སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
སྤེལ་དུས། 2014-07-03   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

       རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་གཉིས་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་ལ་གཟབ་ནན་སྒོས་དག་ཐེར་དང་ལེགས་སྒྱུར་བྱེད་པར་བཀོད་སྒྲིག་བྱས་པ་དང་། གནས་སྐོར་ལས་རིགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས་ཤིང་། ཚན་རྩལ་གྲུབ་འབྲས་བཀོལ་སྤྱོད་དང་བཀོད་སྒྲིག ཁེ་ཕན་དོ་དམ་བཅོས་སྒྱུར་ཚོད་ལྟ་བཅས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་ཐག་བཅད།
  
ཚོགས་ཐོག་ནས་བསྟན་དོན།  མིག་སྔར།  ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཐད་ཀྱི་གཏོང་ཡོང་གཞན་དག་གི་རྩིས་བཤེར་སྙན་ཞུ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱས། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་ཕྱོགས་ལ་བྱ་བ་གསུམ་བསྒྲུབ་དགོས། གཅིག རྦད་ཆོད་སྒོས་དག་ཐེར་དང་བཅོས་སྒྱུར་ནན་མོ་བྱེད་དགོས། གཉིས། དག་ཐེར་དང་བཅོས་སྒྱུར་བྱས་པ་བརྒྱུད་ནས་འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ། ཡུན་རིང་ལ་ཕན་འབྲས་ལྡན་པའི་ནང་རྐྱེན་འཛུགས་དགོས་ཟེར།
  
ཚོགས་ཐོག་ནས་བལྟས་ན། གནས་སྐོར་ལས་རིགས་ནི་དེང་རབས་ཞབས་ཕྱི་ལས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན། གཅིག བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། གཉིས། གནས་སྐོར་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། གསུམ། གནས་སྐོར་ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་རྣམ་པ་ཇེ་མང་དུ་གཏོང་དགོས་པར་སྙམ།
  
ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་རང་བདག་གསར་སྐྲུན་དཔེ་སྟོན་ས་ཁུལ་དང་རང་བདག་གསར་སྐྲུན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་ནས་ཀྲུང་དབྱང་རིམ་པའི་ལས་དོན་ལས་ཁུངས་ཁ་ཤས་བདམས་ཏེ། དུས་ཡུན་ལོ་གཅིག་གི་ཚན་རྩལ་གྲུབ་འབྲས་བཀོལ་སྤྱོད་དང་བཀོད་སྒྲིག ཁེ་ཕན་དོ་དམ་བཅོས་སྒྱུར་ཚོད་ལྟ་བཅས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་ཐག་བཅད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070