སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་ཕྱི་རྒྱལ་གྱི་གནམ་གྲུ་བཟོ་གྲྭ་ཐོག་མ་ཀྲོའུ་ཧྲན་དུ་འཛུགས་རྒྱུ་རེད།
སྤེལ་དུས། 2015-09-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།

  ས་གནས་དེ་གའི་དུས་ཚོད་སྤྱི་ལོ ༢༠༡༥ ལོའི་ཟླ ༩ པའི་ཚེས ༢༣ ཉིན་ཨ་རིའི་ཝ་ཤིང་ཐོན་མངའ་སྡེ་རུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེར་ཧྥོ་ལེར་ཐུ་པཱོ་དབྱིན་ཀུང་སིའི་སྤྱིའི་སྒྲིག་སྦྱོར་ལས་རིམ་དུ་གཟིགས་ཞིབ་གནང་པ་མ་ཟད་གསུངས་བཤད་གནང་། 
  ས་གནས་དེ་གའི་དུས་ཚོད་ཟླ ༩ ཚེས ༢༣ ཉིན།  པཱོ་དབྱིན་ཀུང་སིའི་ཝ་ཤིང་ཐོན་མངའ་སྡེའི་ཨེར་ཧྥོ་ལེར་ཐུའི་དམངས་སྤྱོད་གནམ་གྲུ་ཞེང་ཆེན་བཟོ་གྲྭ་ཡིས་རྒྱལ་ཁབ་དེ་གར་འཚམས་འདྲིར་ཕེབས་གནང་མཛད་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་བསུ་མ་གནང་འདུག་ལ།  དེ་དང་ཆབས་ཅིག  ཀྲུང་གོའི་ཕྱོགས་དང་ཕྱོགས་གཉིས་ལ་ཕན་ཁེ་ལྡན་པའི་མཉམ་ལས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་པའི་གྲོས་མཐུན་ཅི་རིགས་ཁྱབ་བསྒྲགས་བྱས་འདུག
  གོང་སྨྲས་ཀྱི་གྲོས་མཐུན་ནང་། དེའི་སྔ་ཉིན་མིང་རྟགས་བཀོད་ཟིན་པའི་འཕུར་ལམ་རྐྱང་མ་དང་གནམ་གྲུ་ཞེང་ཆེན་གྱི་པཱོ་དབྱིན་གནམ་གྲུ ༣༠༠ ཡི་ཉོ་ཐོ་དང་ཁས་ལེན་ཉོ་ཐོ། དེ་བཞིན་པཱོ་དབྱིན་ཀུང་སི་དང་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་བར་སྔར་ལས་རྒྱ་ཆེ་བའི་མཉམ་ལས་གནང་རྒྱུའི་སྐོར་ཡང་འདུག
  པཱོ་དབྱིན་ཀུང་སིའི་མཐོ་རིམ་དཔོན་རིགས་ཀྱིས་ཕེབས་རོགས་བྱས་ངོར། ཀྲུའུ་ཞི་ཞིས་ཅིན་ཕིང་གིས ༧༨༧ ཅན་གྱི་ཕུགས་འདུན་གནམ་གྲུ་དང ༧༧༧ ཅན།  ༧༤༧-༨ ཅན་གྱི་སྤྱིའི་སྒྲིག་སྦྱོར་ལས་རིམ་ལ་གཟིགས་ཞིབ་གནང་པ་དང་། དེ་བཞིན་ཀྲུང་གོའི་མཁའ་འགྲུལ་མཁོ་འདོན་བཟོ་གྲྭས་ཐོན་སྐྱེད་གནང་པའི་གནམ་གྲུའི་ལྷུ་ལག་ལ་གཟིགས་ཞིབ་གནང་། མ་ཟད་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་དུང་པཱོ་དབྱིན་ཀུང་སིའི་ལས་བཟོ་པ་དང ༧༨༧ ཅན་གྱི་སྤྱི་ཁྱབ་འཕུར་སྐྱོད་མཁན་རྣམས་ཀྱིས་ཀྲུང་གོའི་འཛད་སྤྱོད་པར་བཟོས་པའི་གནམ་གྲུའི་ཐོག་སོ་སོའི་འཁུར་དུ་བླངས་པའི་ལས་དོན་ཐད་བསམ་ཕྱོགས་བརྗེ་རེས་གནང་། 
  ཡུལ་དངོས་སུ་ཡོད་པའི་པཱོ་དབྱིན་ཀུང་སིའི་ལས་བཟོ་བ་མང་པོ་ཞིག་གིས། ཀྲུའུ་ཞི་ཞིས་ཅིན་ཕིང་ཞཱ་མོན་མཁའ་འགྲུལ་ཀུང་སིའི་མངགས་ཉོ་གནང་པའི ༧༨༧ ཅན་གྱི་གནམ་གྲུའི་སྟེང་བུད་དེ་གཟིགས་ཞིབ་གནང་པ་མ་ཟད། ཞཱ་མོན་མཁའ་འགྲུལ་ཀུང་སིའི་འཕུར་སྐྱོད་པ་དང་ཞལ་བརྡ་གནང་པ། སྐུ་དངོས་ཀྱིས ༧༨༧ ཅན་གྱི་གློག་རྡུལ་དྲ་བར་ཚོད་ལྟ་གནང་། དེ་ལས་གཞན་ཞིས་ཅིན་ཕིང་གིས་པཱོ་དབྱིན་ཀུང་སིའི་ལས་བཟོ་པར་བྱམས་བརྩེ་བཀའ་མོལ་གནང་ཞིང་། སྟེང་དུ་རུས་མིང་འཚེམ་ཡོད་པའི་བདེ་འཇགས་གྱོན་གོས་དང ༧༤༧ གྱི་དྲ་མིག་པར་སྒམ་ཡང་ལེགས་སྐྱེས་སུ་ཕུལ་འདུག 
  པཱོ་དབྱིན་ཀུང་སིའི་སྤྱི་ཁྱབ་ཚོགས་གཙོའམ་དབུ་བཞུགས་ལག་བསྟར་དཔོན་མིའི་འགན་གཅིག་ལྕོགས་བཞེས་མཁན་ཊན་ཉི་སིས་མུ་ལིན་བྷོ་རྒུ་ཡིས(DennisMuilenburg)"ཀྲུའུ་ཞི་ཞིས་ཅིན་ཕིང་དེ་རིང་འཚམས་འདྲིར་ཕེབས་པ་དེས་པཱོ་དབྱིན་ཀུང་སི་དང་ཀྲུང་གོའི་བར་གྱི་མཉམ་ལས་འབྲེལ་བར་གལ་ཆེན་གྱི་ལེའུ་གསར་པ་ཞིག་གཏོད་པ་རེད"ཅེས་བསྟན་བྱུང་།
  པཱོ་དབྱིན་དམངས་སྤྱོད་གནམ་གྲུ་ཚོགས་པའི་སྤྱི་ཁྱབ་ལས་འཛིན་ཚོགས་གཙོའམ་དབུ་བཞུགས་ལག་བསྟར་དཔོན་མིའི་འགན་གཅིག་ལྕོགས་བཞེས་མཁན་ལེ་མན་རྡུ་ཁང་ནཱ་ཡིས(RayConner)"པཱོ་དབྱིན་ཀུང་སིས་མུ་མཐུད་ནས་ང་ཚོའི་ཀྲུང་གོའི་འཛད་སྤྱོད་མཁན་དང་། མཁོ་འདོན་ཚོང་པ། ཁེ་ཕན་གཞན་དག་གི་འབྲེལ་ཡོད་ཕྱོགས་དང་མཉམ་འབྲེལ་དམ་པོ་བྱས་ཏེ་ཀྲུང་གོའི་མཁའ་འགྲུལ་ལས་རིགས་ཡུན་རིང་འཕེལ་རྒྱས་ལ་རོགས་རམ་བྱེད་རྒྱུ་ཡིན་ཚུལ"བསྟན་བྱུང་།
