སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཇིག་ལ་ཉེ་བའི་མེ་གླིང་ཨ་མ་ཟོན་ཚ་ཁུལ་ཆར་ནགས་སུ་འཚོ་བའི་ཚོ་བ་ཞིག
སྤེལ་དུས། 2015-02-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ།

Awa-Guajaཚོ་བའི་ཁོངས་མི Klby ཡིས་ཁྲག་ཏུ་བརྔོན་འབྲས་རི་མེ་གླིང་གཟིག་ཅིག་འཁུར་ནས་འགྲོ་བཞིན་པ།

དབྱིན་ཇིའི《ཉིན་རེའི་སྦྲགས་ཚགས》ཀྱིས་ཟླ ༢ ཚེས ༢ ཉིན་སྤེལ་བའི་འཕྲིན་གསར་ལྟར་ན། ཕོར་ཐུ་གལ་གྱི་པར་མཁན་དན་ནེར་ལོ་དྷི་ལིས་གྷི་སི་ན་ནིང་པར་ཙིར་གྱི་ཨ་མ་ཟོན་ཚ་ཁུལ་ཆར་ནགས་ས་ཁུལ་དུ་སོང་ནས། ས་དེར་འཚོ་བ་རོལ་ཞིང་རིགས་རྒྱུད་ཆད་ལ་ཉེ་བའིAwa-Guajaཚོ་བའི་གནས་ཚུལ་པར་བླངས།

ལོ་དྷི་ལིས་གྷི་སིས་ངོ་སྤྲད་པ་ལྟར་ན། Awa-Guaja ཚོ་བར་ད་ལྟ་ཚོ་མི ༣༥༠ ཡོད་པ་དང་། གཙོ་བོ་རི་དྭགས་རྔོན་པ་དང་ཉ་འཛིན་པ་ལ་བརྟེན་ནས་འཚོ་བ་རོལ། ལོ་དྷི་ལིས་གྷི་སི་ཡིས་བརྙན་ཤེལ་ལ་བརྟེན་ནས་ཚོ་བ་དེའི་མི་རྣམས་ཀྱིས་མེ་གླིང་གཟིག་དང་སྤྲེའུ་བརྔོན་པའི་ཚུལ་སོགས་བརྙན་དུ་བཏབ་ཡོད། ཁོང་གིས་ད་རུང་ས་དེའི་བྱིས་པ་རྣམས་ཀྱིས་ཆུ་ནང་དུ་རྩེད་མོ་རྩེ་བཞིན་པའི་རྣམ་རྒྱུན་གྱི་འཚོ་བ་ཡང་བརྙན་བླངས་ཡོད།

ལོ་དྷི་ལིས་གྷི་སི་ཡིས་བཤད་རྒྱུར། Awa-Guaja ཚོ་བའི་མི་ཕལ་མོ་ཆེས་ཕྱི་རོལ་དང་འབྲེལ་བ་བྱེད་ཀྱིན་མི་འདུག ཡིན་ན་ཡང་ཁོ་ཚོའི་རྒྱུན་ལྡན་གྱི་གོམས་སྲོལ་འདིར་རིམ་གྱིས་འགྱུར་ལྡོག་བཏང་བཞིན་པ་ཡོད། རྒྱུན་མི་ཆད་པའི་ཤིང་གཅོད་མཁན་ཚོས་ཁོ་ཚོའི་འཚོ་བའི་ལྷིང་འཇགས་དཀྲོགས་ཤིང་འཚོ་བའི་རྟེན་གཞི་ཡང་མེད་བརླག་ཏུ་བཟོ་བཞིན་འདུག ཤིང་གཅོད་མཁན་ཚོས་ཁྲིམས་འགལ་གྱིས་ཁོ་ཚོའི་འཚོ་གནས་ལ་བཙན་འཛུལ་བྱས་ཏེ་ཁོ་ཚོའི་འཚོ་བའི་ཡོད་ཚད་དེ་ནགས་ཚུལ་གཏོར་བརླག་བྱས།

Awa-Guaja ཚོ་བའི་ཁོངས་མི Alwxa ཡིས་ཨ་མ་ཟོན་ཚ་ཁུལ་ཆར་ནགས་ཁྲོད་དུ་མེ་གླིང་གཟིག་ཅིག་དང་འཐབ་རེས་བྱེད་བཞིན་པ།

Awa-Guaja ཚོ་བའི་ཁོངས་མི Jakareདང་ Majhuxa གཉིས་ཀྱིས་སྤྲེའུ་ཞིག་བརྔོན་རྗེས་ཁྱིམ་དུ་ལོག་བཞིན་པ།

Awa-Guaja ཚོ་བའི་མིས་ཆུ་ནང་དུ་གྱོན་ཆས་འཁྲུད་བཞིན་པ་དང་། བྱིས་པ་རྣམས་ཀྱིས་ཁྲུས་བྱེད་བཞིན་པ།

Awa-Guaja ཚོ་བའི་མི་ཚོས་ཆུ་རྩེད་བྱེད་བཞིན་པ།

Awa-Guaja ཚོ་བའི་ཁོངས་མི Apartyaཡི་སྤྲེའུ་ཕྲུག་ཅིག་གསོས་ཡོད་པ། རི་མོའི་ཁྲོད་དུ་སྤྲེའུ་ཁོ་བོའི་མགོ་ཐོག་ཏུ་བུད་ཡོད།

