སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རི་ལུང་ཟབ་ས་ནས་གཡུང་ཤྭ་དང་ལྷན་དུ་འཚོ་བའི་སོག་པོའི་སྡེ་ཤོག་ཞིག
སྤེལ་དུས། 2015-04-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་འདུལ།

ལོ་ངོ ༣༠༠༠ རིང་དུ། སོག་པོའི་ཐའེ་ཅཱ་ཁབ་དབྱིབས་ལོ་མའི་ནགས་ཚལ་ཁུལ་དུ་བཅའ་སྡོད་བྱས་པའི་མི་སྐོར་ཞིག་ཡོད་པ་དེ་ལ་ཏུའུ་ཁུ་ཧྭ་ཟེར། ཏུའུ་ཁུ་ཧྭ་ནི་སོག་སྐད་ཡིན་ལ་དེའི་ནང་དོན་གཡུང་ཤྭ་འཚོ་མཁན་གྱི་འབྲོག་པ་ཞེས་པའི་དོན་ཡིན་པ་དང་། གཡུང་ཤྭ་ནི་ཁོ་ཚོའི་འཚོ་བའི་ཡོད་ཚད་ཡིན་པ་རེད། ཏུའུ་ཁུ་ཧྭ་རིགས་ལ་མཚོན་ན་གཡུང་ཤྭ་ནི་སྤྱིར་བཏང་གི་སྒོ་ཕྱུགས་རྐྱང་རྐྱང་ཞིག་མ་ཡིན་པར། ཁོ་ཚོའི་སྤྱི་ཚོགས་དང་ཆོས་ལུགས་རིག་གནས་ནང་དུའང་གཡུང་ཤྭ་ལ་དམིགས་བསལ་གྱི་གོ་གནས་ངེས་ཅན་ཡོད་པ་རེད།

བརྙན་ལེན་པ Hamid Sardar-Afkhami ནི་ཧ་ཝར་ཌི་སློབ་ཆེན་གྱི་ཡ་དབུས་ཀྱི་སྐད་བརྡ་དང་རིག་གནས་རིག་པའི་འབུམ་རམས་པ་ཡིན། ཨ་རིའི་རྒྱལ་ཁབ་ས་ཁམས་དུས་དེབ་དང་ཧ་ཝར་ཌི་སློབ་ཆེན་གློག་བརྙན་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་དུ་སྒྲུབ་པའི་ཧི་མ་ལ་ཡའི་སྐོར་གྱི་ལས་གཞི་ཞིག་ལ་ཞུགས་པ་ནས་བཟུང་ཁོ་རང་གློག་བརྙན་ཕབ་བསྐྲུན་མཁན་ཞིག་ཏུ་གྱུར། དེའི་རྗེས་སུ་ཁོ་རང་ལོ་བཅུ་ལྷག་རིང་འཛམ་གླིང་གི་ས་གནས་སོ་སོར་ཕྱིན་ནས། རྒྱུན་ཆད་ལ་ཉེ་བའི་རིག་གནས་མང་པོ་ཟིན་འགོད་བྱས་ཡོད་པ་རེད།

ཁབ་དབྱིབས་ལོ་མའི་ནགས་ཚལ་ཁུལ་དེ་ནི་ཐའེ་ཡོན་གྱི་འདབས་དང་འབྲེལ་ཡོད་ལ། ཡོ་རོབ་གླིང་དང་ཡ་གླིང་གི་སྐམ་ས་ཆེན་མོ་ནས་མེ་གླིང་བྱང་མ་དང་བྱང་སྣེ་ས་ཁུལ་བར་རྒྱུན་སྲིང་ཡོད་པས། ཁོར་ཡུག་རིན་ཐང་ཧ་ཅང་ཆེན་པོ་ལྡན་ལ། དེ་ནི་ཏུའུ་ཁུ་ཧྭ་རིགས་དང་ཁོ་ཚོས་གསོ་སྐྱོང་བྱས་པའི་གཡུང་ཤྭའི་ཕ་གཞིས་ཡིན་པ་རེད།

