སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོ་ནས་ཆོས་བདག་ལག་རོགས་ཁྲིར་འདོན་མཛད་སྒོ་སྤེལ་བར་ཝ་ཐི་ཁན་ཆོས་བདག་ནས་མོས་མཐུན་བྱུང་།
སྤེལ་དུས། 2015-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

ཕྱི་ཟླ ༨ པའི་ཚེས ༤  ཉིན་ཨན་དབྱང་གྲོང་ཁྱེར་སྲང་ལམ་གཉིས་པའི་གནམ་བདག་ཆོས་ཁང་དུ།ཧོ་ནན་ཨན་དབྱང་གནམ་བདག་ཆོས་ཁུལ་གྱི་ཀྲང་དབྱིན་ལིན་གྱི་མཚན་ཅན་ཆོས་བདག་ལག་རོགས་པའི་ཁྲིར་འདོན་མཛད་སྒོ་སྤེལ།འདི་ནི ༢༠༡༢ ལོར་ཧྲང་ཧེ་ཡི་མ་ཏཱ་ཆན་ཁྲིར་འདོན་མཛད་སྒོ་སྤེལ་རྗེས་ཀྱི་ལོ་གསུམ་ནང་ཀྲུང་གོ་ནས་ཐོག་དང་པོ་སྤྱི་བསྒྲགས་ཀྱིས་མཛད་སྒོ་འདིའི་རིགས་སྤེལ་བ་ཡིན་འདུག་ལ།ཝ་ཐི་ཁན་རྒྱང་སྒྲོག་ཁང་ནས་བསྒྲགས་པ་ལྟར་ན"ཆོས་སྟོན"འདིར་ཝ་ཐི་ཁན་ཆོས་བདག་གྱིས་མོས་མཐུན་བྱུང་འདུག

 

ཀྲང་དབྱིན་ལིན་གྱིས་མཇལ་ཁ་ཞུ་བཞིན་པ།

ཕྱི་ཟླ ༨ པའི་ཚེས ༡༠ ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་དྲ་བར་བཀོད་པའི་གནས་ཚུལ་དུ། ཉེ་ལམ་ཨན་དབྱང་གྲོང་ཁྱེར་སྲང་ལམ་གཉིས་པའི་གནམ་བདག་ཆོས་ཁང་དུ་ཧོ་ནན་ཨན་དབྱང་གནམ་བདག་ཆོས་ཁུལ་གྱི་ཀྲང་དབྱིན་ལིན་མཚན་ཅན་ཆོས་བདག་ལག་རོགས་པའི་ཁྲིར་འདོན་མཛད་སྒོ་སྤེལ་ཞེས་དང་། མཛད་སྒོ་འདིར་ཆོས་ཁུལ་གྱི་ཆོས་བདག་ཀྲང་ཧོའེ་ཞིན་གྱིས་ཆོས་འགོ་མཛད་ལ། ཅང་སུའུ་ཧའེ་མིན་ཆོས་ཁུལ་གྱི་ཆོས་བདག་ཧྲིན་པིན་དང་། ཞུའུ་ཀྲུའུ་ཆོས་ཁུལ་གྱི་ཆོས་བདག་ཝང་རིན་ལེ།ཧྲན་ཏུང་ཀྲུའུ་སྡེའི་ཆོས་ཁུལ་གྱི་ཆོས་བདག་དབྱང་ཡུང་ཆིང་སོགས་ཟུར་ཞུགས་བྱས་ཡོད། གཞན་ཡང་ཨན་དབྱང་ཆོས་ཁུལ་དང་ཞིང་ཆེན་ཕྱི་ནང་ནས་འོང་བའི་ཆོས་དཔོན ༧༥ ལྷག་དང་དགེ་སྙེན་མ ༡༢༠ ཆོས་གྲོགས་ཀྱི་འཐུས་ཚབ་མི་སྣ ༡༥༠༠ ལྷག་ཆོ་ག་འདིར་ཞུགས་ཡོད་ལ།ཆོ་གོ་འདི་གཟབ་ནན་དང་དགའ་སྤྲོ།གོ་རིམ་ལྡན་པ་ཞིག་བྱུང་འདུག

