སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྙི་ཕྲན་ཀུང་སིས་རྒྱུད་ཁོངས་རིམ་སྤར་མ Win10 གསར་དུ་བཀྲམ།
སྤེལ་དུས། 2015-07-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

ཟླ 7 པའི་ཚེས 29 ཉིན་གྱི་ཚན་རྩལ་ཆ་འཕྲིན། པེ་ཅིང་གི་དུས་ཚོད་ཟླ 7 པའི་ཚེས 29 ཉིན་གྱི་མཚན་མོའི་ཆུ་ཚོད 0000 ཐོག་སྙི་ཕྲན་ཀུང་སིས་དངོས་སུ་སྐམ་ས་ཆེན་མོ་ཚུད་པའི་གོ་ལ་ཡོངས་ཀྱི་འཛད་སྤྱོད་མཁོ་མཁན་ལ་སྙི་ཕྲན་མ་ལག Windows10 པའི་སྒྲིག་འཇུག་ཐུམ་སྒྲིལ་བཀྲམ་པ་དང་། Win7  དང Win8 གཉིས་ཀྱི་འཛད་སྤྱོད་པས་ཚེས 29 ཉིན་གྱི་ཆུ་ཚོད 0000 ཐོག་པར་གཞི་གསར་པ་རིན་མེད་རིམ་སྤར་བྱ་ཆོག་འདུག

གལ་ཏེ་ཁྱེད་ཀྱི་གློག་ཀླད་ཀྱི C སྡེར་ནང་དུ“﹩Windows.BT”ཡི་ཡིབ་སྐུང་ཡིག་ཆ་འཚོལ་རྙེད་ཐུབ་ཚེ་ཁྱེད་ཀྱིས་མངགས་འདེམས་བྱས་པའི Windows10 པར་གཞི་མི་མངོན་པའི་ཚུལ་གྱིས་ག་ལེར་གློག་ཀླད་ནང་ཕབ་འགོ་ཚུགས་པ་མཚོན། རིམ་སྤར་བྱས་རྗེས་ཁྱེད་ཀྱི་གློག་ཀླད་ཀྱི C སྡེར་ནང་དུ་ཡིག་ཆ་གསར་པWindows.old”ཞེས་པ་ཞིག་ཁ་སྣོན་བྱས་ཡོད་ཅིང་གལ་སྲིད་ཡིག་ཆ་དེར་འབྲི་སུབ་མ་བཏང་བར་རང་སོར་བཞག་ཚེ་གནས་སྐབས་གང་དུའང་རིམ་པ་མ་སྤར་གོང་གི་སྤར་གཞིར་རང་ལོག་བྱེད་ཐུབ།

མིག་སྔར་སྙི་ཕྲན་ཀུང་སིས Windows10 པའི་བཀོད་སྒྲིག་གི་པར་གཞིའི་རེ་བ་དམའ་ཤོས་དེ་ཁྱབ་བསྒྲགས་བྱས་པ་ཏེ། དེའང 1GHz སམ་དེ་ལས་མགྱོགས་པའི་སྒྲིག་གཅོད་ཆས། 1GBཀྱི་ནང་གསོག སྲ་སྡེར་ཤོང་ཚད16GBDirectX9པར་རམ་སྐྱོར་ནུས་པའི་མངོན་བྱང་། འབྱེད་ཕྱོད1024×600ཡིན་པའི་བརྙན་ཤེལ་བཅས་སོ། མདོར་ན་ཉིད་ཀྱི་གློག་ཀླད་ཐོག་དུས་རྒྱུན Windows7 ཐོག་མེད་དུ་སྤྱོད་ནུས་ན Windows10  པ་བཀོལ་སྤྱོད་བྱེད་པར་ཡང་དཀའ་ཚེགས་གང་ཡང་འཕྲད་མི་སྲིད།

