སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་ཡོངས་རླུང་ཁམས་ཆེན་མོའི་སྦཊ་བཙོག་འགོག་བཅོས་ཐད་སྒོར་དུང་ཕྱུར ༡.༨༤ གཏོང་དགོས་འདུག
སྤེལ་དུས། 2015-11-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
དྲ་ངོས་ཀྱི་འདྲ་པར།
  ཟླ ༡༡ པའི་ཚེས ༡༩ ཉིན་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་དྭངས་གཙང་མཁའ་དབུགས་མནའ་འབྲེལ་དྲུང་ཡིག་ཁྲུའུ་ཡིས་བསྒྲགས་པའི《རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་གཞི(༢༠༡༣—༢༠༡༧)ལག་བསྟར་བྱ་བར་མ་དངུལ་གྱི་དགོས་མཁོ་དང་ཤུགས་རྐྱེན》ཞེས་པའི་ཞིབ་འཇུག་སྙན་ཞུ་ལྟར་ན། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱ་བར་ཐད་ཀར་མ་དངུལ་དམངས་སྒོར་དུང་ཕྱུར ༡.༨༥ གཏོང་དགོས་ཤིང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་གཏོང་ཚད་དང་དངོས་ཡོད་དགོས་མཁོ་གཉིས་བསྡུར་ནས་བར་ཁྱད་ཅུང་ཆེ་ཞིང་། རང་རྒྱལ་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་ཐད་སྔར་བཞིན་མ་དངུལ་གཏོང་པའི་བསྡོམས་འབོར་ཆེས་ཆེར་མི་འདང་པ་སོགས་ཀྱི་གནད་དོན་ཐོན་འདུག 

དྲ་ངོས་ཀྱི་འདྲ་པར།
  ཉེ་བའི་ལོ་གཉིས་རིང་།  རང་རྒྱལ་གྱི་མཁའ་རླུང་འབག་བཙོག་འཕེལ་རྒྱས་ཀྱི་རྣམ་པ་ཅུང་ཛ་དྲག་གི་གནས་སུ་གྱུར་ཡོད་དེ། ༢༠༡༣ ལོའི་ཟླ ༩ པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་གཞི(༢༠༡༣—༢༠༡༧)》("རླུང་ཁམས་ཆེན་མོའི་དོན་ཚན་བཅུ")བཀྲམས་ཤིང་། འཆར་གཞི་དེ་ལག་བསྟར་དོན་འཁྱོལ་བྱ་ཆེད། ས་གནས་ཁག་གི་སྲིད་གཞུང་གིས་ཀྱང་སྔ་གཞུག་ཏུ་བབ་བསྟུན་འཆར་གཞི་བཏོན་ཡོད་པ་རེད། 
 
  རྣམ་གྲངས་འདིའི་ཞིབ་འཇུག་ལས་རིམ་དུ་ཞུགས་མཁན་ཆེད་མཁས་ཀྱིས།  དེའི་ཐད་འབད་བརྩོན་གང་ལེགས་བྱས་ནའང་། "རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་ཁྱབ་ཁོངས་སུ་དོ་དམ་གྱི་ཉམས་མྱོང་དང་ཐོན་ཁུངས་ཀྱི་ཆ་རྐྱེན་ཞན་པས། ས་གནས་མང་ཆེ་བར‘རླུང་ཁམས་ཆེན་མོའི་དོན་ཚན་བཅུའི"དམིགས་འབེན་དང་ལེན་བྱེད་དགོས་ཚེ་ད་དུང་དཀའ་ངལ་མང་པོ་ཡོད་ཅིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཁོར་ཡུག་མཁའ་དབུགས་སྤུས་ཚད་ཀྱི་ཚད་གཞི(PM༢.༥ ལོ་རེའི་ཆ་སྙོམས་གྲངས་ཚད ༣༥ug/m༣)དང་། ཐ་ན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཛུབ་སྟོན་གྲངས་ཚད(PM ༢.༥ ལོ་རེའི་ཆ་སྙོམས་གྲངས་ཚད ༡༠ug/m༣)དམིགས་ཚད་དུ་སླེབས་དགོས་ཚེ་དཀའ་ངལ་ངེས་ཅན་འཕྲད་སྲིད"ཅེས་བསྟན་བྱུང་།

