སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཐེན་ཅིན་གྱི་འབར་གས་དོན་རྐྱེན་བྱུང་ཁུལ་དུ་འབག་བཙོག་དངོས་རྫས་ཡོད་པ་ཚད་ལེན་བྱུང་།
སྤེལ་དུས། 2015-08-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས།

ཟླ ༨ པའི་ཚེས ༡༢ ཉིན་གྱི་དགོང་མོའི་ཆུ་ཚོད ༡༡ དང་ཕྱེད་ཀྱི་ཐོག་ཐེན་ཅིན་ཏུང་ཅང་གི་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་ཚད་ཡོད་སྤྱི་གཉེར་ཁང་གི་ཉེན་རྫས་མཛོད་ཁང་དུ་འབར་གས་བྱུང་། དོན་རྐྱེན་དེ་བྱུང་ནས་ཆུ་ཚོད ༣༣ གྱི་རྗེས་སུ། འགད་རྫས་དང་འབར་གས་བྱུང་བའི་རྒྱུ་རྐྱེན་ད་དུང་གསལ་བོ་ཐག་གཅོད་ཐུབ་མེད།

ཟླ ༨ པའི་ཚེས ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད ༨ ཀྱི་ཐོག་ཏུ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་པོད་ཕྲད་ཐོག་ཏུ་གནས་ཚུལ་སྤེལ་རྒྱུར། འབར་གས་བྱུང་བའི་རྗེས་སུ། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ཐེན་ཅིན་ནས་བབ་བསྟུན་ལས་ཀ་སྒྲུབ། དོན་རྐྱེན་བྱུང་སའི་ས་འོག་སྦུག་ལམ་གཉིས་ཡོད་པ་ལ COD བརྟག་བཤེར་བྱུང་བ་དང་། ཆེན་ཞེས་པའི་རྫས་འགྱུར་དངོས་རྫས་འདུས་ཚད་རྒྱུན་ལྡན་གྱི་ཚད་གཞི་ལས་ལྡབ ༣ ནས ༨ བར་བརྒལ་ཡོད་ནའང་། རྫས་འགྱུར་དངོས་རྫས་དེ་དག་གིས་ཉེ་འཁོར་གྱི་ཁོར་ཡུག་ལ་ད་དུང་འབག་བཙོག་ཐེབས་མེད་པ་རེད།

དེའི་ཡར་སྔོན་དུ། ཟླ ༨ པའི་ཚེས ༡༣ ཉིན་གྱི་ཆུ་ཚོད ༡༨ དང་སྐོར་མ ༡༠ ཡི་ཐོག་ཏུ། ཤིན་ཧྭ་གསར་འགྱུར་ཁང་གི་པོད་ཕྲན་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། དྲག་ཆས་ཉེན་རྟོག་རུ་ཁག་ཨང་རྟགས ༨༦༣༠ གི་དཔོན་དམག་ཚོས་འབར་གས་བྱུང་ས་དང་བར་ཐག་སྨི ༥༠༠ ཡོད་པའི་ས་མཚམས་ནས་ཆེན་ཞེས་པའི་རྫས་འགྱུར་དངོས་རྫས་ཞིབ་དཔྱད་བྱུང་མེད། ངོ་སྤྲོད་བྱས་པ་ལྟར་ན། དམག་དཔུང་རུ་ཁག་དེས་བཀོལ་སྤྱོད་བྱས་པའི་དབུགས་གཟུགས་དུག་ཅན་ཞིབ་དཔྱད་ཚད་ལེན་ཆས་ཡིས་ལུའེ་དང་ཆེན་ཆེན་སྐྱུར་སོགས་རྫས་འགྱུར་དངོས་རྫས་ཚད་ལེན་བྱེད་ཐུབ་པ་རེད། ཡིན་ནའང་ད་བར་དུ་མཁའ་དབུགས་ནང་དངོས་རྫས་དུག་ཅན་དེ་གཉིས་ཚད་ལེན་བྱུང་མེད་པ་རེད།

ཚེས ༡༣ ཉིན་གྱི་ཆུ་ཚོད ༡༦ དང་ཕྱེད་ཀྱི་ཐོག་ཏུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། ཐེན་ཅིན་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་ཝུན་ཝུའུ་རའེ་ཡིས་ངོ་སྤྲོད་བྱ་རྒྱུར། ཚེས ༡༣ ཉིན་གྱི་ཆུ་ཚོད ༡༣ བར་དུ། འབར་གས་བྱུང་ཡུལ་དངོས་ནས་ཆེན་དང་ཝན་དབྱང་དབྱི་ཝན་ཞིབ་དཔྱད་ཚད་ལེན་བྱུང་མེད་པ་རེད།

ཝུན་ཝུའུ་རའེ་ཡིས་ད་དུང་བཤད་རྒྱུར། དོན་རྐྱེན་བྱུང་སའི་ཉེ་འཁོར་གྱི་མཁའ་དབུགས་ཞིབ་དཔྱད་ཚད་ལེན་ས་ཚིགས་ལྔ་ཡོད་པ་ལས་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་གསལ་ལྟར་ན། རྒྱུན་ལྡན་གྱི་འབག་བཙོག་དངོས་རྫས་དྲུག་ཡོད་པ་ཡིས་ཤུགས་རྐྱེན་གང་ཡང་ཐེབས་མེད་པས། ཐེན་ཅིན་གྲོང་ཁྱེར་གྱི་ས་ཁུལ་གཞན་དག་དང་ཕལ་ཆེར་གཅིག་འདྲ་རེད།

འབར་གས་དོན་རྐྱེན་བྱུང་རྗེས་སུ། དྲ་ཐོག་ཏུ་འབག་བཙོག་ཐེབས་པའི་ཆུ་པའོ་ཧའེ་ནང་བཞུར་རྒྱུ་རེད་ཅེས་སྤེལ་བཞིན་ཡོད། ཝུན་ཝུའུ་རའེ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། ཐེན་ཅིན་གྲོང་ཁྱེར་གྱི་རྒྱ་མཚོར་འདྲེན་པའི་ཆུ་ཚང་མ་བཀག་ནས། ཆུའི་སྤུས་ཚད་ལ་ཞིབ་བཤེར་ཚད་ལེན་བྱེད་བཞིན་ཡོད་པ་རེད།

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070