སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཏང་ཡོན་གྱིས་སྒེར་ནས་བག་མེད་ལོངས་སྤྱོད་བྱེད་པར་ཀྲུང་དབྱང་སྒྲིག་ཨུས་རང་དགར་མི་འཇོག་ཟེར།
སྤེལ་དུས། 2015-11-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཡུམ་མཚོ།

  ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་ཟླ ༡༡ པའི་ཚེས ༡༨ ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཏང་ཡོན་གྱིས་རང་ནོར་སྤྱད་ནས་ཁྲིམས་མཐུན་གྱིས་གྲགས་ཅན་གྱི་རླངས་འཁོར་དང་ཆུ་ཚོད་ཉོ་བའི་སྣང་ཚུལ་དེ་ཏང་གིས་ཆད་པ་གཅོད་སྲིད་དམ་ཞེ་ན།  ཚེས ༡༨ ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཧེས་ཀྲུང་དབྱང་སྒྲིག་ཨུའི་ལྟ་ཞིབ་དྲ་ཚིག་གིསའཚམས་འདྲི་བྱེད་སྐབས་ཏང་ཡོན་དེ་དག་གི་སྤྱོད་ཚུལ་ནི་ས་གནས་དེ་གའི་རྒྱུན་ལྡན་གྱི་འཚོ་བའི་འཛད་སྤྱོད་ཆུ་ཚད་ལས་བརྒལ་བ་དང་། མང་ཚོགས་སེམས་ནང་གི་མ་དཔེ་བཟང་པོ་ཡང་གཏོར་སྲིད་པས། འདི་ལྟར་འཚོ་བ་རོལ་བའི་ཏང་ཡོན་ནི་ཏང་གིས་གང་འདོད་དུ་འཇོག་མི་སྲིད་པ་གསལ་བོར་བསྟན་ཡོད།

  གསར་དུ་བཟོ་བཅོས་བྱས་པའི 《ཀྲུང་གོ་གུང་ཁྲན་ཏང་གི་ཆད་པའི་ཁྲིམས་སྲོལ》གྱི་སྲོལ ༡༢༦ ལྟར་དུ། བག་མེད་ཆུད་ཟོས་དང་། ལོངས་སྤྱོད་ལ་ཞེན་པ། མ་རབས་ཞེན་ཆགས་དང་རྗེས་འབྲས་ངན་པ་བྱུང་ཚེ། ཐ་ཚིག་སྒྲོག་པའམ་ཐ་ཚིག་སྒྲོག་པའི་ཆད་པ་ནན་མོ་གཅོད་པ་དང་། གནས་ཚུལ་ཚབས་ཆེན་ཅན་འཕྲད་ཚེ། ཏང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ་རེད།

  ཀྲང་ཧེས་བཤད་རྒྱུར། "བག་མེད་ཆུད་ཟོས་དང་། ལོངས་སྤྱོད་ལ་ཞེན་པ"ནི་གཙོ་བོ་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག"དཀའ་བ་སྔོན་དང་། བདེ་བ་རྗེས"ཀྱི་འོས་འགན་དང་《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་ཚད་གཞི》"གྲོན་ཆུང་དར་སྤེལ་དང་ལོངས་སྤྱོད་བཀག་འགོག"བྱེད་པའི་རེ་འདུན་དང་འགལ་བ་རེད། དུས་རྒྱུན་གྱི་འཚོ་བའི་ཁྲོད། ཁོ་ཚོས་ཡོད་ཚད་རྒྱས་སྤྲོས་དང་གསེར་དངུལ་ཆུ་ལ་སྤྱོད་སྤྱོད་བྱེད་པ་ནི་རྒྱ་ཆེའི་མང་ཚོགས་ཀྱིས་སྐྱོན་བརྗོད་བྱེད་ཡུལ་དུ་གྱུར་ཡོད་ལ།  སྤྱོད་ཚུལ་དེ་དག་ནི་ས་གནས་དེ་གའི་རྒྱུན་ལྡན་གྱིའཚོ་བའི་འཛད་སྤྱོད་ཆུ་ཚད་ལས་བརྒལ་ཡོད་པ་རེད། 

  ཁོང་གིས་བཤད་རྒྱུར། གོང་གསལ་གྱི་སྐྱིད་འདོད་རང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ལུགས་ནི་རང་ནོར་སྤྱད་ནས་ཚད་མཐོའམ་བག་མེད་རང་བཞིན་གྱི་འཛད་གྲོན་གཏོང་བ་དེ་རེད། ཏང་གི་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་འོག ཏང་ཡོན་དང་། ལས་བྱེད་པ་ཚོས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཕྱུག་པོར་ཆགས་ནས་འཚོ་བ་ཡར་རྒྱས་ཡོང་ཚེ་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པ་དང་། འོན་ཀྱང་ཚད་ལས་བརྒལ་བའི་ཆུད་ཟོས་ནི་མང་ཚོགས་ཁྲོད་དང་སྤྱི་ཚོགས་ཐོག་ཚད་ལྡན་གྱི་ཚད་གཞི་ཞིག་ཡོད་ལ། མང་ཚོགས་ཀྱིས་ཀྱང་ཁོ་ཚོ་ནི་མིང་དོན་མཚུངས་པའི་གུང་ཁྲན་ཏང་ཡོན་ངོ་མ་ཞིག་མིན་པར་འདོད་ངེས། དེ་བས་འདི་ལྟར་འཚོ་བ་རོལ་བའི་ཏང་ཡོན་ནི་ཏང་གིས་གང་འདོད་དུ་འཇོག་མི་སྲིད་ཁོ་ཐག་ཡིན་ནོ། ། 

ཁ་བྱང་ཕྱི་མོ།  ཏང་ཡོན་གྱིས་སྒེར་ནས་བག་མེད་ལོངས་སྤྱོད་བྱེད་པར་ཀྲུང་དབྱང་སྒྲིག་ཨུས་རང་དགར་འཇོག་མི་སྲིད་ཟེར།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070