སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཱ་ཡོན་སོཊ་ཁེ་ལས་པ ༡༥ ཞིས་ཅིན་ཕིང་ཨ་རིར་ཕེབས་སྐབས་བཞུགས་མོལ་དུ་ཞུཊ་རྒྱུ།
སྤེལ་དུས། 2015-09-18   ཡོང་ཁུངས། ངེད་དྲ་བ།   རྩོམ་སྒྲིག་པ།  སྒྲོལ་མ།
   ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཟླ ༩ བའི་ཚེས ༢༢ ནས ༢༥ བར་ཨ་རིར་བསྐྱོད་དེ་རྒྱལ་དོན་མཚམས་འདྲི་བྱ་རྩིས་ཡོད་ལ།  ཟླ ༩ ཚེས ༢༣ ཉིན།  པཱ་ཧྥེ་ཐི་དང་གྲོལ་མོལ་བྱེད་པ་བཅས་ཀྲུང་གོ་དང་ཨ་རིའི་ཁེ་ལས་པས་སེ་ཐོ(Seattle)ནས་གྲོས་ཚོགས་ཆེན་པོ་ཞིག་འཚོགས་རྒྱུ་རེད།
   ཡུལ་དེའི་དུས་ཚོད།  ཟླ ༩ བའི་ཚེས ༡༦ ཉིན།  ཨ་རིའི་ཕའོ་སུང(Paulson)ཐེབས་རྩ་ཚོགས་པས།  ཐེངས་འདིའི་ཚོགས་འདུར་ཨ་རི་དང་ཀྲུང་གོ་ཀུང་ཟིའི་དབུ་བཞུགས་ལས་འཛིན་པ ༡༥ རེ་ཞུགས་རྒྱུ་ཡིན་པ་བསྒྲགས།  ཞིས་ཅིན་ཕིང་གྲོས་ཚོགས་སུ་ཞུགས་སྟེ་གསུང་བཤད་གནང་བ་དང་། ཕའོ་སུང་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཧིན་རེ་ཕའོ་སུང(Henry M. Paulson, Jr.)གིས་ཚོང་ལས་སྡེའི་འགོ་བ་དག་དང་གྲོས་མོལ་བྱེད་པའི་ཕྱོགས་མདོ་འཛིན་མཛད་རྒྱུ་རེད།
   ཕའོ་སུང་ནི་ཀྲུང་གོར་ཧ་ཅང་ཆ་རྒྱུས་ཡོད་པ་ཞིག་ཡིན།  དེ་སྔོན་དུ་ཐེངས་གང་མང་ལ་ཀྲུང་གོར་མཚམས་འདྲི་བྱས་མྱོང་བ་དང་།  ཨ་རིའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་དང་།  (GoldmanSachs)མ་དངུལ་དངུལ་ཁང་ཆེན་པོ་ཀའོ་ཧྲིན་ཚོགས་ཁག་གི་ཀྲུའུ་ཞི་དང་དབུ་བཞུགས་ལས་འཛིན་པ་བཅས་ཀྱི་འགན་བཞེས་མྱོང་ཡོད།
   ངོ་སྤྲོད་ལྟར་ན།  ཐེངས་འདིའི་ཚོགས་འདུ་ནི་ཕའོ་སུང་ཐེབས་རྩ་ཚོགས་པ་དང་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཚོགས་གཉིས་མཉམ་འབྲེལ་བྱས་ཏེ་གཙོ་སྒྲུབ་མཛད་པ་ཡིན་ལ།  ཀྲུང་གོ་དང་ཨ་རིའི་ཚོང་ལས་སྡེའི་འགོ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་ཀར་འཕྲད་པའི་གནད་དོན་དང་།  འགྲན་སློང་།  གོ་སྐབས་དང་།  ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ལེགས་སྤེལ་བཅས་ཀྱི་ཐད་ནས་གྲོས་མོལ་བྱ་རྒྱུ་རེད་འདུག
   སེ་ཐོ་ནི་ཞིས་ཅིན་ཕིང་གིས་ད་ཐེངས་ཨ་རིར་མཚམས་འདྲིར་བྱེད་པའི་ཐོན་གནས་དང་པོ་ཡིན་ལ།  ཁོ་རང་ཟླ ༩ བའི་ཚེས ༢༢ ནས ༢༤ བར་གནས་དེ་ནས་འདུག་པ་དང་།  དེའི་སྐབས་སུ་ད་དུང Microsoft ཀུང་ཟིའི་སྤྱི་ཁྱབ་ལས་ཁུངས་དང་ཨེ་ཝུ་རཱེ་ཐི་རུ(Everett)ཡོད་པའི་བཟོ་གྲྭ་ཆེ་རིགས་པའོ་ཡིན(Boeing)0ལའང་འཚམས་འདྲི་གནང་སྲིད་ལ།  གནས་དེ་ནི་པའོ་ཡིན-787འགྲུལ་སྐྱེལ་གནམ་གྲུའི་སྡེབ་སྒྲིག་བྱེད་གནས་ཡིན།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070