དྲ་ངོས་ཀྱི་འདྲ་པར།
  རྒྱུས་ལོན་བྱུང་པ་ལྟར་ན།  སྙན་ཞུ་དེ་ནི་ཁོར་ཡུག་སྲུང་སྐྱོབ་པུའུ་ཁོར་ཡུག་འཆར་འགོད་ཁང་དང་ནན་ཅིན་སློབ་གྲྭ་ཆེན་མོའི་ཆེད་མཁས་ལས་དོན་ཚོགས་ཆུང་གིས་ལོ་ངོ་གཉིས་ལྷག་རིང་ཡུལ་དངོས་བརྟག་ཞིབ་དང་། སྡོམ་རྩིས། དབྱེ་ཞིབ། ཚད་ལེན་ཞིབ་རྩིས་ཕྱོགས་སྡོམ་བརྒྱུད་ལེགས་འགྲུབ་བྱུང་པ་ཡིན་ལ། སྙན་ཞུའི་ནང་།  རྒྱལ་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱ་བར་ཐད་ཀར་མ་དངུལ་དམངས་སྒོར་དུང་ཕྱུར ༡.༨༤ གཏོང་དགོས་ཤིང་། དེ་ནི་དེ་སྔོན་ཚོད་དཔག་བྱས་པའི་དམངས་སྒོར་དུང་ཕྱུར ༡.༧ དང་བསྡུར་ནས་བརྒྱ་ཆའི ༨ འཕར་ཡོད་པ་རེད།  རྒྱལ་ཡོངས་ཀྱིས་ནུས་ཁུངས་སྒྲིག་གཞི་ལེགས་བཅོས་དང་། སྦགས་བཙོག་ཀྱི་མ་ཁུངས་གནས་སྤོའི་ཐད་ཀྱི་འགོག་བཅོས། བཟོ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་། ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ཐད་མ་དངུལ་གྱི་དགོས་མཁོ་ནི་རིམ་བཞིན་དམངས་སྒོར་དུང་ཕྱུར ༢༨༤༤ དང་། དམངས་སྒོར་དུང་ཕྱུར ༡༤༠༦༧.༦༦།  དམངས་སྒོར་དུང་ཕྱུར ༩༡༥.༤༤།  དམངས་སྒོར་དུང་ཕྱུར ༦༡༥.༧༢ བཅས་རེད།  པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲུ་ཆུའི་ཟུར་གསུམ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་བཅས་ས་ཁོངས་གཙོ་བོ་གསུམ་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱ་བར་ཐད་ཀར་མ་དངུལ་དམངས་སྒོར་དུང་ཕྱུར ༢༤༩༠.༢༩ དང་། དམངས་སྒོར་དུང་ཕྱུར ༢༣༨༤.༦༩། དམངས་སྒོར་དུང་ཕྱུར ༩༠༣.༥༨ གཏོང་དགོས་འདུག བསྡོམས་རྩིས་ལྟར་ན། པེ་ཅིང་། ཐེན་ཅིན། ཧོ་པེ་བཅས་སུ་མ་དངུལ་གཏོང་ཚད་ཆེ་ཤོས་ནི་རིམ་བཞིན་བཟོ་ལས་ཁེ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་དེ་ཡིན་ལ།  འབྲི་ཆའིུ་ཟུར་གསུམ་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ས་ཁུལ་དུ་གནས་སྤོའི་ཁུངས་ཀྱི་སྦགས་བཙོག་འགོག་བཅོས་རེད་འདུག

