སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧོ་ཧྥེའི་མཐོ་སློབ་ཁག་གི་སློབ་མ ༥༠༠༠ གིས་གཉེན་འགུགས་པ།
སྤེལ་དུས། 2015-11-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དཀོན་བཀྲ།
  ༢༠༡༥ ལོའི་ཟླ ༡༡ པའི་ཚེས ༡༧ ཉིན་གསར་ལམ་དུ་བཀོད་པ་ལྟར་ན། ཚེས ༡༤ ཉིན་གྱི་དགོང་མོར་ཧོ་ཧྥེའི་མཐོ་སློབ་ཁག་ཅིག་གི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིག་ཚན་ཁ་ཤས་ཀྱི་སློབ་མ་ཕོ་མོའི་བསྡུར་བ་དོ་མཉམ་མེད་པར་དམིགས་ནས་ཀྲུང་གོ་ཚན་རིག་ལག་རྩལ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་པ་ཡིས་མཐོ་སློབ་སོ་སོའི་སློབ་མ་ཞུགས་ཆོག་པའི་གཉེན་འགུགས་བྱེད་སྒོ་ཞིག་སྤེལ། བྱེད་སྒོ་དེར་ཞུགས་མཁན་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་དང་ཧོ་ཧྥེ་བཟོ་ལས་སློབ་ཆེན། ཨན་ཧེའེ་སློབ་ཆེན། ཨན་ཧེའེ་ཞིང་ལས་སློབ་ཆེན། ཨན་ཧེའེ་འཛུགས་སྐྲུན་སློབ་ཆེན། ཧོ་ཧྥེ་སློབ་གླིང་། ཧོ་ཧྥེ་དགེ་ཐོན་སློབ་གླིང་སོགས་མཐོ་སློབ་ཁག་གི་སློབ་མ ༥༠༠༠ ལྷག་ཞུགས་འདུག

  གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བྱེད་སྒོ་འདི ༢༠༠༣ ལོ་ནས་བཟུང་སྤེལ་མགོ་བརྩམས་ཡོད་པ་དང་། རབས་འདིའི་གཉེན་འགུགས་བྱེད་སྒོ་ལ་སྡོམ་པས་སློབ་མ ༥༠༠༠ ཞུགས་འདུག

  ཕྱི་དྲོའི་ཆུ་ཚོད ༦ པ་ནས་བཟུང་གཉེན་འགུགས་བྱེད་སྒོ་མགོ་བརྩམས་ཤིང་། བྱེད་སྒོ་རིམ་པ་གསུམ་དུ་བཀར་ཏེ་ས་གནས་མི་འདྲ་བ་གསུམ་ནས་སྤེལ། ལྟད་མོ་བར་ངེས་པར་བྱེད་སྒོ་དེར་ཞུགས་ཆོག་པའི་ཆོག་མཆན་པ་སེ་དགོས་འདུག བྱེད་སྒོའི་རིམ་པ་དང་བོ་མགོ་བརྩམས་དུས་ནས་བཟུང་བྱེད་སྒོར་ཞུགས་མཁན་རྣམས་འཚང་ཁ་ཤིག་ཤིག་གིས་སླེབས། རིམ་པ་དང་བོ་ལས་ཁོ་ཚོས་སྐད་འཕྲིན་བེད་སྤྱད་ནས་རང་གིས་བརྩེ་དུངས་ལ་བཅངས་པའི་རེ་འདུན་བརྗོད་རྒྱུ་དེ་ཡིན་འདུག

གཉེན་འགུགས་བྱེད་སྒོ་སྤེལ་སའི་ཁང་བའི་ནང་ཁུལ་གྱི་རྣམ་པ།

  བྱེད་སྒོའི་རིམ་པ་གཉིས་པར་ཞུགས་མཁན་གྱི་སློབ་མ་ཚོས་ཞབས་བྲོ་དང་གླུ་དབྱངས་སོགས་རོལ་རྩེད་སྣ་ཚོགས་རྩེ་ནས་རང་གི་ཁྱད་གཤིས་མངོན་པར་བྱེད་དགོས་འདུག དེར་བསྟུན་ནས་གཉེན་ཡ་ཕན་ཚུན་དབར་དུངས་སེམས་མཚོན་པའི་གཏམ་ལབ་རྒྱུ་དེ་རེད་འདུག བྱེད་སྒོའི་རིམ་པ་གསུམ་པ་ནི་དུས་ཚོད་སྐར་མ ༧ གྱི་རིང་ལ་གཉེན་ཡ་ཁེར་ཐུགས་རྒྱག་རྒྱུ་དེ་ཡིན། གཤམ་གྱི་པར་ནི་སློབ་མ་མོ་དེས་རང་ཉིད་ཕ་རོལ་བོ་ཕོ་དེའི་དགའ་རོགས་སུ་འགྲིག་རབས་ལབ་པའི་ཚུལ་རེད།

སློབ་མ་བུད་མེད་ཅིག་གི་རིག་རྩལ་འཁྲབ་སྟོན་གནང་བཞིན་པ།

ཕྱིའི་རྒྱལ་ཁབ་ཀྱི་སློབ་མ་ཁ་ཤས་ཀྱང་གཉེན་འགུགས་སུ་ཞུགས་ཡོད་པ། 

  ཁ་བྱང་ཕྱི་མོ། ཧོ་ཧྥེའི་མཐོ་སློབ་ཁག་གི་སློབ་མ ༥༠༠༠ གིས་གཉེན་འགུགས་པ།
(རྩོམ་འགན་པ། དབང་འདུས།)
 
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070