ཐའེ་ཅཱ་ཁབ་དབྱིབས་ལོ་མའི་ནགས་ཚལ་ཁུལ་དུ་དྲོད་ཚད་ཧ་ཅང་དམའ་བས། གནས་དེར་འཚོ་སྡོད་བྱ་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན། ས་ཁུལ་དེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཐིག་ལེའང་མི་ལོན་པ་དང་། དྲོད་ཚད་ཆེས་དམའ་དུས་ཐིག་ལེ་མན་གྱི་ཧྲེ་ཧྲི་ཏུའུ ༥༣ ཡིན་ལ། དབྱར་གྱི་དུས་སུ་ཧྲེ་ཧྲི་ཏུའུ ༢༡ ལོན་དུས་ཀྱང་ཡོད། ལོ་ཧྲིལ་བོར་དྲོད་གྲང་གི་ཧེ་བག་ཧ་ཅང་ཆེན་པོ་ལྡན།

ལོ་ངོ ༣༠༠༠ རིང་དུ། ཏུའུ་ཁུ་ཧྭ་རིགས་ཀྱིས་ཐའེ་ཅཱ་ཁབ་དབྱིབས་ལོ་མའི་ནགས་ཚལ་ཁུལ་ནས། གཡུང་ཤྭ་གསོ་སྐྱོང་བྱེད་པར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། གཡུང་ཤྭ་ཡིས་ཕལ་ཆེར་ཁོ་ཚོར་འཚོ་བའི་དགོས་མཁོ་ཡོད་ཚད་མཁོ་འདོན་ཐུབ་པ་རེད། ད་ལྟ། ཏུའུ་ཁུ་ཧྭ་རིགས་ཀྱི་མི་གྲངས་ཇེ་ཉུང་འགྱུར་བཞིན་ཡོད་ལ། ཁོ་ཚོའི་འཚོ་རྟེན་ཏེ་གཡུང་ཤྭའི་གྲངས་ཀའང་ཇེ་ཉུང་དུ་འགྲོ་བཞིན་ཡོད།

ད་ལྟ་ཏུའུ་ཁུ་ཧྭ་ནི་སོག་པོའི་མི་གྲངས་ཆེས་ཉུང་བའི་མི་རིགས་ཤིག་ཡིན། ཕལ་ཆེར་ཁྱིམ་ཁག ༤༥ ཙམ་མ་གཏོགས་གཡུང་ཤྭ་ལ་བརྟེན་ནས་འཚོ་བ་རོལ་མཁན་མེད། ཁོ་ཚོའི་སྲོལ་རྒྱུན་རིག་གནས་དང་འཚོ་བ་རོལ་སྟེངས་སོགས་ལ་ཚོང་རའི་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས། འཛམ་གླིང་དྲོད་འགྱུར། སྐད་རིགས་རྒྱུན་ཆད། མི་རིགས་གཞན་དུ་འགྱུར་བ་སོགས་ཀྱི་འཇིག་ཉེན་ཆེན་པོ་འབྱུང་བཞིན་ཡོད།

ཏུའུ་ཁུ་ཧྭ་རིགས་ཀྱི་སྲོལ་རྒྱུན་བསམ་བློའི་ཐད་ལ་ས་མ་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོ་ཚོའི་རིག་གནས་ནི་ཧ་ཅང་སྲོག་རྩ་བརྟན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་ཕྱི་སོག་སྲིད་གཞུང་གིས་ཏུའུ་ཁུ་ཧྭ་རིགས་ཀྱི་རིག་གནས་ལ་རྡུང་རྡེག་བྱས་ཡོད་པ་དང་། ད་ལྟའི་དུས་སུའང་ཁོ་ཚོར་གནོན་ཤུགས་སྣ་ཚོགས་ཡོད་པ་རེད།

སྔོན་ཆད་ཏུའུ་ཁུ་ཧྭ་རིགས་ཀྱིས་རི་སྐྱེས་སྲོག་ཆགས་ཁོ་ན་མ་གཏོགས་མི་བརྔོན། འོན་ཀྱང་དཔལ་འབྱོར་ཡོང་འབབ་དམའ་བ་དང་ནགས་ཚལ་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་ཇེ་ཉུང་གྱུར་ཡོད་པས། ཏུའུ་ཁུ་ཧྭ་རིགས་མང་པོ་ཞིག་གིས་འཚོ་བའི་ཆེད་དུ་གཡུང་ཤྭ་མི་གསོད་ཐབས་མེད་བྱུང་ཡོད།

 