Awa-Guaja ཚོ་བའི་ཁོངས་མི Muturuhum ཡིས་མདའ་གཞུ་འཁུར་ནས་ཨ་མ་ཟོན་ཚ་ཁུལ་ཆར་ནགས་ཁྲོད་དུ་རི་དྭགས་རྔོན་བཞིན་པ།

Awa-Guaja ཚོ་བའི་མིས་མེ་སྦར་ཏེ་བཟའ་ཆས་བཙོ་བཞིན་པ།

Awa-Guajaཚོ་བའི་བྱིས་པ་ཞིག་གིས་སྡོང་ལོས་བཟོས་པའི་ཁང་བ་ལས་ལག་པ་ཕྱི་ལ་བསྲིངས་བ།

 Awa-Guaja ཚོ་བའི་ཁོངས་མི Msrimyཡིས Alto Turiacu རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆུ་བོ་ཞིག་ཏུ་ཁྲུས་བྱེད་བཞིན་པ།

ཁྲིམས་འགལ་ཤིང་གཅོད་ཀྱིས་ཚོ་བ་འདིའི་རྟེན་གཞི་ཉག་གཅིག་པུ་ཁྱུར་མིད་གཏོང་བཞིན་པ།

ནགས་ཚུལ་ཁྲོད་ནས་རྔོན་བྱའི་རི་དྭགས་ཤིག་མཐོང་རྗེས། Awa-Guaja ཚོ་བའི་ཁོངས་མི Arawata ཡིས་ཤུགས་གང་ཡོད་ཀྱིས་འདེད་བཞིན་པ།

རི་སྐྱེས་སྤྲེའུ་ནིAwa-Guaja ཚོ་བའི་བཟའ་བཅའི་ཐོན་ཁུངས་གཙོ་བོ་ཞིག་ཡིན།

Awa-Guaja ཚོ་བའི་མི་རྣམས་རི་དྭགས་བརྔོན་པའི་ཆེད་རྐང་རྗེན་དུ་ཚ་ཁུལ་ཆར་ནགས་ནས་དུས་ཚོད་ཁ་ཤས་ལ་འགྲོ་བ།

དབྱིན་ཇིའི《ཉིན་རེའི་སྦྲགས་ཚགས》ཀྱིས་ཟླ ༢ ཚེས ༢ ཉིན་སྤེལ་བའི་འཕྲིན་གསར་ལྟར་ན། ཕོར་ཐུ་གལ་གྱི་པར་མཁན་དན་ནེར་ལོ་དྷི་ལིས་གྷི་སི་ན་ནིང་པར་ཙིར་གྱི་ཨ་མ་ཟོན་ཚ་ཁུལ་ཆར་ནགས་ས་ཁུལ་དུ་སོང་ནས། ས་དེར་འཚོ་བ་རོལ་ཞིང་རིགས་རྒྱུད་ཆད་ལ་ཉེ་བའིAwa-Guajaཚོ་བའི་གནས་ཚུལ་པར་བླངས།

ལོ་དྷི་ལིས་གྷི་སིས་ངོ་སྤྲད་པ་ལྟར་ན། Awa-Guaja ཚོ་བར་ད་ལྟ་ཚོ་མི ༣༥༠ ཡོད་པ་དང་། གཙོ་བོ་རི་དྭགས་རྔོན་པ་དང་ཉ་འཛིན་པ་ལ་བརྟེན་ནས་འཚོ་བ་རོལ། ལོ་དྷི་ལིས་གྷི་སི་ཡིས་བརྙན་ཤེལ་ལ་བརྟེན་ནས་ཚོ་བ་དེའི་མི་རྣམས་ཀྱིས་མེ་གླིང་གཟིག་དང་སྤྲེའུ་བརྔོན་པའི་ཚུལ་སོགས་བརྙན་དུ་བཏབ་ཡོད། ཁོང་གིས་ད་རུང་ས་དེའི་བྱིས་པ་རྣམས་ཀྱིས་ཆུ་ནང་དུ་རྩེད་མོ་རྩེ་བཞིན་པའི་རྣམ་རྒྱུན་གྱི་འཚོ་བ་ཡང་བརྙན་བླངས་ཡོད།

ལོ་དྷི་ལིས་གྷི་སི་ཡིས་བཤད་རྒྱུར། Awa-Guaja ཚོ་བའི་མི་ཕལ་མོ་ཆེས་ཕྱི་རོལ་དང་འབྲེལ་བ་བྱེད་ཀྱིན་མི་འདུག ཡིན་ན་ཡང་ཁོ་ཚོའི་རྒྱུན་ལྡན་གྱི་གོམས་སྲོལ་འདིར་རིམ་གྱིས་འགྱུར་ལྡོག་བཏང་བཞིན་པ་ཡོད། རྒྱུན་མི་ཆད་པའི་ཤིང་གཅོད་མཁན་ཚོས་ཁོ་ཚོའི་འཚོ་བའི་ལྷིང་འཇགས་དཀྲོགས་ཤིང་འཚོ་བའི་རྟེན་གཞི་ཡང་མེད་བརླག་ཏུ་བཟོ་བཞིན་འདུག ཤིང་གཅོད་མཁན་ཚོས་ཁྲིམས་འགལ་གྱིས་ཁོ་ཚོའི་འཚོ་གནས་ལ་བཙན་འཛུལ་བྱས་ཏེ་ཁོ་ཚོའི་འཚོ་བའི་ཡོད་ཚད་དེ་ནགས་ཚུལ་གཏོར་བརླག་བྱས།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060