སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་མི་རིགས་སློབ་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”གི་རིག་གཞུང་སྙན་ཞུའི་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-12-27   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ།  ཉི་ཆོས།
            ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག་སུའོ་ཡིས་ནེ་པ་ལའི་གྲགས་ཅན་མཁས་དབང་དང་སློབ་གྲྭའི་དམིགས་བསལ་གདན་ཞུས་ཀྱི་དགེ་རྒན་ཆེ་མོ་བ་འབུམ་རམས་པ་krishaprasad oliཡིས་དགེ་སློབ་ཚོར“ནེ་པ་ལ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་གཞན་དག་གིས་ཇི་ལྟར་བྱས་ནས‘རྒྱུད་གཅིག་ལམ་གཅིག’ནང་མཉམ་འདྲེས་བྱེད་དགོས་སམ་ཞེས་པའི་གྲོས་འགོ”ཞེས་འགོ་བརྗོད་དུ་འཁོད་པའི་རིག་གཞུང་སྙན་ཞུ་གནང་བ་རེད།
            འབུམ་རམས་པས་སྙན་ཞུ་གནང་སྐབས་ནེ་པ་ལ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དག་ཀྲུང་གོ་དང་འགྲོ་འོང་གི་ལོ་རྒྱུས་རིང་པོ་ལྡན་པ་དང་། སྤྱི་ལོའི་དུས་རབས་དང་པོ་ནས་བཟུང་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཟབ་མོ་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་དང་། ཀྲུང་གོས་གྲོས་འགོ་བཏོན་པའི“རྒྱུད་གཅིག་ལམ་གཅིག”གིས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་ཕན་ཚུན་སྦྲེལ་མཐུད་དེ་འཕྲེད་ཚད་གསར་པའི་ཐོག་མཐོ་རུ་བཏང་བ་དང་། གྲོས་འགོ་དེས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་མ་འཇོག་གི་གོ་སྐབས་དང་ཉོ་ཚོང་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ཞིག་རག་རྒྱུ་རེད། སྙན་ཞུའི་ཚོགས་འདུ་གྲོལ་རྗེས་འབུམ་རམས་པས་ད་དུང་ཚོགས་འདུ་འཚོགས་ཡུལ་གྱི་དགེ་སློབ་ཚོ་དང་ཕན་ཚུན་སྤེལ་རེས་གནང་བ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716