ཆོ་ག་འདི་ནི་ཀྲུང་གོའི་གནམ་བདག་ཆོས་ཚོགས་ཀྱིདམ་པའི་ཆོས་བདག་བདམས་པའི་སྲོལ་ཡིགགི་འབྲེལ་ཡོད་གཏན་ཁེལ་ལྟར་སྤེལ་བ་ཡིན་ཞིང་། ངོ་ཐོག་དེ་ནས་ཀྲུང་གོའི་གནམ་བདག་ཆོས་ཚོགས་ཀྱི་བདམས་ཐོན་དཔང་ཡིག་ཀྱང་སྒྲོག་འདོན་བྱས། ལག་རོགས་གསར་བ་ཀྲང་དབྱིན་ལིན་གྱིས་ཀྱང་དེར་སྟུན་གྱིས་ཆོས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཅིང་། ཆོས་ཁུལ་གྱི་དད་ལྡན་པ་ཁྲིད་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་དང་རྒྱལ་ཁབ་གཅིག་གྱུར།སྤྱི་ཚོགས་བདེ་འཇགས། ཕྱོགས་ཡོང་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་འབད་འབུངས་བྱ་བའི་དམ་བཅའ་ཕུལ་འདུག

ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་ཚོགས་པ་སོ་སོའི་ལས་སྣེ་བ་དང་།ཀྲུང་དབྱང་འཐབ་ཕྱོགས་པུའུ། རྒྱལ་ཁབ་ཆོས་ལུགས་ཅུ། ཞིང་ཆེན་དང་གྲོང་ཁྱེར་གྱི་འཐབ་ཕྱོགས་དང་ཆོས་ལུགས་འགན་འཛིན་པ་ཡུལ་དངོས་སུ་བསྐྱོད་དེ་རྟེན་འབྲེལ་ཞུས།

ཀྲུང་གོའི་གནམ་བདག་ཆོས་ལུགས་དྲ་བའི་གསལ་བཤད་དུ། ཀྲང་དབྱིན་ལིན་ནི ༡༩༧༡ ལོའི་ཟླ ༣ པའི་ཚེས ༢༧ ཉིན་ལིན་ཀྲུའུ་གྲོང་ཁྱེར་ཡོན་ཁཱང་གྲོང་བརྡལ་ཐེན་ཅ་ཅིན་ཡུལ་ཚོའི་གནམ་བདག་ཆོས་དང་འབྲེལ་བ་ཡོད་པའི་ཁྱིམ་ཚང་ཞིག་ནས་འཁྲུངས་ཤིང་། ཆུང་དུས་ཀྱི་ཆོས་མཚན་དུ་རོ་སི་ཞེས་བཏགས། ༡༩༩༦ལོར་ཀྲུང་གོའི་གནམ་བདག་ཆོས་ལུགས་མཚན་ཉིད་སློབ་གླིང་ནས་མཐར་ཕྱིན། ལོ་དེའི་ཟླ ༨ པའི་ཚེས ༡༧ ཉིན་ཆོས་འཆད་པར་བདམས་ཐོན་བྱུང་། ༢༠༡༡ལོར་ཧོ་ནན་གནམ་བདག་ཆོས་ལུགས་ཀྱི་ཆོས་དོན་ཨུ་ཡོན་ཁང་གི་ཀྲུའུ་རེན་གཞོན་པར་བདམས། ༢༠༡༣ལོར་ཧོ་ནན་སྐབས་བཅུ་གཉིས་པའི་སྲིད་གྲོས་སུ་བདམས། ༢༠༡༥ ལོའི་ཟླ ༤ པའི་ཚེས ༢༩ ཉིན་ཨན་དབྱང་གནམ་བདག་ཆོས་ཁུལ་ཀྱི་ཆོས་བདག་ལག་རོགས་པར་བསྐོས།

ཝ་ཐི་ཁན་རྒྱང་སྒྲོག་ཁང་གིས་བསྒྲགས་དོན།"གསར་དུ་བསྐོས་པའི་གནམ་བདག་ཆོས་ལུགས་ཀྱི་ལག་རོགས་འདི་ད་ལོར་དགུང་ལོ ༤༤ ཡིན་ལ། འདིའི་ཡར་སྔོན་ཆོས་ཁུལ་འདིའི་ཆོས་བདག་གཞོན་པ་ཡིན། ད་ལོའི་ཟླ ༤ པའི་ཚེས ༢༨ ཉིན་ཆོས་བདག་ཏུ་བསྐོས་ཤིང་། ཆོས་ཚོགས་ནས་ཁས་ལེན་ཐོབ་ཡོད།སྤྱིར་ཡིན་ན་ཆོ་ག་འདི་ཟླ ༧ པའི་ཚེས ༢༩ ཉིན་སྤེལ་རྩིས་ཡོད་མོད། ཆོས་ཁུལ་གྱི་མོས་འདུན་ལྟར་ཆོས་འཆད་པའི་མིག་དཔེ་མཆོག་གྱུར་ཧྲིན་ཝེ་ཡ་ན་ཆོས་དཔོན་རྗེས་དྲན་ཉིན་མོར་སྟེ་ཟླ ༨ པའི་ཚེས ༤ བར་ཕྱིར་ནུར་བྱས"པ་ཡིན་ཟེར།