  ས་གནས་དེ་གའི་དུས་ཚོད ༢༠༡༥ ལོའི་ཟླ ༩ པའི་ཚེས ༢༣ ཉིན། པཱོ་དབྱིན་དམངས་སྤྱོད་གནམ་གྲུ་ཚོགས་པའི་སྤྱི་ཁྱབ་ལས་འཛིན་ཚོགས་གཙོའམ་དབུ་བཞུགས་ལག་བསྟར་དཔོན་མིའི་འགན་གཅིག་ལྕོགས་བཞེས་མཁན་ལེ་ཁང་མིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ལ་པཱོ་དབྱིན་གྱི་སྤྱིའི་སྒྲིག་སྦྱོར་ལས་རིམ་ངོ་སྤྲོད་གནང་།


  པཱོ་དབྱིན་ཕྱོགས་ནས། པཱོ་དབྱིན་དང་ཀྲུང་གོའི་མཁའ་འགྲུལ་ཡོ་བྱད་ཚོགས་པ་ཀུང་སིས་གནམ་གྲུ ༣༠༠ མངགས་ཉོའི་སྐོར་གྱི་སྤྱིའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་སྐོར་བསྟན་ཡོད་ཅིང་།  གནམ་གྲུ་སྐོར་འདིའི་ཉོ་ཐོ་དང་ཁས་ལེན་ཉོ་ཐོ་ནི་དཀར་ཆག་རིན་གོང་ལྟར་བརྩིས་ན་སྤྱིའི་གོང་ཚད་ཧ་ལམ་ཨ་སྒོར་དུང་ཕྱུར ༣༨༠ ཡིན་ལ།  དེའི་ནང་ཀྲུང་གོའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ ༢༤ འདུས་ལ། ༧༣༧ ཅན་གྱི་གནམ་གྲུ ༡༩༠ དང་གནམ་གྲུ་ཞེང་ཆེན ༥༠། དེ་བཞིན་ཀུང་ཡིན་དང་ཀོ་ཡིན་གྱིས་བོགས་གཡར་གནང་པའི ༧༣༧ ཅན་ཅན་གྱི་གནམ་གྲུ ༦༠ འདུས་ཡོད་འདུག 
  པཱོ་དབྱིན་གྱིས་གཞན་ད་དུང་ཀྲུང་གོའི་ཚོང་ལས་གནམ་གྲུ་ཚད་ཡོད་ཀུང་སི་དང་ཀྲུང་གོར ༧༣༧ ཅན་གྱི་གནམ་གྲུའི་ལས་སྒོ་མཇུག་སྒྲིལ་ལྟེ་གནས་འཛུགས་སྐོར་ལའང་མིང་རྟགས་བཀོད་ཡོད་ཅིང་།  ལས་སྒོ་མཇུག་སྒྲིལ་ལྟེ་གནས་ཀྱིས་ཀྲུང་གོའི་འཛད་སྤྱོད་པར་དམིགས་ནས་པཱོ་དབྱིན ༧༣༧ ཅན་གྱི་གནམ་གྲུའི་ནང་གི་བཟོ་བཀོད་མཇུག་སྒྲིལ་རྒྱུ་དང་། ཚོན་རྩི་གཏོར་པ། རྩིས་སྤྲོད་ཀྱི་ལས་རིམ་སྤེལ་རྒྱུ་རེད། མ་རྩ་མཉམ་འཇོག་གི་ཀུང་སི་འདིས་པཱོ་དབྱིན་དང་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་པའི་དུས་མཚུངས་སུ་པཱོ་དབྱིན་ཀུང་སིའི་ཝ་ཤིང་ཐོན་མངའ་སྡེའི་ལོན་ཏོན་དུ་ཡོད་པའི ༧༣༧ ཅན་གྱི་གནམ་གྲུའི་སྤྱིའི་སྒྲིག་སྦྱོར་ལས་རིམ་གྱི་ཕྱིས་འབྱུང་ཐོན་ནུས་ཇེ་མཐོར་གཏོང་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།
