སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གླུ་གར་ཞབས་བྲོ《ཕུགས་འདུན་གྲུབ་པ》ཞེས་པ་གོ་ལ་ཧྲིལ་པོའི་འཁྲབ་སྟོན་ཐེངས་དང་པོ་བྱེད་འགོ་ཚུགས་པ།
སྤེལ་དུས། 2015-08-11   ཡོང་ཁུངས། བོད་ལྗོངས་གསར་དྲ།   རྩོམ་སྒྲིག་པ།  དོན་འགྲུབ།

ཟླ་8ཚེས་5ཉིན་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱིས་བཏོན་པ་དང་པེ་ཅིང་ཧྲེང་ཕིང་ཅཱ་རིག་གནས་ཀུང་སིས་ནུས་ཤུགས་ཡོད་རྒུས་གསར་རྩོམ་བྱས་པའི་བོད་ཀྱི་གླུ་གར་ཞབས་བྲོཕུགས་འདུན་གྲུབ་པཞེས་པ་པེ་ཅིང་བོད་ལྗོངས་ཐོག་བརྩེགས་ཁང་ཆེན་དུ་གོ་ལ་ཧྲིལ་པོའི་འཁྲབ་སྟོན་ཐེངས་དང་པོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་འཁྲབ་གཞུང་འདོན་མཁན་ཕྱོགས། གསར་རྩོམ་བྱེད་མཁན་ཕྱོགས་དང་དེ་བཞིན་རིག་གནས་འཁྲབ་སྟོན་ལས་རིགས་དང་སྨྱན་སྦྱོར་ལས་རིགས་བཅས་ནས་ཡོང་བའི་སྐུ་མགྲོན་བརྒྱ་ལྷག་ཙམ་གྱིས་ལྟད་མོ་ཆེ་བའི་འཁྲབ་གཞུང་དེ་མཉམ་དུ་བལྟས་པ་རེད།

2015ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་ལ། མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་དགུ་འཁོར་བའི་ལོ་ཞིག་ཀྱང་རེད། ཕུགས་འདུན་གྲུབ་པཞེས་པ་ནི"མེ་འཁོར་ལྷ་སར་སྐྱོད་པ"རྒྱབ་ལྗོངས་སུ་བྱས་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་གཞི་བྱས་པ། རྒྱལ་སྤྱི་ཅན་གྱི་སྒྱུ་རྩལ་མཚོན་སྟངས་དང་མཉམ་འདྲེས་བྱས་ནས་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པའི་བརྒྱུད་རིམ་ནང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་འཚོ་བ་དང་ལས་ཀའི་བརྒྱུད་རིམ་ཇི་མ་ཇི་བཞིན་མངོན་པར་བྱས་པའི་ཐོག བོད་རིགས་རིག་གནས་ཀྱི་ནང་དོན་དངོས་མཚོན་པའི་གླུ་གར་བརྩམས་ཆོས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཕུགས་འདུན་གྲུབ་པཞེས་པ་དེ་2015ལོའི་ཟླ་10ཚེས་13ཉིན་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་ཐེངས་དང་པོ་འཁྲབ་རྒྱུ་མ་ཟད། དེ་ནས་རྒྱལ་ཁབ་ཕྱི་ནང་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

ཕུགས་འདུན་གྲུབ་པཞེས་པའི་བརྩམས་ཆོས་དེའི་ནང་པར་ལེན་གསར་འགྱུར་བ་ཞིག་བོད་དུ་བསྐྱོད་ནས་བཅར་འདྲི་བྱེད་སྐབས། ཁ་བ་བུ་ཡུག་ཁྲོད་བོད་རིགས་སྤུན་ཟླས་སྲོག་བསྐྱབས་པ་དང་དེ་རྗེས་ཁོང་གིས་ནད་གཞི་ཚབས་ཆེན་ཕོག་པའི་བོད་རིགས་བུ་མོ་ཞིག་ལ་ས་ཕྱོགས་གང་སར་སྨན་པ་འཚོལ་རོགས་བྱས་པ་དང་། མཐར་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་ནང་སར་བསྐྱོད་དེ་སྨན་བཅོས་ཐུབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།

 

      

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070