སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧྲའོ་ལིན་གྲྭ་པ་ན་རེ། ང་ཚོ་ཡང་མི་ཡིན་ཕྱིར་ཅིའི་ཕྱིར་ཁ་པར་དང་རླངས་འཁོར་བཀོལ་མི་ཆོག
སྤེལ་དུས། 2015-08-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

  ཧྲའོ་ལིན་དགོན་པའི་དབུ་མཛད་ཧྲེ་ཡུང་ཤིན་གྱི་འཚོ་བའི་སྤྱོད་ལམ་དང་དགོན་གཞུང་གི་རྒྱུ་དངུལ་ཧམ་བཟུང་བྱས་པའི་དོགས་ཉེས་ཀྱིས་ཉེ་ལམ་ཁོའི་ཉེ་འབྲེལ་གྱིས་ཁོ་པ་གཅིག་མཇུག་གཉིས་མཐུད་དུ་ཐེར་འདོན་བྱས་པ་དྲ་ཐོག་ཏུ་མེ་སྟག་བཞིན་མཆེད་དེ་མཐར་སྨྱན་ལམ་གྱི་གནམ་ས་བཀང་ཅིང་མ་གཞི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཞི་བ་བསམ་གཏན་སྒྲུབ་གནས་དེ་རེ་ཞིག་གླེང་བརྗོད་ཀྱི་ཀློང་འཁོར་དུ་ཚུད་པར་གྱུར་རོ། །

            

 

  ཤོག་བུས་མེ་མི་ཁོབས་པའི་དཔེ་བཞིན་ཆོས་དོན་ལས་ཁུངས་ཀྱང་རང་རྣ་རང་གིས་བཀབ་ཏེ་འདུག་ཐབས་མ་བྱུང་ཞིང་མཐར་ཧྲེ་ཡུང་ཤིན་གྱིས་མིག་སྔར་གོང་རིམ་གྱི་བརྟག་དཔྱད་དང་ལེན་བྱེད་བཞིན་མཆིས་སོགས་ཀྱི་བཤད་ཡམས་སྣ་ཚོགས་ཀྱང་ཀུན་གྱི་རྣ་ལམ་དུ་བརྒྱུད་ནས་བརྒྱུད་དུ་གྲགས་རྒྱུ་འདུག དགོན་པའི་གནས་ཡུལ་དངོས་སུ་བཅར་འདྲིར་བསྐྱོད་པའི་གསར་འགོད་པ་དག་ལ་དབུ་མཛད་སྐུ་ངོ་མས་མཇལ་ངོ་མི་སྟོན་པས་བྱ་ཐབས་ཟད་དེ་དགེ་འདུན་པ་དཀྱུས་མ་དང་དགོན་པའི་ཉེ་འཁོར་གྱི་མི་སེར་ཚོས་ཧྲའོ་ལིན་དགོན་པའི་དོན་རྐྱེན་ལ་ལྟ་ཚུལ་ཅི་ཞིག་འཛིན་གྱིན་ཡོད་པ་ཤེས་པར་བྱའོ།

 

  མཐོང་སྣང་ངོས་ཀྱི་རླུང་ཞི་རླབས་འཇགས་ཀྱི་ཧྲའོ་ལིན་དགོན་པ་དོན་དམ་དུ་གླེང་བརྗོད་ཀྱི་ཆར་རླུང་ཁྲོད་ན་འཁྱོམ་བཞིན་མཆིས་ཏེ། མི་རིང་བའི་སྔོན་དུ་དབུ་མཛད་ཁོང་ལ"བྱི་ཕྲུག་ཡོད་པ་དང་། བུད་མེད་ལ་རྩེ་བ།  དགོན་རྒྱུ་ཧམ་བཟུང་བྱས་པ"སོགས་ཀྱི་དབང་གིས་གཅིག་ཞི་གཉིས་ལང་ཀྱི་ཐེར་འདོན་ཐེངས་མང་ཕོག་འདུག སྔོན་དང་མི་འདྲ་བར་ཐེར་འདོན་མཁན་གྱི་མིང"ཧྲེ་ཀྲེང་ཡི"ཞེས་སུ་གསལ་བ་དང་འབྲེལ་གཏུག་ཁ་པར་ཨང་གྲངས་ཀྱང་གསལ་ཐག་ཆོད་པ་བཞག་འདུག

  ཧྲེ་ཀྲེང་ཡི་ནི་ཡང་སྙིང་སུ་ཞིག་ཡིན་པ་ཚིག་ཐག་གཅོད་དཀའ་སྟེ། དགོན་པའི་གྲྭ་པ་མང་ཆེ་ཤོས་ཀྱིས་ནི་སྔ་མོ་ཧྲའོ་ལིན་དགོན་ནས་ཕྱིར་འབུད་བཏང་བའི་ཧྲེ་ཡན་ལུའུ་ཟེར་བ་ཞིག་ཡོད་པ་དེ་ཉིད་རེད་ཟེར། འོན་ཀྱང་ཧྲེ་ཡན་ལུའུ་ཡིས་ཁས་ལེན་གྱིན་མེད་འདུག