  པཱོ་དབྱིན་དང་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ། ཀྲུང་གོ་སྲིད་གཞུང་གིས་མཇུག་མཐའི་ཚོང་ལས་ཆིངས་ཡིག་བཟོ་སྒང་ཡིན་པ་མ་ཟད་ཅུང་འཕྱི་བའི་དུས་སུ་སྒྲིག་ཆས་ས་ཁུལ་དང་སྐོར་དང་པོའི་གནམ་གྲུ་རྩིས་སྤྲོད་ཀྱི་དུས་ཚོད་ཁྱབ་བསྒྲག་བྱེད་རྒྱུ་རེད། མིག་སྔར་པཱོ་དབྱིན་ཀུང་སིའི་ཟླ་རེར ༧༣༧ ཅན་གྱི་གནམ་གྲུ ༤༢ ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། ཚོད་དཔག་ལྟར་ན ༢༠༡༧ ལོ་དང ༢༠༡༨ ལོར་ཟླ་རེར་ཐོན་སྐྱེད་བྱེད་ཚད་གནམ་གྲུ ༤༧ ནས ༥༢ ལ་སྤར་ཏེ། འཛམ་གླིང་གི་འཕུར་ལམ་རྐྱང་མའི་གནམ་གྲུ་ནུས་ལྡན་འདིའི་ཚོང་རའི་དགོས་མཁོ་ཆེན་པོ་སྐོང་ཐུབ་པར་བྱ་རྒྱུ་རེད།  མིག་སྔར་པཱོ་དབྱིན་གྱིས་ད་ལོ་རྩིས་སྤྲོད་གནང་པའི་འགྲུལ་སྐྱེལ་གནམ་གྲུའི་ཁྲོད་ཧ་ལམ་བཞི་ཆའི་གཅིག་ནི་ཀྲུང་གོའི་ཚོང་རར་བཙོངས་ཀྱི་ཡོད་པ་རེད། 
  ཀྲུང་གོའི་བཟོ་གྲྭ་འདི་ནི་པཱོ་དབྱིན་གྱིས་ཕྱི་རྒྱལ་དུ་བཙུགས་པའི་བཟོ་གྲྭ་ཐོག་མ་ཡིན་ཏེ། དབྱིན་ཇིའི་དངུལ་རྩའི་དུས་ཚགས་ཀྱིས་བཀོད་པའི་གནས་ཚུལ་ལྟར་ན། བྱེད་ཐབས་འདིས་ནི་ཨ་རིའི་གནམ་གྲུ་ཐོན་སྐྱེད་བཟོ་གྲྭ་འདི་གས་མཁའ་ལམ་ཚོང་རའི་དགོས་མཁོ་འཕར་ཚད་མགྱོགས་པར་བསྟུན་འཐབ་ཇུས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མཚོན་ཞིང་། པཱོ་དབྱིན་གྱིས་དུས་ཀུན་དུ་ཨ་རིའི་མངའ་ཁོངས་ཕྱི་ནས་བཟོ་གྲྭ་འཛུགས་འདོད་མེད་པར། ལོ་ངོ་བཅུ་ཕྲག་རིང་ཀྲུང་གོ་ནས་ལས་སྒོ་སྤེལ་བ་བཞིན་དེ་གའི་མཉམ་ལས་ཚོང་གྲོགས་ཀྱི་ཕྱོགས་ནས་ལྷུ་ལག་ནང་འདྲེན་བྱེད་འདོད་ཡོད་པ་རེད།
  དངུལ་རྩའི་དུས་ཚགས་ཀྱིས་གནས་ཚུལ་ཤེས་རྟོགས་མཁན་གྱི་སྐད་ཆ་དྲངས་དོན། པཱོ་དབྱིན་གྱི་ཀྲུང་གོའི་བཟོ་གྲྭ་ནི་ཀྲེ་ཅང་ཀྲོའུ་ཧྲན་ས་ཆར་འཛུགས་འཆར་ཡོད་ཅིང་། ཀྲུང་གོའི་ཚོང་རར་དམིགས་པའི་གནམ་གྲུ་ཕྱིར་འཚོང་གི་གནད་དོན་ཐག་གཅོད་བྱེད་པ་ལས། ཨ་རིའི་ལས་ཞུགས་ཐད་ཤུགས་རྐྱེན་ཅི་ཡང་འབྱུང་མི་སྲིད་དོ། །
