སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སློབ་གསོ་སྡེ་ཁག་ཏུ་ཨེ་ཙི་ཚོད་འཛིན་བརྡ་ཁྱབ་ལམ་ལུཊ་གསར་དུ་འཛུགས་རྒྱུ་རེད།
སྤེལ་དུས། 2015-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་སློབ་གསོ་པུའུ་གཉིས་ལྷན་འབྲེལ་ཐོག་བརྡ་ཐོ་སྤེལ་ཏེ། སློབ་གསོ་སྡེ་ཁག་ཏུ་ཨེ་ཙི་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་ཀར་ཤུགས་སྣོན་རྒྱག་ཆེད་དམིགས་སུ་བཀར་ནས་སློབ་གྲྭའི་རིམས་ནད་བརྡ་ཁྱབ་ལམ་ལུགས་གསར་དུ་འཛུགས་རྒྱུ་ཡིན་འདུག བླང་བྱ་ལྟར་ན། ས་གནས་ཁག་ཏུ་རང་མོས་སྒོས་ཨེ་ཙི་རིམས་ནད་བརྟག་དཔྱད་དང་བློ་འདྲིའི་ཁུལ་བཙུགས་ཏེ་ཨེ་ཙི་འགོས་སླའི་སློབ་མའི་ཚོགས་ལ་མ་སྐུལ་དང་བླངས་ཐོག་རིམས་ནད་བརྟག་དཔྱད་ཀྱི་སློབ་སྟོན་བྱས་ཏེ་ནད་རྟགས་ཐོན་པ་དང་མ་ཐོན་པའི་ཨེ་ཙིའི་འགོས་ནད་ཅན་ལ་སྤྱོད་ལམ་བག་ཡོད་ཀྱི་ཞབས་ཞུ་བསྒྲུབ་དགོས་ཞེས་བརྗོད།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་འགོ་འཛིན་གྱིས་དེ་དོན་གསལ་འགྲེལ་བྱས་པར། སློབ་གསོ་སྡེ་ཁག་དང་ལྷག་པར་མཐོ་སློབ་ཀྱི་ཨེ་ཙི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འདོད་ཐོག་ཏུ་མ་འཁེལ་བའི་སྣང་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཐོན་ཡོད་པ་སྟེ། ས་གནས་འགའ་རེའི་མཐོ་སློབ་ཀྱི་སློབ་མའི་ཁྲོད་ན་ཨེ་ཙི་འགོས་ཚབས་ཇེ་ཆེར་འགྲོ་བཞིན་པའི་དོན་དངོས་ནི་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་པའི་བར་དུ་བརྒྱུད་འགོས་ཤུགས་ཆེར་འགྲོ་བ་ལས་བསྐྱེད་པ་རེད། ཚན་པ་ཁག་གི་བར་དུ་རིམས་ནད་ཀྱི་གནས་ཚུལ་ཆ་འཕྲིན་དུས་ཐོག་ཏུ་མ་རྟོགས་པའམ་ཡང་ན་མ་འཕྲོད་པའི་དབང་གིས་སློབ་གྲྭ་རེ་ཟུང་གི་ཨེ་ཙི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་རྗེས་ལུས་ཡིན་པ། སློབ་མའི་རང་སྲུང་གི་འདུ་ཤེས་སྐྱོ་པོ་ཡིན་པ་སོགས་རེ་བ་དང་དོན་དངོས་ལྟག་སྤྲོད་དུ་གྱུར་པའི་གནས་བབ་ཞན་པོར་ལུས་ཡོད་ཅེས་ཟེར།

