སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སྒྲིག་ཨུད་དྲ་བ་བཏང་ནས། ལྟ་རྟོག་གཏུག་བཤེར་གྱི་ལམ་ཡངས་པོར་ཕྱེས།
སྤེལ་དུས། 2014-07-03   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  གུ་རུས་བསྒྱུར།

ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་སྡེ་ཁག་གི་དྲ་བར་གནས་ཚུལ་འབྱོར་གསལ། ཟླ༦ཚེས༣༠ཉིན་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བ་དངོས་སུ་ཤར་གཏོང་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད། སྒྲིག་ཨུད་ཧྲུའུ་ཅི་ཝང་དབྱིང་ཅེས་ཆེད་དུ་དྲ་བར་རྟོག་ཞིབ་དང་ཕྱོགས་སྟོན་གནང་བར་ཕེབས།

ཀྲུང་དབྱང་སྒྲིག་ཨུད་ཀྱི་རེ་འདུན་ལྟར། ད་ལོའི་ཟླ༤ཚེས༡༥ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ཨུད་ལྷན་ཚོགས་ཀྱིས་རྟོག་ཞིབ་བྱས་ཏེ་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བ་འཛུགས་རྒྱུ་ཐག་གཅོད་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བ་འཛུགས་རྒྱུར་ཤིན་ཏུ་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཁྲེན་ཆོན་གོ་སྐུ་དངོས་འཚམས་འདྲིར་ཕེབས་ཏེ་གྲ་སྒྲིག་གི་བྱ་བའི་ཡར་ཞུར་ཉན་ཞིང་བཀའ་བཀོད་གནང་བ་རེད། གྲ་སྒྲིག་གི་བྱ་བར་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་སྡེ་ཁག་གི་དྲ་བའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཞིང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་དག་གིས་མཉམ་འབྲེལ་གང་ལེགས་བྱས་པ་རེད།

ཝང་དབྱིང་ཅེས་ཀྱིས་རྟོག་ཞིབ་གནང་དུས་བསྟན་དོན། བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བ་ཤར་གཏོང་བྱས་པ་ནི་གནས་སྐབས་གསར་བའི་འོག་ལྗོངས་ཡོངས་ཀྱིས་ཏང་གི་སྤྱོད་ལམ་སྲིད་གཙང་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས་པའི་གལ་ཆེའི་བྱེད་ཕྱོགས་ཤིག་དང་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་མ་ལག་གི་དོན་དག་གལ་ཆེན་ཞིག་རེད། དྲ་བ་འདིས་ཏང་གི་སྤྱོད་ལམ་སྲིད་གཙང་འཛུགས་སྐྲུན་དང་རུལ་སོང་ངོ་རྒོལ། བདེན་སྟོབས་དར་སྤེལ། རུལ་སོང་མཐར་སྐྱུགས། གསོན་ཤུགས་བརྒྱུད་སྒྲོག་ལ་དམིགས་གཏད་དེ་ཏང་གི་སྤྱོད་ལམ་སྲིད་གཙང་འཛུགས་སྐྲུན་དང་རུལ་སོང་ངོ་རྒོལ་བྱེད་པར་གླེང་མོལ་གྱི་མཁའ་དབུགས་ཁོད་ཡངས་པོ་ཞིག་བསྐྲུན་དགོས་པ་རེད། གཟབ་ནན་རང་བཞིན་དང་ཡང་དག་རང་བཞིན། དུས་ཐོག་རང་བཞིན་ཕྱོགས་གཅིག་ཏུ་བསྡུས་ནས་གནས་ཚུལ་སྤྱི་བསྒྲགས་དང་གསལ་འགྱུར་འགོད་པ། སྲིད་ཇུས་འགྲེལ་བཤད། དམངས་སེམས་ལ་ཉན་འཇོག འཕྲིན་འཕྲད་གཏུག་བཤེར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་དྲ་བ་འདི་རུལ་རྒོལ་གཙང་སྒྲོག་གི་གླེང་མོལ་ཁྱབ་བསྒྲགས་བྱེད་ས་གལ་ཆེན་ཞིག་དང་དམངས་སེམས་ལ་ཉན་འཇོག་དང་དམངས་ཀྱི་གཏུག་བཤེར་བྱེད་སྟངས་གལ་ཆེན་ཞིག སྒྲིག་བཤེར་ལྟ་ཞིབ་སྡེ་ཁག་གིས་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་ས་ཞིག་ཏུ་འགྱུར་དགོས་པ་རེད། དེར་མ་ཟད་འབད་པ་ཆེན་པོས་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བ། དམངས་ཡོངས་ནས་དོ་སྣང་དང་དགའ་པོ་བྱེད་སའི་དྲ་བ་ཞིག་ཏུ་བསྐྲུན་དགོས་པ་རེད། 

