སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཡུལ་སྐོར་ཅུས་ནས་ཡུལ་སྐོར་བའི་རྩིང་སྤྱོད་མིང་ཐོ་ནག་པོ་ཐེངས་གཉིས་པ་བཀྲམ།
སྤེལ་དུས། 2015-08-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

  འདི་ག་གསར་འགྱུར་ཁང་གིས་ཟླ ༨ པའི་ཚེས ༡༧ ཉིན་སྤེལ་བའི་གསར་འཕྲིན། གསར་འགོད་པས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་དྲ་ཚིགས་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ཁབ་ཡུལ་སྐོར་ཅུས་ནས་ཡུལ་སྐོར་བའི་རྩིང་སྤྱོད་ཟིན་ཐོ་འགོད་ཐེངས་གཉིས་པ་འགྲེམ་བསྒྲགས་བྱས་པ་དང་དེའི་ཁྲོད་གནམ་གྲུའི་ཐོག་ཏུ་ཚུན་མིན་སྤྱོད་ཚུལ་སྤེལ་བས་བཀག་ཉར་བྱས་པ་དང་ལྗོངས་རྒྱུ་ཁུལ་གྱི་བརྗོད་གཞིའི་རྐོས་བརྙན་ཐོག་འཛེག་མཁན་ཡུལ་སྐོར་བ་གསུམ་བཅས་ཀྱི་མིང་ཐོ་ཚུད་འདུག

  དམངས་སྤྱོད་མཁའ་འགྲུལ་གྱིས་རྩིང་སྤྱོད་ཟིན་ཐོར་འཁོད་པའི་འགྲུལ་པར་ཞབས་ཞུ་མཁོ་འདོན་མ་བྱས་ཀྱང་ཆོག

  ལྗོངས་རྒྱུ་བའི་ཡུལ་སྐོར་རྩིང་སྤྱོད་ཟིན་ཐོའི་ལམ་ལུགས་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་ཡོང་ཕྱིར་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཕྱོགས་གཉིས་པོསགུས་ལུགས་ལྡན་པའི་ཡུལ་སྐོར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལས་རིགས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ལས་གྲོས་མཐུནལ་མིང་རྟགས་བཀོད་པ་རེད།

  མཉམ་ལས་གྲོས་མཐུན་ལ་གཞིགས་ན། རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་གཉིས་ཀྱི་མཉམ་ལས་གྲོས་མཐུན་ཕྱོགས་བཞིའི་ཐད་ནས་སྤེལ་འཆར་ཡོད་པ་སྟེ། གཅིག་ནི་མཉམ་དུ་མ་རབས་ཀྱི་རྩིང་སྤྱོད་སྤེལ་མཁན་ལ་ཆད་གཅོད་ནན་པོ་དང་ནུས་ལྡན་བྱེད་ཐབས་སྤྱད་དེ་ཚུལ་མིན་གྱི་ཡུལ་སྐོར་སྤྱོད་ཚུལ་དང་མཁའ་འགྲུལ་སྤྱོད་ལམ་གཏན་འགོག་བྱས་ཏེ་ཡུལ་སྐོར་ལྗོངས་རྒྱུ་དང་མཁའ་འགྲུལ་བཞུད་ལམ་གུས་ལུགས་དང་ལྡན་པའི་ཁོར་ཡུག་ལེགས་པོ་ཞིག་ཏུ་བསྐྲུན་དགོས་པ། གཉིས་ནི། གུས་ལུགས་ལྡན་པའི་ཡུལ་སྐོར་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ་དྲིལ་སྒྲོག་ཡིག་ཆ་དང་ཐབས་ལམ་མཉམ་སྤྱོད་ཀྱིས་སྤྱི་ཚོགས་ཡོངས་སུ་ཡ་རབས་ཚུལ་ལྡན་གྱི་ཡུལ་སྐོར་རྣམ་པ་དང་འགྲུལ་བཞུད་རྣམ་པ་གསར་པ་དར་སྤེལ་བྱེད་དགོས་པ། གསུམ་ནི། མཉམ་དུ་ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་ནས་ཡུལ་སྐོར་་བ་དང་ཕྱོགས་ཐོན་འགྲུལ་པའི་འདོད་བློ་ཁེངས་པ་བྱ་རྒྱུ། བཞི་ནི། ཡུལ་སྐོར་ལས་དོན་དང་མཁའ་འགྲུལ་ལས་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་བཅས་སོ།