           

 

  ཟླ ༨ པའི་ཚེས ༨ ཉིན། ཧྲེ་ཡན་ལུའུ་དང་དེ་སྔོན་ཧྲའོ་ལིན་དགོན་པའི་དྲག་རྩལ་དགེ་འདུན་པའི་འགོ་དཔོན་ལིའི་གོ་ཡིང་སོགས་དགོན་གནས་སུ་འཚོ་བ་བསྐྱལ་མྱོང་བའི་མི་སྣ་ཁྱུ་གཅིག་པེ་ཅིང་དུ་ཧྲེ་ཡུང་ཤིན་ཐེར་འདོན་བྱེད་པར་ལྷགས་པ་དང་། ཧྲེ་ཡན་ལུའུ་ཡིས་བཤད་པ་ལྟར་ན། དངོས་མིང་ཐེར་འདོན་བྱེད་པའི་སྐུལ་སློང་དང་སྟོབས་ཤུགས་"ཧྲེ་ཀྲེང་ཡི"ལས་ཐོབ་པ་ཡིན་ཅེས་ཟེར།

  དོན་རྐྱེན་འདིའི་ཤུགས་རྐྱེན་འོག་ཆོས་ལུགས་ལས་དོན་ཚན་པས་ཀྱང་ལག་པ་ཁུག་མར་བཅུག་ནས་མ་བསྡད་པར། ཟླ པའི་ཚེས ༣༠ ཉིན་རྒྱལ་ཁབ་ཆོས་དོན་ཅུས་ཀྱིས་ཧཱ་ནན་ཞིང་ཆེན་ཆོས་དོན་ཅུས་ལ་འབྲེལ་ཡོད་ཚན་པ་དང་ས་གནས་ཁག་ལ་གཞོགས་འདེགས་ཀྱིས་དོན་དངོས་ཞིབ་དཔྱད་ཀྱི་བཀའ་རྒྱ་བཏང་བ་དང་། ཟླ པའི་ཚེས ཉིན་གྱི་མཚན་མོར། ཏེང་ཧྥང་གྲོང་ཁྱེར་ཆོས་དོན་ཅུས་ནས་གསལ་བསྒྲགས་སྤེལ་ཏེ། བརྟག་དཔྱད་བྱས་རྗེས་ས་གནས་སུ"ཧྲེ་ཀྲེང་ཡི"ཟེར་བ་ཞིག་རྩ་བ་ཉིད་ནས་མེད་པ་དང་། གནས་ཚུལ་གཞན་དག་ལ་མུ་མཐུད་བདེན་རྫུན་ཞིབ་བསྡུར་བྱེད་བཞིན་ཡོད་ཅེས་གསལ་འདུག

  གཞུང་ཕྱོགས་ནས་བརྟག་དཔྱད་བྱས་པའི་འབྲས་བུ་ད་བར་ཀུན་གྱི་མིག་ལམ་དུ་བཀྲམ་མེད་པ་དང་ཧྲེ་ཡུང་ཤིན་དང་འབྲེལ་བའི་བཤད་སྒྲོས་ནི་ད་དུང་མཚམས་འཇོག་ཐུབ་པའི་རེ་བ་མེད་ཅིང་དེ་ལས་ལྡོག་སྟེ། ཁོ་པར་བརྟག་དཔྱད་བྱེད་སྒང་ཡིན་ཚུལ་གྱི་གདལ་གཏམ་སྔར་བས་ཇེ་སྡུག་རེད།

ཧྲེ་ཡུང་ཤིན་གྱི་གཟིམ་ཤག་ནི་དགོན་པའི་ནུབ་ངོས་ཀྱི་ཕྱོགས་བཞིར་ཁང་པ་ཡོད་པའི་ར་སྐོར་ཞིག་གི་ནང་དུ་ཡོད་པ་དང་སྒོ་སྲུང་བས་གསར་འགོད་པར་ཧྲེ་ཡུང་ཤིན་གྱིས་བཅར་འདྲིར་དང་ལེན་མི་གནང་བ་ཙམ་ལས་འགྲོ་འདུག་སྤྱོད་གསུམ་སོགས་ཡོད་ཚད་རྒྱུན་གཏན་ཡིན་ཚུལ་བརྗོད་འདུག

  དབུ་མཛད་ཀྱིས་སྨྲ་བཅད་འདུག་ལ། གྲྭ་པ་ཚོས་ཀྱང་ངག་སྡོམ་བཞིན་མཆིས། གནམ་གཤིས་ཚ་བ་ཆེ་རྐྱེན་གྲིབ་བསིལ་ལ་རོལ་བའི་ཧ་ཤང་ལོ་ན ༦༠ ལོན་པ་ཞིག་ལ་ལྗོངས་རྒྱུ་བ་ཚོས་འཚམས་འདྲིའི་ཁ་བརྡ་བྱེད་སྐབས་ཁོང་ནས་ཀྱང་མཚེར་སྣང་ངང་ལག་བརྡ་བྱེད། "དེ་ཞག་དབུ་མཛད་ཀྱི་གནས་ཚུལ་དེས་རྙོག་དྲ་ཞེ་དྲག་བཟོས་སོང་ང"ཞེས་མཚན་ལ་ཧྲེ་ཡན་ཡུའུ་ཟེར་བའི་རྒད་པོ་དེར་ཧྲའོ་ལིན་དགོན་གྱི་གནས་ཚུལ་སྐོར་ཁ་བརྡ་རེ་བྱེད་རྩིས་བྱེད་སྐབས། གློ་བུར་དུ་མགོ་བོ་གཡས་ཕྱོགས་སུ་བསྐོར་ནས་ཁ་ཡ་བྱེད་མི་འདོད་པའི་ཚུགས་ཀ་བསྟན་བྱུང་།