ཐའེ་ཅཱ་ཁབ་དབྱིབས་ལོ་མའི་ནགས་ཚལ་ཁུལ་ནི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན། དོམ་དང་ནགས་བྱི། གཡུང་ཤྭ་སོགས་རི་སྐྱེས་སྲོག་ཆགས་སྣ་མང་ཡོད། འོན་ཀྱང་ད་ལྟ་བརྔོན་ཚོང་དང་རྒྱུ་རྐྱེན་སྣ་ཚོགས་དབང་གིས་རི་སྐྱེས་སྲོག་ཆགས་གང་མང་ཇེ་ཉུང་གྱུར་ཡོད། ཏུའུ་ཁུ་ཧྭ་རིགས་ཀྱི་འཚོ་གནས་ལ་འཇིག་ཉེན་བྱུང་ཡོད་པ་མ་ཟད། བརྔོན་ཚོང་མཁན་དག་གི་འཚོ་གནས་ལ་འཇིག་ཉེན་བྱུང་ཡོད་པ་རེད།

 

གཞན་ད་དུང་གཏེར་ཁ་སྔོག་འདོན་མཁན་གྱིས་ཀྱང་ཐའེ་ཅཱ་ཁབ་དབྱིབས་ལོ་མའི་ནགས་ཚལ་གྱི་ཁོར་ཡུག་ལ་གནོད་འཚེ་ཐེབས་ཡོད་པས། ཏུའུ་ཁུ་ཧྭ་རིགས་ཀྱི་འཚོ་གནས་ལའང་ཤུགས་རྐྱེན་ཐེབས་ཡོད། ས་གནས་དེ་གའི་གཏེར་ཁ་སྔོག་འདོན་གྱི་གཞི་རྒྱུ་ཧ་ཅང་ཆུང་། གཙོ་བོ་གསེར་གྱི་གཏེར་ཁ་དང་གཡང་ཊིའི་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད། འོན་ཀྱང་དེ་དག་གིས་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ཐད་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད།

འཛམ་གླིང་གི་ས་གནས་སོ་སོའི་ས་ཞིང་ལ་བརྟེན་ནས་འཚོ་བ་རོལ་མཁན་དག་དང་འདྲ་བར། ཏུའུ་ཁུ་ཧྭ་རིགས་ཀྱི་འཚོ་གནས་ཐད་ལའང་གནས་གཤིས་འགྱུར་ལྡོག་གིས་ཤུགས་རྐྱེན་ཐེབས་བཞིན་ཡོད། འདས་པའི་ལོ ༡༢ ཀྱི་དུས་ཡུན་རིང་དུ། ས་གནས་དེ་རུ་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་ཐེངས་བདུན་བྱུང་ཡོད་ལ། གཙོ་བོ་སྐམ་ཐན་དང་གྲང་ངར་ཆེན་པོ་རེད། དེ་དང་བསྡུར་ན། ༢༠༠༠ ལོའི་ཡར་སྔོན་གྱི་ལོ ༦༠ ཡི་དུས་ཡུན་རིང་དུ། གནས་དེར་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་ཐེངས ༣ ལས་བྱུང་མེད།

གཡུང་ཤྭ་ལ་གནམ་གཤིས་ངན་པ་དང་བརྔོན་གསོད་ཚད་ལས་བརྒལ་བ། གཏེར་ཁ་སྔོག་འདོན། སྤྱང་ཚོགས་སོགས་ཀྱིས་གནོད་འཚེ་ཐེབས་བཞིན་ཡོད་པ་མ་ཟད། ད་དུང་གཉེན་ཉེ་བར་འཁྲིག་སྦྱོར་བྱས་པ་དང་ནད་གཞི་སོགས་ཀྱིས་ཀྱང་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། གཡུང་ཤྭའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་འགྱུར་བཞིན་ཡོད།

ཏུའུ་ཁུ་ཧྭ་རིགས་ཀྱི་སྲོལ་རྒྱུན་འཚོ་བ་རོལ་སྟངས་ལའང་འཇིག་ཉེན་ཆེན་པོ་བྱུང་ཡོད། སྔོན་ཆད་ཁོ་ཚོས་གནས་སྤོའི་འཚོ་བ་རོལ་བཞིན་ཡོད་ནའང་། ད་ལྟ་ན་གཞོན་མང་པོ་ཞིག་གཏན་སྡོད་ཀྱི་འཚོ་བ་རོལ་འདོད་ཆེ་བ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་འགའ་རེས་བྱ་ཐབས་སྤྱད་ནས་ཐའེ་ཅཱ་ཁབ་དབྱིབས་ལོ་མའི་ནགས་ཚལ་ཁུལ་གྱི་འབྲོག་པ་ཚོར་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་དང་འཚོ་བ་རོལ་སྟངས་སྲུང་སྐྱོང་ཐད་རོགས་སྐྱོར་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་བསམ་ཚུལ་ཁག་འགའ་བཏོན་ཡོད་ལ། དེའི་ནང་དུ་ཏུའུ་ཁུ་ཧྭ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཟིན་འགོད་དང་ས་གནས་དེ་གའི་སྐྱེ་དངོས་སྣ་མང་ཅན་ལ་སྐུལ་འདེད་གཏོང་རྒྱུ་བཅས་འདུས་ཡོད་པ་རེད།