ཤེས་གསལ་ལྟར Windows10 པར་སྔོན་མེད་ནུས་སྒོ་འགའ་ཤས་ཁ་སྣོན་བྱས་ཡོད་འདུག མངོན་གསལ་དོད་ཤོས་ནི་སྐད་སྒྲའི་ལག་རོགས་ཀྱི་ནུས་པ་གསར་པ་དེ་རེད། སྤྱོད་མཁན་གྱིས་སྐད་སྒྲའི་ལག་རོགས་ཀྱི་ཚོད་འཛིན་ལ་བརྟེན་ནས PC དང་ལེབ་པང་གློག་ཀླད་ཀྱི་ལས་ཆོད་མཐོར་འདེགས་གཏོང་ནུས་ལ་ཁ་པར་ངོས་ཀྱི་སྐད་སྒྲའི་ཚོད་འཛིན་ནུས་པ་དང་འདྲ་མཚུངས་ཀྱི་སྤྱོད་སྒོ་ཡོད་པ་རེད།  མིག་སྔར་སྐད་སྒྲའི་ཚོད་འཛིན་ལག་རོགས་ཀྱིས་ཡིག་ཆ་འཚོལ་བཤེར་བྱེད་པ་དང་། ས་བཀྲ་འཚོལ་བཤེར་བྱེད་པ། ཆ་འཕྲིན་འདྲི་རྩད་ཐུབ་པ་བཅས་ཀྱི་ནུས་གོ་ཆོད།  རྣམ་པ་གསར་རྐྱང་གི Edge བཤེར་ཆས་ལའང་དོ་སྣང་བྱ་ཡུལ་གྱི་རིན་ཐང་ཡོད་འདུག དེའང Edge བཤེར་ཆས་ཀྱིས་དྲ་ཐོག་ཏུ་མཆན་འགོད་བྱེད་ཞོར་དྲ་ཚིགས་བཤེར་ཀློག་བྱེད་ཆོག་པའི་ནུས་སྒོ་གསར་སྣོན་བྱས་ཡོད་པ་དང་། དྲས་རིས་ཀྱི་ནུས་པ་ལའང་སྟབས་བདེ་བའི་ཁྱད་ཆོས་མི་ཉུང་བ་ཡོད་པ་རེད། མཆན་འགོད་བྱས་པའི་ནང་དོན་རྣམས་གཞོགས་ངོས་ཀྱི་སྒེ་ཁུང་ལས་གློག་ཀླད་ནང་གསོག་ཉར་བྱེད་པའམ་མི་གཞན་ལ་མཉམ་སྤྱོད་བྱེད་ཆོག

གཞན་ཡང Windows10 པའི་ཐོག་ཏུ་ད་དུང་ངོས་ལེབ་ཀྱི་རྣམ་པ་ཁ་སྣོན་བྱས་ཤིང་། མཁོ་སྤྱོད་པས PC དང་ལེབ་པང་ངོས་གཉིས་ཀྱི་རྣམ་པའི་ཐོག་ཏུ་ཕན་ཚུན་རང་དགར་བརྗེ་འགྱུར་བྱེད་ཆོག་ལ་ངོས་ལེབ་ཀྱི་རྣམ་པའི་ཐོག་ཏུ་གཙོ་བོ་ཐུག་རེག་ཀྱི་ཚོར་སྣང་གསར་པ་ཉམས་སུ་མྱོང་ཆོག གོང་བརྗོད་ཀྱི་ནུས་སྒོ་གསར་པ་དག་འཕུད་གཞན་ཡང་ལས་འགན་དུ་མའི་འཐུད་ངོས་དང་ཅོག་ངོས་གསར་སྤེལ་བྱས་པ་སོགས་ཀྱང་ཤིན་ཏུ་སྨན་པའི་ཉེར་སྤྱོད་དོ།།

Windows10 པའི་སིལ་འཚོང་ཟླ 8 པའི་ཚེས 30 ཉིན་ནས་བཟུང་གཞུང་ཕྱོགས་དྲ་ཚིགས་དང་གཏན་འཁེལ་ས་ཚིགས་སུ་འགྲེམ་འཚོང་བྱ་རྒྱུ་ཡིན་ཞིང་མིག་སྔར་རྒྱ་ཡིག་དཔར་མའི Windows10 པའི་རིན་གོང་གཏན་འཁེལ་ཟིན་ཞིང་སྤྱིར་བཏང་པར་གཞིར་མ་ལག་རེར་དམངས་སྒོར 888 དང་རིམ་སྤར་མར་སྒོར 879.99 ། ཆེད་ལས་པར་གཞི་རེར་སྒོར 1799 བཅས་ཡིན་པ་རེད།

Win10 ཁྲོམ་རར་དངོས་སུ་བཀྲམ་པ་དང་དུས་མཚུངས་ས་གནས་ཁག་གི OEM བཟོ་གྲྭའི་ཐོན་རྫས་ཀྱང་ཡོངས་སུ Win10 པར་རིམ་སྤར་བྱས་ཤིང་། སྔོན་དཔག་ལྟར་ན་ཟླ 8 པའི་ནང་དུ་མ་ལག་གསར་པ་བླུགས་པའི་ཐོན་རྫས་རིགས་མི་འདྲ་བ 40 ལྷག་ཚོང་རར་དགྲམ་རྒྱུ་རེད།

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070