དྲ་ངོས་ཀྱི་འདྲ་པར།
  སྙན་ཞུ་ལས།  རང་རྒྱལ་དུ་མིག་སྔར་བརྟན་བརླིང་ནུས་ལྡན་གྱི་རླུང་ཁམས་ཆེན་མོའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་ཐད་མ་དངུལ་གཏོང་པའི་ལམ་ལུགས་འཐུས་ཚང་ཞིག་ཆགས་མེད་པ་མ་ཟད། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་གཏོང་ཚད(༢༠༡༣ ལོ་དང ༢༠༡༤ ལོར་དམངས་སྒོར་དུང་ཕྱུར ༥༠ དང་དམངས་སྒོར་སྒོར་དུང་ཕྱུར ༡༠༠ ཙམ་རེད)དེ་དངོས་ཡོད་དགོས་མཁོ་དང་བསྡུར་ན་སྔར་བཞིན་བར་ཁྱད་ཆེན་པོ་ལྡན་པས། ་རང་རྒྱལ་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་ཐད་སྔར་བཞིན་མ་དངུལ་གཏོང་པའི་བསྡོམས་འབོར་མི་འདང་བ་དང་། སྲིད་གཞུང་གི་ནོར་སྲིད་མ་དངུལ་ལ་བརྟེན་དྲགས་པ་དང་མ་དངུལ་བསྡུ་ཐབས་ཆིག་རྐྱང་ཅན་སོགས་ཀྱི་གནད་དོན་ཐོན་ཡོད་ཅེས་བསྟན་འདུག 

དྲ་ངོས་ཀྱི་འདྲ་པར།
  སྙན་ཞུ་ལས།  རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཐད་དཔེ་སྟོན་རང་བཞིན་གྱི་བྱ་དགའ་བཅས་ཚུད་པའི་རྒྱལ་ཁབ་ཀྱི་གྲོན་དངུལ་དང་། དུས་མཚུངས་སུ་ས་གནས་ཀྱི་སྲིད་གཞུང་སྡེ་ཚན་ནས་མ་དངུལ་བསྡུ་ཐབས་ཅི་རིགས་རྒྱ་སྐྱེད་རྒྱུ། སྦགས་བཙོག་ཕྱིར་གཏོང་གི་མ་དངུལ་བསྡུ་བའམ་ཆད་པ་གཅོད་རྒྱུ་སོགས་སྦགས་བཙོག་ཁེ་ལས་ནས་མ་དངུལ་བསྡུ་བ་བཅས་ཐབས་ལམ་ཅི་རིགས་ཀྱི་མ་དངུལ་ཡོང་ཁུངས་བརྩོན་ལེན་བྱེད་རྒྱུ་དང་།  དེ་ནས་སྒེར་གཉེར་སྡེ་ཚན་ནས་མ་དངུལ་གཏོང་པར་སྐུལ་ལྕག་བྱས་བརྒྱུད་གཞུང་སྒེར་མཉམ་ལས་ཀྱི་འབྲེལ་ལམ་འཛུགས་པ། མཇུག་མཐར་དུས་བཀག་གི་སྤྱི་པའི་ནོར་སྲིད་གཏོང་པའི་ཕན་འབྲས་ལ་དཔྱད་འཇོག་བྱས་བརྒྱུད་མ་དངུལ་སྤྱོད་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་དང་།  ས་གནས་སྲིད་གཞུང་གིས་ས་ཁོངས་ནང་ཁུལ་གྱི་སྲིད་གཞུང་གཞན་དག་དང་ ཐོན་ཁུངས་མཉམ་སྤྱོད་སྡེབ་སྒྲིག་བྱས་ཏེ་བསྐྱར་ཟློས་རང་བཞིན་གྱི་ལས་ཀ་བྱེད་མི་རུང་བའི་དགོངས་འཆར་བཏོན་འདུག

  ཁ་བྱང་ཕྱི་མོ།  རྒྱལ་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཐད་དམངས་སྒོར་དུང་ཕྱུར༡.༨༤གཏོང་དགོས་འདུག
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070