སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
《གཙོད་གྲོང་གི་ལས་དབང》ཞེས་པའི་བརྙན་ཐུང་ཀན་ལྷོ་ནས་ཕབ་མགོ་ཚུགས།
སྤེལ་དུས། 2015-07-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དཀོན་མཆོག་བཀྲ་ཤིས།

གཙོ་འཁྲབ་པ་དགེ་འདུན་ཕུན་ཚོགས།

གཙོ་འཁྲབ་པ་ཝང་ཡུས་ཐོང་།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་ལགས་ཀྱིགཙོད་གྲོང་གི་ལས་དབངཞེས་པའི ༤K གློག་བརྙན་ཐུང་བ་དེ ༢༠༡༥ ལོའི་ཟླ ༧ པའི་ཚེས ༡༤ ཉིན་ཕབ་མགོ་ཚུགས་ཤིང་། མདོ་ལྷོ་གློག་བརྙན་འཕྲིན་རྒྱ་ཁྱབ་ཚད་ཡོད་འགན་འཁྲི་ཀུང་སིས་བརྙན་ལེན་གྱི་འགན་ཁུར་ཅིང་། འདི་ནི་མིག་སྔར་ཀན་ལྷོ་ས་ཁུལ་གྱི ༤K གློག་བརྙན་ཐུང་བ་ཐོག་མ་ཆགས་འདུག 

གཙོད་གྲོང་གི་ལས་དབངཞེས་པར་བོད་ཀྱི་ན་ཆུང་ཁེ་ལས་བ་དོན་འགྲུབ་དང་ནང་ལོགས་ཀྱི་བུ་མོ་ཁྲིན་མའོ་གཉིས་བར་བྱུང་བའི་བརྩེ་དུངས་ཀྱི་གཏམ་རྒྱུད་དེ་ཀན་ལྷོའི་མཛེས་སྡུག་གི་རི་ཆུ་དང་ཡུལ་སྲོལ་གོམས་གཤིས་སོགས་རྒྱུད་སྐུད་གཅིག་ལ་བསྟར་ནས་སྤེལ་མར་བརྗོད་འདུག  དེ་ལས་མི་རིགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་རིག་གནས་རྒྱབ་ལྗོངས་སོགས་གསེད་ཡོད་ཅིང་། ཀན་ལྷོ་ས་ཆའི་བོད་ཀྱི་ན་གཞོན་དག་གི་གནས་བབ་ཀྱང་ཟུར་ནས་མཚོན་འདུག

ཐེངས་འདིའི་གློག་བརྙན་གྱི་གཙོ་འཁྲབ་པ་ནི་བོད་ཀྱི་ན་གཞོན་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས་དང་ནང་ལོགས་ཀྱི་ན་གཞོན་འཁྲབ་སྟོན་པ་ཝང་ཡུས་ཐོང་གཉིས་ཡིན་འདུག   གློག་བརྙན་གྱི་འཁྲབ་སྟོན་ཟུར་བ་ལ་མགོན་པོ་འཚོ་དང་བདེ་སྐྱིད་ལྷ་མོ། སངས་རྒྱས་སོགས་ཞུགས་འདུག

 (རྩོམ་འགན་པ། སྒྲོལ་ཚེ།) 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070