  མཉམ་ལས་གྲོས་མཐུན་ཐོག་གསལ་པོར་འཁོད་པར། མཉམ་དུ་ཡུལ་སྐོར་བའི་རྩིང་སྤྱོད་ཐོ་འགོད་དོ་དམ་གྱི་མཛུབ་ཁྲིད་ཡིག་ཆ་གསར་དུ་བཀྲམ་ནསརྩིང་སྤྱོད་ཟིན་ཐོརའཁོད་པའི་འགྲུལ་པའི་བྱ་སྤྱོད་ལ་ཚོད་འཛིན་བྱས་ཏེ་ཡུལ་སྐོར་ཁེ་ལས་དང་དམངས་འགྲུལ་ཁེ་ལས་ཀྱིས་ཚུལ་མིན་བྱ་སྤྱོད་སྤེལ་མཁན་གྱི་ཡུལ་སྐོར་ལྗོངས་རྒྱུ་བའམ་ཕྱོགས་ཐོན་འགྲུལ་པར་འགྲིམ་འགྲུལ་ཞབས་ཞུ་མཁོ་འདོན་བྱེད་མི་འོས་པ་ཡིན།

ཚུན་མིན་སྤྱོད་ཚུལ་སྤྱི་ཚོགས་སུ་མངོན་བསྒྲགས་བྱེད་པ།

  རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་བའི་རྩིང་སྤྱོད་ཐོ་འགོད་དོ་དམ་ལམ་ལུགས་ཀྱི་གནས་སྐབས་སྲོལ་ཡིགགི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཉེ་ལམ་ཡུལ་སྐོར་བའི་རྩིང་སྤྱོད་ཟིན་ཐོ་འགོད་ཐེངས་གཉིས་པ་འགྲེམ་བསྒྲགས་བྱས་པ་དང་དེའི་ཁྲོད་གནམ་གྲུའི་ཐོག་ཏུ་མ་རབས་ཀྱི་སྤྱོད་ཚུལ་སྤེལ་བས་བཀག་ཉར་བྱས་པ་དང་ལྗོངས་རྒྱུ་ཁུལ་གྱི་བརྗོད་གཞིའི་རྐོས་བརྙན་ཐོག་འཛེགས་མཁན་ལྗོངས་རྒྱུ་བ་གསུམ་བཅས་མིང་ཐོར་བཀོད་པ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ནས་མ་རབས་ཀྱི་སྤྱོད་ཚུལ་དག་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་ལ་བརྡ་ཁྱབ་བཏང་ཡོད་འདུག

  མཉམ་ལས་གྲོས་མཐུན་གྱི་འབྲེལ་ཡོད་གཏན་འབེབས་དོན་ཚན་ཁག་ལ་གཞིགས་ན། ཀྲུང་གོ་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་དང་ཀྲུང་གོ་ཡུལ་སྐོར་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག གུས་ལུགས་སྒོ་ནས་འགྲུལ་བཞུགས་ཕྱོགས་ཐོན་གསལ་འདེབསཔར་དུ་བཏབ་པ་དང་། ནང་དོན་དུ་ཀྲུང་གོའི་སྤྱི་དམངས་ཀྱིས་རྒྱལ་ནང་དུ་ཡུལ་སྐོར་གུས་ཞབས་ཀྱི་སྤྱི་གན་དང་། འགྲུལ་སྡོད་ཁང་དུ་གནམ་གྲུའི་འཕུལ་སྐྱོད་ལ་བར་ཆད་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་། འགྲུལ་སྡོད་ཁང་གི་རྩིང་སྤྱོད། འགྲུལ་པའི་རྩིང་སྤྱོད། མཁའ་འགྲུལ་གྱི་བདེ་འཇགས་ལ་བར་ཆད་བཟོས་པའི་དཔེ་མཚོན། གུས་ལུགས་ལྡན་པའི་ཡུལ་སྐོར་དང་སྤུས་ལེགས་ཞབས་ཞུའི་གྲོས་གཞིའི་ཡི་གེ་སོགས་ཚུད་ཡོད་པ་རེད། གུས་ལུགས་སྒོ་ནས་འགྲུལ་བཞུགས་ཕྱོགས་ཐོན་གསལ་འདེབསམི་རིང་བར་རྒྱལ་ཡོངས་ཀྱི་གནམ་གྲུ་ཐང་དང་གནམ་གྲུའི་ཐོག་ཏུ་འགྲེམ་སྤེལ་བྱ་རྒྱུ་རེད།  

  ཁ་བྱང་ཕྱི་མོ། ཡུལ་སྐོར་ཅུས་ནས་ཡུལ་སྐོར་བའི་རྩིང་སྤྱོད་མིང་ཐོ་ནག་པོ་ཐེངས་གཉིས་པ་བཀྲམ།

(རྩོམ་འགན་པ། དབང་འདུས།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070