སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
༢༠༦༠ ལོར་འཛམ་གླིང་ཡོངས་སུ་འཁྱག་འདོན་ནུས་ཁུངས་ཟད་ཚད་དེ་དྲོད་འདོན་ལས་བརྒལ་རྒྱུ་རེད།
སྤེལ་དུས། 2015-11-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
  སྔོན་དཔག་ལྟར་ན ༢༡༠༠ ལོར་སླེབས་དུས་འཛམ་གླིང་ཁྱོན་དུ་དྲོད་གྲང་སྙོམས་ཆས་ཁོ་ནའི་ནུས་ཁུངས་ཟད་ཚད་དེ་ད་ལྟའི་ལྡབ ༣༣ ཡིན་རྒྱུ་རེད།  Edieཡེ་ཏི་གསར་འགྱུར་དྲ་བས་བཀོད་པའི་ གནས་ཚུལ་ལྟར་ན། མི་རྣམས་ལ་དྲོ་གྲང་སྙོམས་ཆས་དང་འཁྱགས་སྒམ་གྱི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དང་བསྟུན། "འཁྱག་བཟོ" (འཁྱག་བཟོ་འཕྲུལ་ཆས་ཀྱིས་དྲོད་རླུང་ཕྱིར་གཏོང་དགོས་ཡོད་པས།)ནི་འཛམ་གླིང་ཡོངས་ཀྱིས་དྲོད་རླུང་ཕྱིར་གཏོང་བྱེད་པར་ཚོད་འཛིན་བྱེད་པའི་བཀག་རྒྱ་གསར་པ་ཞིག་ཏུ་འགྱུར་ཡང་སྲིད། 
  འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཡོང་འབབ་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན། ཕལ་ཆེར ༢༡༠༠ ལོར་འཛམ་གླིང་ཡོངས་སུ་དྲོ་གྲང་སྙོམས་ཆས་གཅིག་པུའི་ནུས་ཁུངས་ཟད་ཚད་ནི་ད་ལྟའི་ལྡབ ༣༠ ལ་འཕར་རྒྱུ་རེད། མིག་སྔར། ཨ་རིའི་དྲོ་གྲང་སྙོམས་ཆས་ཀྱི་གློག་སྤྱོད་ཚད་ནི་ཧ་ལམ་ཡ་གླིང་ཁྱོན་ཡོངས་ཀྱི་སྤྱོད་གྲངས་དང་གཅིག་མཚུངས་ཆགས་ཡོད་ལ། ཀྲུང་གོ་དང་རྒྱ་གར་གྱི་དྲོ་གྲང་སྙོམས་ཆས་ཀྱི་གློག་སྤྱོད་ཚད་ཀྱང་མགྱོགས་མྱུར་ངང་ཇེ་མཐོར་འཕར་གྱི་ཡོད་དེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་འཛམ་གླིང་ཡོངས་སུ་འཁྱག་འདོན་ནུས་ཁུངས་ཟད་ཚད་ནི་དྲོད་འདོན་ལས་བརྒལ་རྒྱུ་རེད།
  དེ་ཡང་འཁྱག་འདོན་ནི་སྔར་བཞིན་འགྱུར་རྡོའི་འབར་རྫས་གཙོར་བརྟེན་བྱེད་དགོས་ཡོད། ཟླ ༡༢ པར་བསྡུ་གྲབས་ཡོད་པའི་ཕ་རི་སིའི་གནམ་གཤིས་ཚོགས་ཆེན་སྟེང་དུ་སྲིད་གཞུང་གི་འཐུས་མི་དང་ཚན་རིག་པ་ཚོས་ འཁྱག་འདོན་བྱེད་པ་ཡིས་གོ་ལ་མུ་མཐུད་དུ་ཇེ་དྲོར་གཏོང་བའི་དངོས་ཡོད་གནད་དོན་སྐོར་ལ་དཔྱད་ཞིབ་གནང་རྒྱུ་རེད། དབྱིན་ཇིའི་བྷུར་མེན་ཧན་སློབ་ཆེན་གྱི་ནུས་ཁུངས་དང་འཁྱག་བཟོ་དཔལ་འབྱོར་རིག་པའི་འཚམས་འདྲིའི་དགེ་རྒན་ཆེན་མོ་ཐྲོ་པི་ཕུར་ཁྲི་སིས(TobyPeters) "ནུས་ཁུངས་སྐོར་གླེང་དུས། མི་མང་པོ་ཞིག་གིས་ཐོག་མར་དྲོད་རླངས་མཁོ་འདོན་དང་།  