སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་ལྔའི་འཆར་གཞི་བཅུ་གསུམ་པར་རྒྱང་ལྟ་བྱེད་པའི་སྙན་ཞུ་ཚོགས་འདུ་པེ་ཅིན་ནས་བསྡུས།
སྤེལ་དུས། 2016-05-06   ཡོང་ཁུངས། qhtb.cn   རྩོམ་སྒྲིག་པ།  

ཟླ་ལྔ་བའི་ཚེས་ལྔ་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དྲུག་གིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པར་རྒྱང་ལྟ་བྱེད་པའི་སྙན་ཞུ་ཚོགས་འདུ་རབ་དང་རིམ་པས་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས་ནས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཁྲིན་ཀྲིན་ཀའོ་ཡིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ཀྱིས་འཆམ་མཐུན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དེ་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ཏེ། གྲོང་ཁྱེར་དེང་རབས་ཅན་དུ་བསྒྱུར་བར་བྱེད་པའི་བྱེད་ཐབས་དངོས་གཏན་ལ་ཕབ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ནས། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་བརྩི་འཇོག མཐུན་ཐབས་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་བྱེད་སྟངས་བསྒྱུར་བ་དང་། གྲོང་ཁྱེར་གྱི་ཁྱད་ཆོས་དང་རྣམ་པ་འཛུགས་སྐྲུན་བཟང་བོ་བྱས་ནས། གྲོང་ཁྱེར་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་དོ་དམ་དང་ཞབས་ཕྱི་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། ཀྲུང་གོ་ཁྱད་ཆོས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་བགྲོད་ལམ་ཧུར་ཐག་སྒོས་གསར་གཏོད་བྱེད་དགོས་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070