སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྲིད་གྲོས་འཆད་ཁྲིད་སྐབས་བཅུ་གཅིག་པ་དངོས་སུ་མགོ་བརྩམས།
སྤེལ་དུས། 2016-05-06   ཡོང་ཁུངས། qhtb.cn   རྩོམ་སྒྲིག་པ།  

ཟླ་ལྔ་བའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྲིད་གྲོས་འཆད་ཁྲིད་སྐབས་བཅུ་གཅིག་པ་དངོས་སུ་སྤེལ་མགོ་བརྩམས་པ་དང་། ཁྲུང་ཆིན་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཁྲུང་ཆིན་གྲོང་ཁྱེར་སྲིད་གྲོས་ཀྱི་སློབ་གསོ་རིག་གནས་ལོ་རྒྱུས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲུང་ཆིན་ཧུང་ཡན་དགོངས་དོན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ལིས་ཧྭ་གདན་དྲངས་ཏེ། “ཧུང་ཡན་རྣམ་ཤེས། དད་པའི་སྟོབས་ཤུགས་”ཞེས་པ་བརྗོད་གཞིར་བཟུང་ནས་འཆད་ཁྲིད་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་། མཱ་ཀྲི་ཝེ། ཅི་རིན་ཧྥིན། ཟི་ལིང་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཚང་མ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་རེ་འགའ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གྲོས་དང་རྫོང་ཁོངས་གཏོགས་སྲིད་གྲོས་ཀྱི་ལས་བྱེད་པ་རེ་འགའ་བཅས་ཀྱིས་ཐེངས་འདིའི་འཆད་ཁྲིད་ལ་ཉན།

ལིས་ཧྭ་ཡིས་ཧུང་ཡན་རྣམ་ཤེས། དད་པའི་སྟོབས་ཤུགས་ཞེས་པ་བརྗོད་གཞིར་བཟུང་ནས། ཡ་ང་བའི་ལོ་རྒྱུས་དང་རྒྱབ་འགལ་གྱི་སྐྱོ་གར། བརྗེད་མི་སྲིད་པ་བཅས་ཕྱོགས་གསུམ་གྱི་ཆ་ནས། དད་པའི་སྟོབས་ཤུགས་ལ་སྒྲོག་འགྲེལ་དོན་དང་ལྡན་པ་བྱས། ལོ་རྒྱུས་ཀྱི་རྒྱུ་ཆ་དངོས་དང་སྣ་མང་ཕུན་སུམ་ཚོགས་པའི་པར་རིས་ལ་བརྟེན་ནས། བློ་མཐུན་ཧི་གུང་ཝེ་སོགས་ཧུང་ཡན་གྱི་སྔོན་བྱོན་དམ་པ་རྣམས་ཀྱིས་ཏང་ལ་བཅངས་པའི་བློ་དཀར་གཞུང་དྲང་གི་སེམས་རྒྱུད་དང་། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས། མི་དམངས་ལས་དོན་གྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་བླ་མེད་དགོངས་པ་བཅས་གསོན་ཉམས་དོད་པོའི་ངང་རྒྱ་ཆེ་བའི་ཉན་མཁན་རྣམས་ཀྱི་རྒྱུད་ལ་བཞག་ནས། གུང་ཁྲན་ཏང་ཡོན་རྣམས་ཀྱི་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་བཟང་བོ་གསལ་སྟོན་བྱས། འཆད་ཁྲིད་ཀྱི་བརྗོད་གཞིར་གསར་ཤོས་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པ། གཏན་ཚིགས་ཀྱི་རང་བཞིན་དྲག་པོ་ལྡན་པས། བློ་མཐུན་ལིས་ཧྭ་ལགས་ཀྱི་ཡོན་ཏན་གྱི་ཟབ་རྒྱ་དང་བྱ་བའི་ཉམས་མྱོང་བཟང་བོ་མངོན་པར་མཚོན་བྱུང་བ་ལས་གཞན། རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་དོན་དང་ལྡན་པ་བྱས།

ཚང་མས་འཆད་ཁྲིད་ལ་ཉན་རྗེས་བསྟན་དོན། ཐེངས་འདིའི་འཆད་ཁྲིད་ལས་ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་གསར་བརྗེ་འཕེལ་རིམ་སྟེང་གི་ཀྱག་ཀྱོག་བཞུད་ལམ་དང་དཀའ་སྡུག་གི་རི་མོ་ལ་ངེས་ཤེས་ཟབ་མོ་འདྲོངས་པར་བྱས་པ་དང་། གུང་ཁྲན་ཏང་ཡོན་རྣལ་མ་ཞིག་ཇི་ལྟར་བྱེད་དགོས་པའི་སྐོར་ནས་མིག་དཔེ་བཟང་བོ་བསྟན། མིག་སྔར་སྤེལ་བཞིན་པའི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས། གུང་ཁྲན་ཏང་ཡོན་རྣམས་ཀྱི་འགན་འཁྲི་ལྗིད་མོ་རང་རྒྱུད་ལ་བླངས་ཐོག དཀའ་སྡུག་ལ་མི་སྐྲག་པ་དང་བློས་གཏོང་ལ་མི་ཞུམ་པའི་གུང་ཁྲན་ཏན་ཡོན་གྱི་བླ་མེད་སྤྱོད་བཟང་དར་སྤེལ་གང་ལེགས་གཏོང་དགོས་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070