བརྡ་ཐོའིབླང་བྱའི་ནང་སྙིང་ནི་ས་གནས་ཁག་ཏུ་སློབ་གྲྭའི་ཨེ་ཙིའི་རིམས་ནད་སྔོན་འགོག་ཐད་ཀྱི་དྲིལ་སྒྲོག་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་བའི་རྨང་གཞིའི་ཐོག་རིམས་ནད་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དུས་བཀག་གྲོས་ཞིབ་བྱེད་པའི་ལམ་ལུགས་གསར་འཛུགས་བྱ་རྒྱུ་རེད། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའའི་སྲིད་འཛིན་གཞུང་སྒྲུབ་ཚན་པས་མ་མཐར་ལོ་ཕྱེད་ནས་ས་གནས་སློབ་གསོའི་སྲིད་འཛིན་ཚན་པར་ཁོངས་གཏོགས་སློབ་མའི་ཨེ་ཙིའི་རིམས་ནད་གནས་ཚུལ་ཀྱི་བརྡ་ཁྱབ་བཏང་ནས་འགོས་ནད་ཀྱི་རྒྱུ་དང་རྐྱེན་ལ་ཞིབ་འཇུག་བགྱི་ཏེ་ལས་ཀའི་ཁྲོད་ཀྱི་མི་འགྲིག་པ་དང་མི་འཚམས་པའི་གནད་དོན་ཐག་གཅོད་བྱས་ནས་ཨེ་ཙི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་དང་ལག་ལེན་གཏན་འབེབས་བྱ་རྒྱུ་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཁག་གིས་ས་གནས་འཕྲོད་བསྟེན་ཚན་པ་དང་སློབ་གསོ་སྲིད་འཛིན་ཚན་པའི་གཞོགས་འདེགས་ཁྲིད་སྟོན་འོག་ཁོངས་གཏོགས་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས། ཚོགས་འདུའི་གྲོས་ཞིབ་དང་རིམས་ནད་བརྡ་ཁྱབ་ཀྱི་ཐབས་ལམ་བརྒྱུད་འབྲེལ་ཡོད་སློབ་གྲྭར་རང་སློབ་མའི་ཨེ་ཙི་རིམས་ནད་ཀྱི་གནས་སྟངས་ཇི་འདྲ་ཡིན་པ་ཤེས་སུ་བཅུག་སྟེ། སློབ་གྲྭས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་པ་དང་ལྷན་དུ་རྣག་ཐོག་གཙག་འཁེལ་གྱི་བྱ་ཐབས་ལག་ཏུ་བསྟར་དགོས་པ་དང་དུས་ཐོག་ཏུ་ས་གནས་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་དགོས།

མཐོ་སློབ་ཁག་གིས་ཨེ་ཙི་རིམས་ནད་སྔོན་འགོག་གི་དྲིལ་སྒྲོག་སློབ་གསོའི་ཁྱབ་ཚད་དང་དམིགས་ཚད་མཐོར་འདེགས་གཏོང་དགོས་པ་དང་ས་གནས་སློབ་གྲྭ་ཁག་ཏུ་སློབ་གྲྭའི་ཨེ་ཙིའི་རིམས་ནད་སྔོན་འགོག་གི་སློབ་གསོའི་བྱ་ཐབས་ཁག་ལག་བསྟར་ནན་ཏན་བྱེད་དགོས་ཤིང་། ལྷག་པར་དམའ་འབྲིང་གི་ཆུ་ཚོད ༦ དང་མཐོ་འབྲིང་གི་ཆུ་ཚོད ༤ ཡི་ཨེ་ཙི་རིམས་ནད་སློབ་གསོ་དུས་ཚོད་འཆར་ཅན་བེད་སྤྱོད་ལེགས་པོ་བྱེད་དགོས།  གཞན་ཡང་མཐོ་སློབ་དང་འབྲིང་རིམ་ལག་རྩལ་སློབ་གྲྭའི་སློབ་འགོ་ཚུགས་སྐབས་ཨེ་ཙི་རིམས་ནད་ཀྱི་སློབ་གསོའི་དྲིལ་སྒྲོག་ཤོག་བྱང་མཁོ་སྤྲོད་བྱེད་པ་དང་། སློབ་མ་གསར་པར་དུས་ཡུན་ཆུ་ཚོད ༡ ལས་མི་ཉུང་བའི་ཨེ་ཙིའི་རིམས་ནད་ཕྱོགས་བསྡུས་འགོག་སེལ་གྱི་རྒྱུན་ཤེས་སློབ་སྟོན་བྱེད་པའི་འགན་འཁྲི་དོན་འཁྱོལ་ཐུབ་པ་བྱས་ཏེ། མཐོ་སློབ་གྱིས་སློབ་ལོ་གཅིག་གི་ནང་དུ་སློབ་སྡོད་སློབ་མའི་དུས་ཡུན་ཆུ་ཚོད་གཅིག་རིང་གི་རིམས་ནད་འགོག་སེལ་གྱི་འཆད་འཁྲིད་འགན་སྲུང་བྱེད་དགོས།

