སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨ་མདོ་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
སྤེལ་དུས། 2014-07-02   ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

    ཉེ་དུས བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་གིས་རྫོང་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཚན་པ་དང་ཤང་གྲོང་རྡལ་ཁག་སྒྲིག་འཛུགས་བྱས་ཏེ། མི་ཚོགས་ཆེ་ས་དང་གཙོ་གནད་ས་ཆ། གཙོ་གནད་ཁྲོམ་གཞུང་བཅས་སུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་དམངས་ཡོངས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་ཁྲིམས་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
        ད་ཐེངས་ཀྱི་བྱེད་སྒོའི་ནང་ལོ་ལྔ་ཚན་དྲུག་པའི་ཁྲིམས་ལུགས་ཁྱབ་གདལ་དང་གཉེན་སྒྲིག་བཅའ་ཁྲིམས། རྩྭ་ཐང་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ཡོད་པ་རེད། བྱེད་སྒོའི་ནང་དྲིལ་བསྒྲགས་དཔྱད་གཞི་༣༩༠༠སྤྲད་པ་དང་། མི་ཐེངས་༣༦༠ལྷག་ཙམ་གྱི་ཁྲིམས་ལུགས་བློ་འདྲི་དང་ལེན་བྱས་པས་མི་༥༧༠༠ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060