གློག་འོད།  འགྲིམ་འགྲུལ་བཅས་དྲན་སྲིད་མོད།  ཕྱིས་འབྱུང་འཁྱག་བཟོའི་ནུས་ཁུངས་ཟད་ཚད་དེ་སྔར་བས་ཇེ་དྲག་ཏུ་འགྲོ་རྒྱུའི་ཐད་ལ་བསམ་བློ་གཏོང་མཁན་ཉུང་ཉུང་རེད།  ང་ཚོའི་འཁྱག་བཟོ་བྱེད་སྟངས་ནི་སྔར་བཞིན་ལོ་བརྒྱའི་སྔོན་གྱི་ཆུ་ཚད་དུ་ལུས་ཡོད་པ་རེད "ཅེས་ཟེར།
  མིས་བཟོས་འཁྱག་འདོན་གྱི་ལོ་རྒྱུས་རིང་བོ་མེད་དེ།  སྡོད་ཁང་ནང་གི་དྲོ་གྲང་སྙོམས་ཆས་ཐོག་མ་ནི་༡༩༡༤ ལོར་གསར་གཏོད་བྱས་པ་དང་། ཁྱིམ་སྤྱོད་འཁྱག་སྒམ་ཐོག་མ་ཡང ༡༩༣༠ ལོར་གསར་གཏོད་གནང་པ་ནས ༡༩༦༥ ལོར་ད་གཟོད་དབྱིན་ཇིའི་རྒྱལ་ཁབ་ཡོངས་ཀྱི་ཁྱིམ་ཚང་སུམ་ཆའི་གཅིག་ལ་འཁྱགས་སྒམ་གཅིག་ཡོད་ཐུབ་པར་གྱུར། དེ་ལྟར་ནའང་དུས་རབས ༢༡ པའི་མི་རྣམས་ལ་མཚོན་ན་འཁྱག་བཟོ་ནི་རིམ་བཞིན་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་དང་། ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ལ་མཚོན་ན། མི་རྣམས་ཀྱིས་འཁྱགས་གྲང་འདོན་པར་བརྟེན་ཁང་པའམ་རླངས་འཁོར་ནང་དེ་བས་སྐྱིད་སྣང་དོད་པར་བྱེད། ཟས་རིགས་དང་སྨན་རྫས་ཉར་ཚགས་ལ་སོགས་བཟོ་ལས་ཐོན་སྐྱེད་དང་གཞི་གྲངས་ཚོད་འཛིན་ལྟེ་གནས་ཚང་མར་ཆ་རྐྱེན་འོས་འཚམ་མཁོ་སྤྲོད་བྱེད་དགོས་ལ། འཁྱག་འདོན་གྱི་དགོས་མཁོ་ནི་སྔར་བས་ཀྱང་ཇེ་མཐོར་འགྲོ་བའི་ཚད་དུ་སླེབས་ཡོད་པ་རེད།  དེའི་གནད་དོན་ཡང་། མིག་སྔའི་འཁྱག་བཟོའི་འཕྲུལ་ཆས་ཡོད་ཚད་ཀྱིས་སྔར་བཞིན་རླངས་པ་བཏང་ནས་འཁྱག་གྲང་བཟོ་བའི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལག་རྩལ་འདི་སྤྱོད་ཀྱི་ཡོད་པ་དང་། ལག་རྩལ་དེར་མིག་སྔར་རྒྱུན་སྤྱོད་ཀྱིས་ཨིང་ཧྥུལ་ཐེང་རིགས་ཀྱི་ཐོན་རྫས(HFCs)ཀྱི་རྫས་སྦྱོར་བརྒྱུད་དྲོད་ཚད་བསྡུ་ལེན་བྱེད་ཀྱི་ཡོད་པ་མ་ཟད་གློག་ཤུགས་འབོར་ཆེན་ཟད་ཀྱི་ཡོད་པ་རེད། 
  རྒྱ་གར་གྱི་བྷམ་བྷེའི་ས་ཁུལ་དུ། དྲོ་གྲང་སྙོམས་ཆས་ཀྱི་གློག་སྤྱོད་ཚད་ཀྱིས་ཕལ་ཆེར་གློག་སྤྱོད་ཚད་སྤྱིའི་བརྒྱ་ཆའི ༤༠ ཟིན་ཡོད་པ་དང་། སོ་ཏི་ཨ་རབ་ཏུ་དྲོ་གྲང་སྙོམས་ཆས་ཀྱིས་གློག་སྤྱོད་ཚད་ནི་དབྱར་དུས་གློག་སྤྱོད་ཚད་མཐོ་ཤོས་ཀྱི་ཕྱེད་ཀ་ལས་བརྒལ་ཡོད་ཅིང་། དེའི་ཆེད་ལོ་རེར་སྣུམ་ཟོ་དུང་ཕྱུར ༡༠ བཏང་ནས་གློག་འདོན་གྱི་ཡོད་པ་རེད། དབྱིན་ཇིར་དྲོ་གྲང་སྙོམས་ཆས་དང་འཁྱགས་སྒམ་གྱི་གློག་སྤྱོད་ཚད་ནི་གློག་སྤྱོད་ཚད་སྤྱིའི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད་པ་རེད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་ཨུ་ཡོན་ལྷན་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། ཁྱིམ་སྤྱོད་དྲོ་གྲང་སྙོམས་ཆས་ཀྱི་གློག་སྤྱོད་ཚད་ནི ༢༠༠༠ ལོའི་ཆུ་ཚོད་རེར་ཡེ་ཝ་ཁྲི ༣༠༠ ནས ༢༠༥༠ ལོའི་ཆུ་ཚོད་རེར་ཡེ་ཝ་ཁྲི ༤༠༠༠ ལ་འཕར་རྒྱུ་ཡིན་པ་དང་། དེ་བཞིན ༢༡༠༠ ལོར་སླེབས་དུས་སུ་སྔར་བས་ཀྱང་ཆུ་ཚོད་རེར་ཡེ་ཝ་ཁྲི ༡༠༠༠༠ ལ་འཕར་རྒྱུ་རེད་འདུག   ཧོ་ལན་གྱི་ཁོར་ཡུག་དཔྱད་ཞིབ་ཅུད་ཀྱིས་ཞིབ་འཇུག་སྔོན་དཔག་ལྟར་ན། སྤྱི་ལོ ༢༠༦༠ ལོར་སླེབས་དུས། འཛམ་གླིང་ཡོངས་སུ་འཁྱག་སྤྱོད་་ནུས་ཁུངས་ཟད་ཚད་ནི་དྲོད་རླངས་མཁོ་འདོན་ལས་བརྒལ་རྒྱུ་རེད།

  དེ་དང་ཆབས་ཅིག  དྲོ་གྲང་སྙོམས་ཆས་དང་འཁྱགས་སྒམ་ཀྱིས་སྦགས་བཙོག་ཉིས་བརྩེགས་བཟོ་སྲིད་དེ།  དེར་མཁོ་བའི་གློག་ཤུགས་ཀྱིས་གནམ་གཤིས་་དྲོད་འགྱུར་གྱི་འགྱུར་རྡོ་ཐོན་སྲིད་པ་མ་ཟད། དེའི་སྤྱོད་པའི་ཆིང་ཧྥུལ་ཐེང་དང་གྲང་བཟོའི་རྫས་སྦྱོར་ལས་ཐོན་པའི་རླུང་གཟུགས་ཀྱི་དྲོད་འགྱུར་ནུས་པ་ནི་དབྱང་གཉིས་ཐན་རྫས་ཀྱི་ལྡབ ༤༠༠༠ ལ་སླེབས་ཡོད་པ་རེད། ཕུར་ཁྲི་སིས"འཁྱག་བཟོ་ནི་ཧ་ཅང་གནད་འགག་གི་ལས་དོན་ཞིག་ཡིན་ནའང་དེར་བྱེད་ཐབས་ཡག་ཤོས་སྤྱོད་དགོས་རེད "ཟེར།   ཁོ་རང་ལྟར་ན་གློག་ཤུགས་ནི་འཁྱག་བཟོའི་ཐབས་མཆོག་དེ་ཡིན་མི་སྲིད་པར་མི་རྣམས་ཀྱིས་དེ་ལས་གོང་སླ་ཞིང་བསྐྱར་སྤྱོད་ཐུབ་པའི་ནུས་ཁུངས་སྤྱོད་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། འཁྱགས་རླུང་ཉར་འཇོག་དང་སྐྱེལ་འདྲེན་གྱི་བྱེད་ཐབས་ཀྱི་འཚོལ་དགོས་ཤིང་། གཞན་གཤེར་རླངས་ཇེ་ཉུང་དུ་གཏོང་པ་སོགས་ཐོན་སྐྱེད་གོ་རིམ་ཁྲོད་ཀྱི"འཁྱག་གྲང"གི་ནུས་ཁུངས་འཕྲོ་བརླག་གཏོང་པར་ཡང་བསམ་གཞིགས་བྱེད་དགོས་ཞེས་འདོད།  

  ཁ་བྱང་ཕྱི་མོ།  ༢༠༦༠ ལོར་འཛམ་གླིང་ཡོངས་སུ་འཁྱག་འདོན་ནུས་ཁུངས་ཟད་ཚད་དེ་དྲོད་འདོན་ལས་བརྒལ་རྒྱུ་རེད།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070