སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧྲི་ཡོན་ཞིན་ཐེར་འདོན་ཕོག་རྗེས་ཀྱི་ཆོས་ལུགས་མཛད་སྒོ་ཐོག་མ་དེར་ཞུགས་པ།
སྤེལ་དུས། 2015-08-21   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

ཟླ ༨ པའི་ཚེས ༢༠ ཉིན། "སྐབས་དང་པོའི་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་ནང་བསྟན་གླེང་སྟེགས"ཧཱ་ནན་སུང་ཧྲན་གྱི་ཧྲའོ་ལིན་དགོན་པར་འཚོགས་པ་རེད། དེ་ནི་ཧྲའོ་ལིན་དགོན་པའི་དབུ་མཛད་ཧྲི་ཡོན་ཞིན་གྱི་བག་མེད་ཀྱི་སྤྱོད་ལམ་དང་གཞུང་རྒྱུ་སྒེར་བཟུང་གི་ཉེས་མིང་ཐེར་འདོན་ཕོག་པའི་རླུང་རླབས་འཇགས་རྗེས་རྒྱལ་ཁབ་ཆོས་དོན་ཅུས་ནས་ཆོག་མཆན་ཐོབ་ཅིང་ཧྲའོ་ལིན་དགོན་པས་གཙོ་སྒྲུབ་བྱས་པའི་གཞི་ཁྱོན་ཅུང་ཆེ་བའི་ནང་བསྟན་གླེང་སྟེགས་ཐོག་མ་དེར་གྱུར།

ཚེས ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད ༩ པ་ཟིན་མཚམས། མཚོ་འགག་ངོགས་གཉིས་ཀྱི་ནང་པའི་སྐྱེས་ཆེན་དམ་པ་དང་། ན་གཞོན་ཕུལ་བྱུང་ཅན་སོགས་མི་བརྒྱའི་ཁྱུ་མཆོག་མང་པོ་ཧྲའོ་ལིན་དགོན་པར་འཛོམས་ནས"འཛམ་གླིང་ཞི་བདེའི་རྟེན་བཞུགས་མཆོད་རྟེན་གྱི་ལེགས་འགྲུབ་མཛད་སྒོར"རབ་གནས་རྟེན་འབྲེལ་མཛད། མཛད་སྒོའི་ཐོག་ཏུ་ཧྲི་ཡོན་ཞིན་གྱིས་མཚོ་འགག་ངོགས་གཉིས་ཀྱི་ནང་པའི་འདུས་སྡེའི་དབུ་མཛད་ཧ་ཤང་དང་སྐྱེས་བུ་དམ་པ་དུ་མ་དང་ལྷན་དུ་འཛམ་གླིང་ཞི་བདེའི་དོན་དུ་བསྔོ་སྨོན་གཟབ་རྒྱས་གནང་། གནས་ཡུལ་དངོས་སུ་ཧྲི་ཡོན་ཞིན་ནས་སྟབས་བདེའི་གཏམ་བཤད་སྤེལ་བར། "སངས་རྒྱས་ཆོས་ལུགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་གཞི་རྩའི་དགོངས་པ་ཐུགས་སུ་བཅངས་ཐོག་ནང་པའི་ལྟ་སྒོམ་སྤྱོད་གསུམ་གྱིས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་མུས་སུ་མཆིས། སངས་རྒྱས་ཆོས་ལུགས་ལ་གཞི་རྐང་ཚུགས་པའི་ཞི་བདེའི་ལྟ་དགོངས་ཡོད་པས་མི་ཚད་འཐུས་སྒོ་ཚང་བའི་ཉམས་ལེན་གྱི་ཐབས་ལམ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེ་བས་ཞི་བདེའི་དོན་སྙིང་ལ་ཆེས་མཐར་ཐུག་གི་རེ་སྙེག་དང་སངས་རྒྱས་མི་ཡུལ་དུ་བྱོན་ནས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོར་བུ་རབས་ཚ་རྒྱུད་དུ་གྱུར་པའི་ནང་པའི་རྗེས་འཇུག་ཚོས་རང་སོའི་ལུས་ངག་གིས་མི་ཕྱེད་པའི་དད་པར་བརྟེན་ནས་སྟོན་པའི་ཞི་བདེའི་དགོངས་པར་ཉམས་ལེན་བགྱིས་ཏེ་ཞི་བདེ་སྲུང་སྐྱོང་དང་ཞི་བདེ་འཕེལ་རྒྱས་ཐད་རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་འདོན་མུས་ཡིན"ཞེས་གསུངས།

ཧྲི་ཡོན་ཞིན་མཚོ་འགག་ངོཊ་གཉིས་ཀྱི་གཞོན་ནུའི་ནང་བསྟན་གླེང་སྟེཊ་སུ་ཞུགས་པ།

གསར་འགོད་པས་རྒྱུས་ལོན་བྱུང་བར། འདི་ནི་ཧྲི་ཡོན་ཞིན་ལ་བྱས་ཉེས་དུ་མའི་ཐེར་འདོན་ཕོག་པའི་ལབ་གླེང་འཇགས་རྗེས་རྒྱལ་ཁབ་ཆོས་དོན་ཅུས་ཀྱིས་ཆོག་མཆན་ཐོབ་ཅིང་སུང་ཧྲན་ཧྲའོ་ལིན་དགོན་པས་གཙོ་སྒྲུབ་བྱས་པའི་གཞི་ཁྱོན་ཅུང་ཆེ་བའི་ནང་ཆོས་གླེང་སྟེགས་ཐེངས་དང་པོ་དེར་གྱུར།

