སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2016ལོའི་ཟླ་1ཚེས1ནས་བཟུང་རྒྱལ་ཡོངས་སུ་ཁ་གསབ་ལམ་ལུཌ་གཉིས་ལག་ལེན་བསྟར་རྒྱུ་རེད།
སྤེལ་དུས། 2015-09-21   ཡོང་ཁུངས། མི་དམངས་ཉིན་ཚཌ།   རྩོམ་སྒྲིག་པ།  རྡོ་རྗེ།
   ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་སྦྱོར་ཚོགས་འདུའི་ཐོག་གསར་འགོད་པས་ཤེས་རྟོགས་བྱས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་ཁ་གསབ་ལམ་ལུགས་གཉིས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་ཞབས་ཞུའི་གནས་ཚུལ་དང་དགོས་མཁོར་གཞིགས་ནས་ཆེད་དོན་བརྟག་ཞིབ་བྱས་པའི་གྲངས་གཞི་གཞིར་བཟུང་། སྔོན་དཔག་བྱས་ན་ཁ་གསབ་ལམ་ལུགས་གཉིས་ལས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་1000དང་ཚབས་ཆེའི་དབང་པོ་སྐྱོན་ཅན་ཁྲི་1000ལ་ཕན་པ་ཐོབ་སྟེ་རྒྱལ་ཡོངས་རང་བཞིན་གྱི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ཕན་བདེའི་ཁ་གསབ་ལམ་ལུགས་དང་པོར་འགྱུར་རྒྱུ་ཡིན་པ་རེད།
   ཉེ་དུས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག《དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བར་ཁ་གསབ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་གཡོག་བྱེད་ཁ་གསབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་དང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བར་ཁ་གསབ་བྱེད་པའམ་ཡང་ན་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་གཡོག་བྱེད་ཁ་གསབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་བླང་བྱ་བཏོན་པ་དང་འབྲེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ནས་ཁྱབ་བསྒྲགས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
   དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཙུའོ་མིང་གིས། མིག་སྔར་རང་རྒྱལ་དུ་དབང་པོ་སྐྱོན་ཅན་ཁྲི་8500ལྷག་ཙམ་ཡོད་པ་དང་། སྤྱིར་བཏང་མི་དང་བསྡུར་ན་དབང་པོ་སྐྱོན་ཅན་མང་ཆེ་བ་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་གསོག་པའི་ནུས་པ་བལྟོས་བཅས་ཀྱིས་ཞན་པ་མ་ཟད། འཚོ་བའི་འགྲོ་སོང་དང་ཡུན་རིང་ལྟ་རྟོག་འགྲོ་སོང་མང་བའི་གནད་དོན་ལྷག་ཡོད། ཡོང་འབབ་ཉུང་བ་དང་གཏོང་སྒོ་མང་བའི་གནས་ཚུལ་འོག དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་འཚོ་བའི་དཀའ་ངལ་དང་ཡུན་རིང་ལྟ་རྟོག་བྱེད་དགོས་པའི་དཀའ་ངལ་ཕྲད་ཅིང་། མིག་སྔའི་བར་རྒྱལ་ཡོངས་སུ་ཞིང་ཆེན་20རུ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ལམ་ལུགས་བཟོས་པ་དང་། ཞིང་ཆེན་20རུ་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ལྟ་རྟོག་ཁ་གསབ་ལམ་ལུགས་བཟོས་པའི་ནང་། ཞིང་ཆེན་13གྱིས་དུས་མཚུངས་སུ་ཁ་གསབ་ལམ་ལུགས་གཉིས་བཟོས་པ་དང་། ཞིང་ཆེན་27གྱིས་ཁ་གསབ་ལམ་ལུགས་གཅིག་གམ་ཡང་ན་གཉིས་བཟོས་ཡོད། 《བསམ་འཆར》ནང་དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་ཡུན་རིང་ལྟ་རྟོག་འགྲོ་སོང་མང་བའི་གནད་དོན་ལ་གཞིགས་ནས་རྒྱལ་ཡོངས་སུ་ཁ་གསབ་ལམ་ལུགས་གཉིས་བཟོ་རྒྱུར་སྤྱི་འདོམས་དང་མཛུབ་ཁྲིད་བྱས་ཡོད། 《བསམ་འཆར》མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་གི་དབང་པོ་སྐྱོན་ཅན་འཚོ་བའི་ཁ་གསབ་བྱ་ཡུལ་དུ་བརྩི་རྒྱུ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་ལྟ་རྟོག་ཁ་གསབ་བྱ་ཡུལ་དུ་བརྩི་རྒྱུ་དང་ཆབས་ཅིག ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཁ་གསབ་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན་པ་རེད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070