སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་མང་ཚོཌ་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་པ།
སྤེལ་དུས། 2014-07-02   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ཚེ་རྡོར།

 ཉེ་བའི་ལོའི་ནང༌། ལྷོ་ཁ་ས་ཁུལ་ཟངས་རི་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དོན་དངོས་ལ་གཞིགས་ནས། བྱ་ཐབས་གསར་པ་བཏོད་པ་དང་། དམངས་ཀྱི་འདོད་བློ་དང་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་པའི་ཐབས་ལམ་གསར་པ་བཏོད་ཡོད་པ་རེད།  
 ཟངས་རི་རྫོང་ཁྲོམ་མདའ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་ཚོ༢༠བརྩོན་ལེན་བྱས་ཏེ། གྲོ་འཐག་ཁང་བརྒྱབ་པ་དང་གཟན་ཆག་ལས་སྣོན་འཕྲུལ་འཁོར་དང༌། སྣུམ་བཙིར་འཕྲུལ་འཁོར། རྩམ་འཐག་འཕྲུལ་འཁོར་སོགས་ཉོས་ཏེ་གྲོ་འཐག་ཆེད་ལས་མཉམ་ལས་ཁང་འཛུགས་རོགས་བྱས་པ་རེད། ད་བར་མཉམ་ལས་ཁང་དེར་ཡོང་འབབ་སྒོར་ཁྲི ༤ ལྷག་ཙམ་བྱུང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར ༢༠༠༠ ལྷག་ཙམ་འཕར་སྣོན་བྱུང་ཡོད་པ་རེད། 

ཟངས་རི་གྲོང་རྡལ་ཞོལ་པ་རུམ་འཐག་མཉམ་ལས་ཁང་དེ་ནི་ཀྲི་པུའུ་དང་མཐུན་ཚོགས་ཀྱིས་མཉམ་གཉེར་བྱེད་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཞིག་ཡིན་ཞིང་། རུམ་འཐག་མཉམ་ལས་ཁང་དེས་བུད་མེད་ལས་མི ༡༧ བསྡུས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་པ་རེད།  
  ཟངས་རི་རྫོང་ནུབ་མཁར་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོ་དེ་གའི་གནོད་མེད་སྔོ་ཚལ་རྟེན་གཞིའི་ལེགས་ཆར་བརྟེན་ནས། དུད་སྦྲེལ༣༡ནང་ནས་དུད་ཚང༣༠བདམས་ཏེ་གནོད་མེད་སྔོ་ཚལ་འདེབས་འཛུགས་ནང་ཞུགས་པ་དང༌། ད་ལྟ་ནུབ་མཁར་གྲོང་ཚོའི་སྔོ་ཚལ་མཐུན་ཚོགས་ཀྱིས་འདེབས་འཛུགས་བྱེད་མཁན༦༠ལྷག་ཙམ་བསྡུས་ཡོད་པ་དང་། ཡོང་འབབ་སྒོར་ཁྲི༧ལྷག་ཙམ་བྱུང་ཡོད་པས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར༥༠༠༠ལྷག་ཙམ་འཕར་སྣོན་བྱུང་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060