༢༠༡༥ ལོའི་ཟླ ༧ པའི་ཚེས ༢༥ ཉིན། ཧྲའོ་ལིན་དགོན་པའི་དབུ་མཛད་ཧྲི་ཡོན་ཞིན་ཞེས་པའི་སྟག་རྒན་མ་རུངས་བ་འདིར་སུ་ཞིག་གིས་བདག་བྱེད་རྒྱུ་ཡིནཞེས་པའི་དྲ་མཆན་ཞིག་གིས་ཧྲི་ཡོན་ཞིན་སྐད་ཅིག་ཉིད་དུ་དྲ་བའི་གླེང་ཕྱོགས་ཀྱི་རྦ་ཀློང་དུ་ཚུད་པར་གྱུར། འདི་ནི་སྦས་མིང་ལ"ཧྲེ་ཀྲེང་ཡི"རུ་ཐོགས་ཤིང་ཧྲའོ་ལིན་དགོན་པའི་གྲྭ་པ་ཡིན་ཟེར་བའི་མི་དེས་དྲ་ཐོག་ཏུ་སྤེལ་བའི་ཐེར་འདོན་ཡི་གེ་ཡིན་པ་དང་། ཁོས་ཟེར་རྒྱུར། "ཧྲའོ་ལིན་དགོན་པའི་དབུ་མཛད་ཧྲི་ཡོན་ཞིན་གྱིས་ནང་པའི་སྡོམ་ཁྲིམས་རྡོག་རོལ་དུ་གཏོང་བ་དང་། བུད་མེད་ལ་རྩེ་བ"རེད་ཅེས་ཐེར་འདོན་བྱས་འདུག ཧྲི་ཡོན་ཞིན་ལ་ཐོབ་ཐང་ལག་འཁྱེར་གཉིས་ཡོད་པ་དང་། ཟུར་བཟའ་བཙལ་ཞིང་དེ་བས་བུད་མེད་མང་པོ་དང་ལུས་འབྲེལ་གྱིས་ལྐོག་ཏུ་བྱི་ཕྲུག་ཀྱང་མང་པོ་གསོ་བཞིན་ཡོད་པའི་གཏམ་གོ་རྒྱུ་ཡོད་འདུག ཟླ ༨ པའི་ཚེས ༨ ཉིན། ཧྲའོ་ལིན་དགོན་པའི་གྲྭ་དམངས་ཀྱིས"ཧྲེ་ཀྲེང་ཡི"ཞེས་པ་དེ་ཧྲི་ཡོན་ཞིན་གྱི་དགེ་ཕྲུག་ཧྲེ་ཡན་ལུའུ་ཟེར་བ་ཞིག་ཡོད་པ་དེ་ཡིན་པར་དོགས་པ་བྱེད་ཅིང་ཧྲེ་ཡན་ལུའུ་ཡིས་བདེན་པ་མིག་མཐོང་ལག་ཟིན་གྱི་ཐེར་འདོན་པ་དུ་མ་སྒྲིག་འཛུགས་བྱས་ནས་པེ་ཅིང་དུ་ཧྲི་ཡོན་ཞིན་ཐེར་འདོན་བྱེད་པར་ལྷགས་པས་དོན་རྐྱེན་དེའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དེ་བས་ཚབས་ཇེ་ཆེར་ཕྱིན།

བར་གླགས་ཤིག་ཏུ་ཧྲི་ཡོན་ཞིན"ལས་བྲེལ་ཆེ་བས"རྐྱེན་གྱིས་ཧྲའོ་ལིན་དགོན་པའི་རིག་གནས་འཐུས་ཚབ་དང་ལྷན་དུ་ཐེ་ལན་ཌི་རུ་སྤེལ་བའི"ཧྲའོ་ལིན་རིག་གནས་ཀྱི་དར་ལམ་འགྲུལ་བཞུད"བྱེད་སྒོར་མཉམ་ཞུགས་ཐུབ་མེད།

གསར་འགོད་པས་ཧྲའོ་ལིན་དགོན་པ་ནས་ཤེས་རྟོགས་བྱུང་བར། ཐེངས་འདིའི་བྱེད་སྒོའི་དུས་ཡུན་ཉིན་གཉིས་ཡིན་པ་དང་དེའི་རིང་གི་བྱེད་སྒོའི་རྣམ་གྲངས་ལ་འཛམ་གླིང་ཞི་བདེའི་རྟེན་བཞུགས་མཆོད་རྟེན་གྱི་ལེགས་འགྲུབ་མཛད་སྒོ་དང་ནང་བསྟན་ཡིག་གཟུགས་འགྲན་བསྡུར། གཞོན་ནུའི་ནང་བསྟན་གླེང་སྟེགས་དང་ཧྲའོ་ལིན་དྲག་རྩལ་སོགས་བསྡུས་ཡོད་འདུག

ཧྲི་ཡོན་ཞིན་མཚོ་འགག་ངོཊ་གཉིས་ཀྱི་གཞོན་ནུའི་ནང་བསྟན་གླེང་སྟེཊ་སུ་ཞུགས་པ།

ཧྲི་ཡོན་ཞིན་མཚོ་འགག་ངོཊ་གཉིས་ཀྱི་གཞོན་ནུའི་ནང་བསྟན་གླེང་སྟེཊ་སུ་ཞུགས་པ།

ཧྲི་ཡོན་ཞིན་མཚོ་འགག་ངོཊ་གཉིས་ཀྱི་གཞོན་ནུའི་ནང་བསྟན་གླེང་སྟེཊ་སུ་ཞུགས་པ།

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070