད།

བྱ་རྒོད་ཀྱིས་སྤྱང་ཕྲུག་འཛིན་ཐུབ་མོད། དམིགས་ཡུལ་གཙོ་བོ་དེ་ནི་ཝ་མོ་དང་སེམས་ཅན་ཆུང་གྲས་དེ་དག་ཡིན།

  རྔོན་རྒོད་ཁྲིད་དེ་ཨར་ཐེ་རི་ལུང་དུ་རྔོན་པར་འགྲོ་བཞིན་པའི་ཕོ་གསར་གཉིས། ཁོ་ཚོར་མཚོན་ན་འདི་ནི་འཚོ་སྡོད་དང་འཁོར་བའི་འཚོ་རྟེན་དེ་རེད། རླུང་ནང་གི་མྱ་ངམ་ཐང་འདི་འདྲ་པར་ནང་དུ་དེ་བས་མཛེས།

  ཁ་བྱང་ཕྱི་མོ། སོག་པོའི་ལོ་ངོ ༤༠༠༠ གི་སྲོལ་རྒྱུན་རིག་གནས་ལ་རྗེས་འཛིན་པ་མི་འདུག

(རྩོམ་འགན་པ། དབང་འདུས།)

 

 

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070