ཀྲང་དབྱིན་ལིན།

ཨན་དབྱང་ཆོས་ཁུལ་རགས་བཤད།

༡༨༨༢ ལོའི་ཟླ ༨ པའི་ཚེས ༢༨ ཉིན། ཧོ་ནན་ཚབ་བྱེད་ཆོས་ཁུལ་དེ་ཧོ་ནན་ལྷོ་དང་བྱང་ཚབ་བྱེད་ཆོས་ཁུལ་གཉིས་སུ་དབྱེ། ཞི་ཨན་མན་ཆོས་བདག་གིས་བྱང་ཚབ་བྱེད་ཆོས་ཁུལ་བདག་ཏུ་བཟུང་མོད།དངོས་སུ་དབུ་བཞུགས་མ་མཛད་དོ།

༡༨༨༤ ལོར་སི་ཏི་ཝང་ཧོ་ནན་བྱང་ཕྱོགས་ཚབ་བྱེད་ཆོས་ཁུལ་གྱི་མཚན་འཛིན་པ་དང་། ཆོས་ཁང་གཙོ་བོར་ལིན་རྫོང་ཐེན་ཅ་ཅིན་ཡུལ་ཚོ་རུ་གནས།

༡༨༩༠ ལོར་ཆོས་ཁང་གཙོ་བོ་ལིན་རྫོང་ཐེན་ཅ་ཅིན་ཡུལ་ཚོ་ནས་ལིན་རྫོང་ཞའོ་ཀྲའང་ཡུལ་ཚོ་རུ་སྤོས།

༡༩༢༤ ལོའི་ཟླ ༡༢ པའི་ཚེས ༣ ཉིན།ཧོ་ནན་བྱང་ཕྱོགས་ཚབ་བྱེད་ཆོས་ཁུལ་གྱི་མཚན་ཝེ་ཧོའེ་ཧྥུ་ཚབ་བྱེད་ཆོས་ཁུལ་དུ་བསྒྱུར།

༡༩༤༦ ལོའི་ཟླ ༤ པའི་ཚེས ༡༡ཉིན། ཝེ་ཧོའི་ཧྥུ་ཚབ་བྱེད་ཆོས་ཁུལ་དེ་ཝེ་ཧོའེ་ཧྥུ་ཆོས་ཁུལ་དུ་འཕར།

༡༩༢༤ ལོར་ཀྲུང་གོ་གཏན་ཕབ་བྱས་པའི་ཆོས་ཁུལ་མིང་འདོགས་པའི་རྩ་དོན་ལྟར ༡༩༥༣ ལོར་ཝེ་ཧོའེ་ཧྥུ་ཆོས་ཁུལ་དེ་ཨན་དབྱང་ཆོས་ཁུལ་དུ་བསྒྱུར། མིག་སྔར་ཨན་དབྱང་ཆོས་ཁུལ་དུ་དད་ལྡན་ཁྲི་ལྔ་ལྷག་དང་ཆོས་དཔོན ༣༦ དགེ་སྙེན་མ ༡༢༠ ལྷག ཆོས་ཁུལ་སྒྲུབ་ཁང་ཆེན་མོ་ཡི་སྒོམ་མཁན ༤ ཡོད་དོ།

མཆན། སྤྱི་བའི་ཚབ་བྱེད་ཆོས་ཁུལབསྡུས་མིང་ཚབ་བྱེད་ཆོས་ཁུལ།ལ་ཏིང་སྐད་དུ:Vicario Apostolicoཞེས་བྲིས་འདུགནི་གནམ་བདག་ཆོས་ཚོགས་ཀྱི་ཆོས་ལུགས་དོ་དམ་སྡེ་ཁག་ཅིག་ཡིན་ལ། དེ་ནི་ཆོས་ཁུལ་འཛུགས་པར་ཆ་རྐྱེན་མི་འདང་པའི་ཆོས་སྤེལ་ས་ཁུལ་ནས་བཙུགས་ཤིང་། གནས་སྐབས་རང་བཞིན་ལྡན་ན་ཡང་དུས་རབས་གཅིག་ལྷག་ལ་གནས་པའང་ཡོད། དེས་དམིགས་ཡུལ་གཙོ་བོ་ནི་གནམ་བདག་ཆོས་དད་པ་ཚད་ངེས་ཅན་དུ་བསླེབས་རྗེས་ཆོས་ཁུལ་འཛུགས་རྒྱུ་དེའོ། །

ཁ་བྱང་ཕྱི་མོ། ཀྲུང་གོ་ནས་ཆོས་བདག་ལག་རོགས་ཁྲིར་འདོན་མཛད་སྒོ་སྤེལ་བར་ཝ་ཐི་ཁན་ཆོས་བདག་ནས་མོས་མཐུན་བྱུང་།

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070