བརྡ་ཐོཡི་ནང་དུ་ནན་བཤད་གནང་བར།  ས་གནས་ཁག་ཏུ་ཨེ་ཙི་སྔོན་འགོག་གི་སློབ་གསོ་དང་ཕོ་མོའི་བདེ་སྲུང་སློབ་གསོ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྐབས་མི་འདྲ་བའི་སློབ་མའི་ལུས་པོའི་འཚར་ལོངས་དང་མཐུན་ལ་སེམས་ཀྱི་གོ་རྟོགས་དང་ཡང་འཚམས་པའི་ཕོ་མོའི་རང་སྲུང་ཤེས་བྱ་དྲིལ་སྒྲོག་བྱ་དགོས་ཤིང་ཁྱིམ་བདག་གིས་བུ་ཕྲུག་ལེགས་ཞན་ཞེ་ཕྱོགས་ཀྱི་རིན་ཐང་འདུ་ཤེས་གྲུབ་རིམ་དུ་ནུས་པ་གང་ལེགས་འདོན་དགོས་ཞེས་ཟེར།

མཐོ་སློབ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་དཔྱོད་ཁང་། སློབ་མའི་ལས་བྱ་ཁང་། གུང་གཞོན་སྡེ་ཚོགས་རྩ་འཛུགས། སློབ་གྲྭའི་སྨན་ཁང་བཅས་ཀྱིས་ལྷན་དུ་ཨེ་འགོག་ཚོད་འཛིན་གྱི་ལས་བགོས་རོགས་སྒྲུབ་བྱ་བ་ཚགས་ཚུད་པ་སྤེལ་ནས། སློབ་མའི་ཨེ་འགོག་ཧུར་སེམས་མཐོར་འདེགས་ཀྱིས་ན་གཞོན་དང་བླངས་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཨེ་ཙི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་འགུལ་ཁག་ལ་མི་དངོས་གནས་གསུམ་གྱི་རོགས་སྐྱོར་བྱ་དགོས།

ཨེ་ཙི་བརྟག་དཔྱད་དང་བློ་འདྲིའི་ཁུལ་བཙུགས་ཏེ་རིམས་ནད་འགོས་སླའི་སློབ་མར་བརྟག་དཔྱད་ཀྱི་སློབ་སྟོན་བྱས་ཏེ་ནད་རྟགས་ཐོན་པ་དང་མ་ཐོན་པའི་ཨེ་ཙིའི་འགོས་ནད་ཅན་ལ་ཚུལ་མཐུན་ཞབས་ཞུ་བསྒྲུབ་དགོས་ཤིང་རིམས་ནད་ཚོད་འཛིན་ཚན་པས་སློབ་གྲྭའི་གཞོགས་འདེགས་འོག་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་པ་ཡོད་རིགས་སྤྱོད་ལམ་ཡོ་བསྲང་གི་ལམ་དུ་འཁྲིད་གང་ཐུབ་བྱེད་དགོས། དེ་བས་གསོ་བཅོས་བྱ་ཆོག་པའི་ནད་པར་ལུས་སེམས་གཉིས་ཀྱི་ཕན་བསྐྱེད་ཀྱི་རྒྱུར་གྱུར་པའི་སྨན་བཅོས་ཞབས་ཞུ་གང་ལེགས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ཀྱང་བརྗོད་འདུག །

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070