སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《སྐལ་བཟང་མེ་ཏོག་བཞད་པའི་གནས་མཆོག——བོད་ལྗོངས་དེང་རབས་སྙན་ཞུའི་རྩོམ་རིག་ཕྱོགས་བསྒྲིགས་》པར་སྐྲུན་བྱས།
སྤེལ་དུས། 2017-12-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཉེ་ཆར་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་རྩོམ་འབྲི་བྱས་པའི་《སྐལ་བཟང་མེ་ཏོག་བཞད་པའི་གནས་མཆོག——བོད་ལྗོངས་དེང་རབས་སྙན་ཞུའི་རྩོམ་རིག་ཕྱོགས་བསྒྲིགས་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། 
           སྙན་ཞུའི་རྩོམ་རིག་ཕྱོགས་བསྒྲིགས་དེབ་འདི་ནི་ད་ལོར་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱས་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་གསར་རྩོམ་གྱི་རྣམ་གྲངས་གྲས་ཤིག་ཡིན། བརྩམས་ཆོས་སུ་ལྷ་ཉིང་གཞུང་ལམ་འཛུགས་སྐྲུན་དང་ལྷུན་རྩེ་རྫོང་གླ་ཚེར་ནགས་ལས་ཀྱི་སྙིང་སྟོབས། ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན། གཞིས་རྩེ་པ་སྣམ་རྫོང་གི་སྔོ་ཚལ་དྲོད་ཁང་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ནང་དོན་གལ་ཆེན་མང་པོ་འདུས་ཡོད། གནད་གཅིག་ནས་ཁྱོན་ཡོངས་དང་གཅིག་བསྡུས་ཀྱིས་ཉེ་བའི་ལོ་ཤས་ནང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་འགྲེལ་བརྗོད་བྱས་ཡོད།
           སྙན་ཞུའི་རྩོམ་རིག་གསར་རྩོམ་ཕྱོགས་བསྒྲིགས་འདི་ལེགས་འགྲུབ་བྱུང་ཆེད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སོགས་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག སྙན་ཞུའི་རྩོམ་རིག་ཐད་མིང་གྲགས་ཤུགས་རྐྱེན་ཡོད་པའི་རྩོམ་པ་པོ་ཁག་ཅིག་ད་ལོའི་ཟླ་5པར་བོད་ལྗོངས་སུ་སླེབས་ནས་རྒྱུ་ཆ་འཚོལ་བསྡུ་བྱས། ཁོ་ཚོས་ས་མཐོའི་གསོ་རླུང་མི་འདང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་གསད་ནས། གྲོང་གསེབ་ཀྱི་གཞི་རིམ་དང་ཐོན་སྐྱེད་འཛུགས་སྐྲུན་གྱི་ལས་ཡུལ་དངོས་སུ་ཕེབས་ནས། བོད་ལྗོངས་ཀྱི་དམངས་སྲོལ་ལ་མྱོང་བ་དང་ལས་ཡུལ་ཁག་གི་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་གསར་གཏོད་ཀྱི་དགུང་དུ་འཕྱུར་པའི་སྤྲོ་སེམས་ལ་རོལ་མྱོང་བྱས་ཏེ། ཆེས་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱི་བྱུང་བ་ཕྲ་མོ་སྔོག་འདོན་བྱས།
           རྩོམ་པ་པོ་རྣམས་ཀྱི་རང་ཉིད་ཀྱི་མྱོང་ཚོར་ལས་མཐའ་མར་མངོན་པའི་ཡི་གེར་མི་སེམས་འགུལ་བའི་བརྩེ་དུང་ཟབ་མོས་ཕྱུག་ཅིང་། མི་རྣམས་ཡར་སྐུལ་བྱེད་པའི་བསམ་པའི་སྒུལ་ཤུགས་ཀྱིས་ཀུན་ནས་ཁེངས་ཡོད།《བོད་ལྗོངས་ཀྱི་ལམ་བུའི་》ཁྲོད་ཀྱི་འཛུགས་སྐྲུན་པ་དཀྱུས་མའི་རྔུལ་ཆུ་དང་མིག་ཆུའམ།《མགོ་ཡར་བཀྱགས་ནས་གླ་ཚེར་ལ་བལྟ་བ་》ཁྲོད་ཀྱི་བྱེ་མས་ཀུན་ནས་གཡོགས་པའི་ལྷུན་རྩེའི་ལུང་གཞུང་དུ་མུའུ་ཁྲི་ཡི་གླ་ཚེར་གྱི་ནགས་ཚལ་གྱིས་ཁེབས་པ།《ཨ་ཇོ་རིག་འཛིན་》དུ་མངོན་པའི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རིག་འཛིན་གྱི་དཔའ་བོའི་གཟུགས་བརྙན། ཡང་ན་《ལང་ཚོའི་འགྲན་རྩོད་》ནང་གི་གཞོན་ནུ་ལས་གཏོད་པ་རྣམས་ཀྱི་ཤེས་ཡོན་དང་སྤོབས་པ་བཅས་ཀྱིས་དུས་རབས་འདིའི་ནང་གངས་ལྗོངས་སུ་ལྷག་གེར་མངོན་པའི་སྙིང་སྟོབས་ཀྱི་ཚད་མཐོན་པོ་དེ་བརྗོད་ཡོད།
           ཐེངས་འདིའི་སྙན་ཞུའི་རྩོམ་རིག་ཕྱོགས་བསྒྲིགས་པར་སྐྲུན་བྱས་པ་ནི། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་དང་། དོན་དངོས་བརྗོད་བྱར་བཟུང་བའི་གསར་རྩོམ་གྱི་ཕན་ནུས་ལ་ཤུགས་སྣོན་ཚོད་ལྟ་ཐེངས་ཤིག་བྱས་པ་རེད། རྩོམ་པ་པོས་འཚོལ་བསྡུ་དང་རྩོམ་རིག་གསར་རྩོམ་ཟུང་འབྲེལ་དམ་པོ་བྱས་ཏེ།“འཚོ་བར་ཟབ་ཞུགས་དང་དམངས་ཁྲོད་དུ་གཞི་འཛུགས་པའི་”ལག་ལེན་བྱེད་སྒོ་ལ་ཕན་འབྲས་ལྷག་པར་ལྡན་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་རེད།
           རིམ་པ་རྗེས་མར། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ་གྱི་རྣམ་པ་སྣ་ཚོགས་བེད་སྤྱོད་གང་ལེགས་དང་། བསམ་བློ་གཏིང་ཟབ་དང་སྒྱུ་རྩལ་ཁྱད་འཕགས་ལྡན་པའི་གསར་རྩོམ་སྤུས་ལེགས་བྱེད་པར་རྒྱུན་འཁྱོངས་ཀྱིས། ཟམ་མི་ཆད་པར་ཏང་ལ་བསྟོད་གླུ་འབུལ་བ་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བ། མི་དམངས་ལ་བསྔགས་བརྗོད། དཔའ་བོར་བསྟོད་གླུ་ལེན་པ་བཅས་ཀྱི་བརྩམས་ཆོས་སྤུས་དག་བཏོན་ནས། དུས་རབས་གསར་བའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་དགའ་འབོད་བྱས་ཏེ། བོད་ལྗོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བར་རོགས་རམ་གྱི་གསོན་ཤུགས་གསར་བ་བསྣན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716