           

  "ད་ནི་ལོ་བརྒྱའི་གོང་དང་འདྲ་གི་མ་རེད། ཡིན་གཅིག་མིན་གཉིས་ལོ་བརྒྱའི་གོང་དང་བསྡུར་བའི་དགོས་པ་འདུག་གམ"ཞེས་གྲྭ་པ་ན་གཞོན་ཞིག་གིས་དེ་ལྟར་ཟེར། "ངས་ཁ་པར་འཁྱེར་ན་ཚང་མས་ཧང་སངས་མདོག་སྟོན། ངས་མོ་ཊ་བཏང་ཚེ་ཚང་མས་གྲྭ་པས་མོ་ཊ་བཏང་ནས་ཅི་བྱེད་ཟེར། དོན་དངོས་སུ་ང་ཚོ་ཡང་མི་རེད་དཱ"ཞེས་ཀྱང་ཟེར།

  ཧྲེ་ཡུང་ཤིན་ཧྲའོ་ལིན་དགོན་པའི་དབུ་མཛད་དུ་གྱུར་རྗེས་ཚོང་ལས་ཀྱི་བྱ་གཞག་མང་པོ་གཉེར་འགོ་ཚུགས་པས་མི་མང་པོས་དེར་མི་འཐད་པའི་ཚུགས་ཀ་སྟོན་མོད། ཧྲེ་ཡུང་ཤིན་ནས་ཅི་མི་སྙམ་པའི་ཚུལ་གྱིས་འདི་ལྟར་བརྗོད་པ་སྟེ། གལ་ཏེ་ང་ཚོས་སྒོ་ནན་པོར་གཏན་ནས་སྒོམ་སྒྲུབ་ཁོ་ནར་བརྩོན་ཏེ་ཅི་ཡང་མི་ལས་ཚེ། ཧྲའོ་ལིན་རིག་གནས་ངའི་མི་རབས་འདིར་ཆད་མི་འགྲོ་འམ། དེ་ནི་དོན་ངོ་མའི་ལོ་རྒྱུས་ཀྱི་ཉེས་ཅན་པ་རེད་ཅེས་ཟེར། ཁོང་ན་རེད། ཧྲོའོ་ལིན་དགོན་པ་ནི་ཧ་ལམ་དགོས་འདོད་ཀུན་འབྱུང་གི་དཔག་བསམ་ཤིང་ཞིག་ཏུ་གྱུར་པས། སུ་ཡིན་ཀྱང་རང་གནས་སུ་འཁྱེར་ཏེ་བདག་གིར་བྱེད་མི་འདོད་མཁན་སུ་ཞིག་ཡོད། ཡང་ཐང་སན་གྱི་ཤ་དང་འདྲ་བར་སུས་ཀྱང་ཧམ་བུ་གང་རེ་ཟ་ན་འདོད་པ་ལོས་ཤེས། ཞེས་ཀྱང་བཤད་མྱོང་།

  ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་མཁན་ཁ་ལོ་བ་ཞིག་གིས། ཐེངས་འདིའི་ཐེར་འདོན་གྱི་འབྱུང་རྩ་ནི་ཁེ་ཕན་གྱི་རྩོད་གཞི་ཡིན་པ་བསྙོན་མེད་རེད། ཅེས་དང་། ཡང་གྲོང་ཁྱེར་དེའི་གྲོང་མི་དར་མ་ཞིག་གིས་བརྗོད་པར། ཧྲའོ་ལིན་དགོན་པ་འཕེལ་རྒྱས་ཇི་ཙམ་བྱུང་རུང་ང་ཚོའི་ཁེ་ཕན་ལ་ཐད་ཀར་ཕན་གང་ཡང་ཐོགས་ཐུབ་ཀྱི་མི་འདུག དེ་ལས་ལྡོག་ཏེ་ཁོ་ཚོས་སྒོར་མོ་དེ་འདྲ་མང་པོ་འདུས་ཟིན་ཞེས་བརྗོད་བྱུང་།

  ཁ་བྱང་ཕྱི་མོ།ཧྲའོ་ལིན་གྲྭ་པ་ན་རེ། ང་ཚོ་ཡང་མི་ཡིན་ཕྱིར་ཅིའི་ཕྱིར་ཁ་པར་དང་རླངས་འཁོར་བཀོལ་མི་ཆོག

                                                                                                                                                                                                                                (རྩོམ་འགན་པ། དབང་འདུས།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070