ཏུའུ་ཁུ་ཧྭ་རིགས་ཀྱི་གཡུང་ཤྭའི་ཆེད་མཁས་པ་པཱ་ཐུའུ་ཅྭBatulgaཡིས། གཡུང་ཤྭ་མེད་ཚེ་ང་ཚོ་ནི་ཏུའུ་ཁུ་ཧྭ་རིགས་ངོ་མ་མིན། མིག་སྔར། ང་ཚོས་ཧུར་ཐག་གིས་ཏུའུ་ཁུ་ཧྭ་རིགས་ཀྱི་མང་ཚོགས་དང་ཁོ་ཚོའི་གཡུང་ཤྭ་ལ་རོགས་སྐྱོར་བྱེད་བཞིན་ཡོད། དཀའ་ཁག་ཆེན་པོ་ཡོད་ནའང་། ང་ཚོས་གྲུབ་འབྲས་ཆེན་པོ་བླངས་ཡོད། ད་དུང་འགོ་བརྩམས་མ་ཐག་ཡིན་པས། ལམ་ཐག་རིང་བོ་བགྲོད་དགོས་པ་རེད། ང་ཚོར་རོགས་བྱེད་མཁན་གྱི་སེམས་བཟང་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུཞེས་བཤད།

ཏུའུ་ཁུ་ཧྭ་རིགས་ཀྱི་གཡུང་ཤྭ་འཚོ་སྐྱོང་རིག་གནས་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན། ཁོ་ཚོའི་སྲོལ་རྒྱུན་འཚོ་བ་རོལ་སྟངས་སྲུང་སྐྱོང་ཐད་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ལ། ཏུའུ་ཁུ་ཧྭ་རིགས་དང་ཁོ་ཚོའི་གཡུང་ཤྭ་ནི་སོག་པོའི་ཐའེ་ཅཱ་ནགས་ཚལ་ཁྲོད་ཀྱི་གྲུབ་ཆ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད།

བརྙན་ལེན་པ Hamid Sardar ཡིས། སོག་པོ་ནི་ཡ་མཚར་དགོས་པའི་གནས་ཞིག་མ་ཡིན་ལ། ས་གནས་དེ་གའི་སྣང་ཚུལ་ནི་ང་ཚོས་བརྗེད་ཟིན་པའི་སྔོན་ཆད་ཀྱི་འཚོ་བ་ཙམ་རེད། གནས་དེ་ནས་ང་རང་གིས་རང་ཉིད་ལ་གཏོགས་པའི་རང་དབང་དེ་རྙེད་བྱུངཞེས་བཤད།

ལོ་ངོ ༣༠༠༠ རིང་དུ། སོག་པོའི་ཐའེ་ཅཱ་ཁབ་དབྱིབས་ལོ་མའི་ནགས་ཚལ་ཁུལ་དུ་བཅའ་སྡོད་བྱས་པའི་མི་སྐོར་ཞིག་ཡོད་པ་དེ་ལ་ཏུའུ་ཁུ་ཧྭ་ཟེར། ཏུའུ་ཁུ་ཧྭ་ནི་སོག་སྐད་ཡིན་ལ་དེའི་ནང་དོན་གཡུང་ཤྭ་འཚོ་མཁན་གྱི་འབྲོག་པ་ཞེས་པའི་དོན་ཡིན་པ་དང་། གཡུང་ཤྭ་ནི་ཁོ་ཚོའི་འཚོ་བའི་ཡོད་ཚད་ཡིན་པ་རེད། ཏུའུ་ཁུ་ཧྭ་རིགས་ལ་མཚོན་ན་གཡུང་ཤྭ་ནི་སྤྱིར་བཏང་གི་སྒོ་ཕྱུགས་རྐྱང་རྐྱང་ཞིག་མ་ཡིན་པར། ཁོ་ཚོའི་སྤྱི་ཚོགས་དང་ཆོས་ལུགས་རིག་གནས་ནང་དུའང་གཡུང་ཤྭ་ལ་དམིགས་བསལ་གྱི་གོ་གནས་ངེས་ཅན་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060