ཝང་དབྱིང་ཅེས་ཀྱིས་ནན་གྱིས་བསྟན་དོན། བོད་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་དྲ་བས་ཁྱབ་བསྒྲགས་ཀྱི་འཆར་སྒོ་གསར་གཏོད་དང་ཁྱབ་བསྒྲགས་བྱེད་སྟངས་སྣ་ཚོགས་བཀོལ་ཏེ་དོན་དངོས་ཀྱིས་སྐད་ཆ་བཤད་པ་དང་གྲངས་ཐོས་སྐད་ཆ་བཤད་པར་བརྩོན་དགོས་ལ། དམིགས་གཏད་རང་བཞིན་དང་སྐབས་ཕན་རང་བཞིན་ལ་ཤུགས་བརྒྱབ་སྟེ་ཤུགས་རྐྱེན་དང་བློ་འགུགས་ཐོབ་ཚད་མཐོ་རུ་གཏོང་དགོས་པ་དང་། ཆབ་སྲིད་བཤད་རྒྱུ་ཨང་དང་པོར་བཞག་སྟེ་ཆབ་སྲིད་དམ་འཛིན་གྱིས་གླེང་མོལ་གྱི་ཁ་ཕྱོགས་ཡང་དག་ཡིན་པར་ཁག་ཐེག་བྱེད་དགོས་པ་རེད། རྒྱབ་སྐྱོར་གྱི་སྟོབས་ཤུགས་བརྟན་པོ་བཙུགས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་སྡེ་ཁག་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་བརྟེན་ནས་དྲ་བ་ཚུལ་བཞིན་བཙུགས་ཏེ་ཡག་པོར་སྤྱོད་དགོས་པ་རེད། དྲ་བའི་ཆབ་སྲིད་ཀྱི་བདེ་འཇགས་དང་ལག་རྩལ་གྱི་བདེ་འཇགས། ཆ་འཕྲིན་གྱི་བདེ་འཇགས་ཁག་ཐེག་བྱས་ནས་རུལ་རྒོལ་གཙང་སྒྲོག་སྔ་ས་ནས་བཙལ་ཏེ་སྔ་ས་ནས་ཡར་ཞུ་དང་ཐག་གཅོད་བྱེད་དགོས་པ་རེད། ཆབ་སྲིད་ཀྱི་འདུ་ཤེས་བརྟན་ཞིང་སྤུས་ཚད་དག་པ། ལས་ཀར་བརྩོན་པ།  སྤྱོད་ལམ་དྲང་པའི་དྲ་བའི་ལས་སྒྲུབ་རུ་ཁག་ཅིག་འཛུགས་དགོས་པ་དང་། བོད་ལྗོངས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གསར་གཏོད་ཀྱི་ལས་ལ་ཞུགས་ནས་ལས་ཀར་ཧུར་བརྩོན་བྱས་ནས་དྲ་བའི་ཆུ་ཚད་མུ་མཐུད་དུ་གོང་འཕེལ་གཏོང་དགོས་པ་རེད།

བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་ཚིགས་ཀྱི་དྲ་གནས།

www.xzjjw.gov.cn དང www.ctdi.gov.cn

 

རྩོམ་གྱི་ཁ་བྱང་།  བོད་ལྗོངས་སྒྲིག་ཨུད་དྲ་བ་བཏང་ནས། ལྟ་རྟོག་གཏུག་བཤེར་གྱི་ལམ་ཡངས་པོར་ཕྱེས།

 

(རྩོམ་འགན་པ། རྟ་མགྲིན)

 

 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060