  ཧྲང་ཧའེ་དངུལ་འཛིན་ཚགས་པར་གྱིས་དེ་སྔོན་བཀོད་པའི་གནས་ཚུལ་ལྟར་ན། ཀྲོའུ་ཧྲན་དུ་པཱོ་དབྱིན་གྱི་སྒྲིག་སྦྱོར་བཟོ་གྲྭ་འཛུགས་སྐྲུན་ཐད་ཀྱི་ཇུས་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་ཕུལ་ཡོད་ཅིང་། ཆེས་མགྱོགས་ན་དེ་རེས་གཟའ་འཁོར་འདིའི་ནང་འཕེལ་རིམ་གསར་པ་ཡོད་སྲིད། པཱོ་དབྱིན་གྱི་རྣམ་གྲངས་ལག་བསྟར་ལ་བརྩོན་ལེན་བྱ་ཆེད། ཀྲོའུ་ཧྲན་གྲོང་ཁྱེར་གྱིས་འདིའི་ཐད་ལོ་ངོ་གཉིས་ལྷག་རིང་གྲ་སྒྲིག་བྱས་ཡོད་པ་མ་ཟད་ཀྲོའུ་ཧྲན་མཁའ་འགྲུལ་ཐོན་ལས་གླིང་ཡང་འཆར་འགོད་བྱས་ཡོད་པ་རེད། པཱོ་དབྱིན་གྱི་སྤྱི་ཁྱབ་ལས་འཛིན་ཚོགས་གཙོས་ཀྱང་ན་ནིང་ལོར་ཀྲོའུ་ཧྲན་ལ་རྟོག་ཞིབ་གནང་ཡོད་འདུག  ཇུས་གཞི་ལྟར་ན།  སྒྲིག་སྦྱོར་བཟོ་གྲྭ་དེ་ནི་ཉེ་འགྲམ་གྱི་གནམ་ཐང་དང་གྲུ་ཁའི་དགེ་མཚན་ལྡན་པའི་ཀྲུའུ་ཅ་ཅན་གླིང་ཕྲན་དུ་འཛུགས་འཆར་ཡོད་པ་རེད། 
  གཞན་ཡང་།  པཱོ་དབྱིན་ཀུང་ཟི་དང་འཕེལ་བཅོས་ཨུ་ལྷན་བར་གྱི་མཉམ་ལས་བརྗེད་ཐོའི་སྒྲོམ་གཞིའི་ཆིངས་ཡིག་ལྟར།  ཕྱོགས་གཉིས་ཀས་ཀྲུང་གོའི་ཞིང་ལས་ཀྱི་བེད་མེད་སྙུགས་རོ་དེ་རྒྱུན་མཐུད་ངང་མཁའ་སྐྱོད་སྐྱེ་དངོས་འབར་རྫས་སུ་སྒྱུར་པའི་མཉམ་ལས་རྣམ་གྲངས་གསར་པ་ཞིག་ཀྱང་ཁྱབ་བསྒྲགས་བྱས་འདུག  པཱོ་དབྱིན་ཀུང་སི་དང་འཕེལ་བཅོས་ཨུ་ལྷན་གྱིས་མ་རྨོས་ལོ་ཏོག་གི་ཟེ་སྙིང་དང་སོག་མ་སོགས་ཞིང་ལས་བེད་མེད་སྙུགས་རོ་དེ་མཁའ་འགྲུལ་སྐྱེ་དངོས་འབར་རྫས་སུ་སྒྱུར་པར་མཉམ་ལས་བྱས་བརྒྱུད། མཁའ་འགྲུལ་ལས་རིགས་ཀྱི་ཐཱན་སྐྱུར་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་རྒྱུ་རེད།

  ཁ་བྱང་ཕྱི་མོ། ཀྲུང་གོའི་ཕྱི་རྒྱལ་གྱི་གནམ་གྲུ་བཟོ་གྲྭ་ཐོག་མ་ཀྲོའུ་ཧྲན་དུ་འཛུགས་རྒྱུ་རེད།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070