སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་4000ཡིན་པའི་མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ།
སྤེལ་དུས། 2017-11-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།

པར་རིས་འདི་ནི་མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་ཐོག་གི་ཕྱོགས་བཞིར་འབྲེལ་མཐུད་ཀྱི་ལངས་གཟུགས་བསྣོལ་ཟམ་གྱི་མཁའ་ཐོག་ནས་བླངས་པའི་པར་རིས་ཡིན།( དཔྱད་གཞིའི་ཡིག་རིགས་ཀྱི་རི་མོ། )མཚོ་སྔོན་འགྲིམ་གཏོང་ཀུང་སིས་པར་རིས་མཁོ་འདོན་བྱས།
          ཟླ11པའི་ཚེས13 ཉིན། མཚོ་སྔོན་གྱི་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། དེས་གཞུང་ལམ་འདིའི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་མཚོན་ཞིང་། འཛམ་གླིང་ཐོག་བསྐྲུན་ཟིན་པའི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་སྟེ། གངས་རིའི་ཕུག་ལམ་དང་པོ་དངོས་སུ་ཤར་གཏོང་བྱས། མཛོ་གཅིག་གཞུང་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ389 ཡོད་པ་དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨི4000 ཡོད་ཅིང་། དེའི་འགོ་འཛུགས་ས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་ཡིན་པ་དང་། མཐའ་སྣེ་ནི་ཁུལ་དེའི་གཅིག་སྒྲིལ་རྫོང་གི་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ས་མཚམས་རེད། ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ས་མཐོའི་ལོ་མང་རིང་འཁྱག་སས་བཙན་འཛུལ་བྱ་བར་ཉུང་དུ་གཏོང་ཆེད། མཛོ་གཅིག་གཞུང་ལམ་ཡོད་སར“ གསེར་ཕུག་དངུལ་ཟམ”གྱི་ཉེན་གཡོལ་སྐྱེ་ཁམས་ཉམས་ཞན་ཁུལ་བཟོས་ཡོད་པ་སྟེ། དཔེར་ན་། རི་རྩེ་གཙོ་བོའི་ས་བབ་ཀྱི་མཐོ་ཚད་སྨི6200 ལྷག་ཡོད་པའི་ཨ་མྱེས་རྨ་ཆེན་གྱི་འདབས་རོལ་དུ། མཛོ་གཅིག་གཞུང་ལུམ་གྱི་ས་བབ་ཀྱི་མཐོ་ཚད་ཨང་དང་པོའི་ཟམ་ཆེན་ཏེ་ཆབ་ལུང་ཟམ་ཆེན་གྱི་སྣེ་གཅིག་ནི“ གངས་རིའི་སྒོ་མོ” སྟེ་གངས་རིའི་ཕུག་ལམ་དང་པོར་སྦྲེལ་ཡོད་པ་དང་།  སྣེ་གཞན་དེ་ནི་རྩྭ་ཐང་དང་སྦྲེལ་ཡོད། 

པར་རིས་འདི་ནི་གཅིག་སྒྲིལ་ཕུག་ལམ་ཨང་5 པ་རེད། ( དཔྱད་གཞིའི་ཡིག་རིགས་རི་མོ། མཚོ་སྔོན་འགྲིམ་གཏོང་ཀུང་སིས་པར་རིས་མཁོ་འདོན་བྱས།

པར་རིས་འདི་ནི་མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་གྱི་ས་བབ་ཆེས་མཐོ་ཤོས་ཀྱི་ཆབ་ལུང་ཟམ་ཆེན་ཡིན།( དཔྱད་གཞིའི་ཡིག་རིགས་རི་མོ།) མཚོ་སྔོན་འགྲིམ་གཏོང་ཀུང་སིས་པར་རིས་མཁོ་འདོན་བྱས།

པར་རིས་འདི་ནི་མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་གྱི་མཁའ་ཐོག་ནས་བླངས་པའི་པར་རེད།(དཔྱད་གཞིའི་ཡིག་རིགས་རི་མོ། ) མཚོ་སྔོན་འགྲིམ་གཏོང་ཀུང་སིས་པར་རིས་མཁོ་འདོན་བྱས།

པར་རིས་འདི་ནི་མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་གྱི་མཁའ་ཐོག་ནས་བླངས་པའི་པར་རེད།  ( དཔྱད་གཞིའི་ཡིག་རིགས་རི་མོ།)མཚོ་སྔོན་འགྲིམ་གཏོང་ཀུང་སིས་པར་རིས་མཁོ་འདོན་བྱས། 

པར་རིས་འདི་ནི་མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་གྱི་ཟམ་གདུང་ཡིན། ( དཔྱད་གཞིའི་ཡིག་རིགས་རི་མོ། )མཚོ་སྔོན་འགྲིམ་གཏོང་ཀུང་སིས་པར་རིས་མཁོ་འདོན་བྱས། 

པར་རིས་འདི་ནི་མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་གྱི་མཁའ་ཐོག་ནས་བླངས་པའི་པར་རེད། ( དཔྱད་གཞིའི་ཡིག་རིགས་རི་མོ།)མཚོ་སྔོན་འགྲིམ་གཏོང་ཀུང་སིས་པར་རིས་མཁོ་འདོན་བྱས།

          མཚོ་སྔོན་མཛོ་གཅིག་མྱུར་བགྲོད་གཞུང་ལམ་གྱི་ལམ་རྒྱུད་དུ་གཞི་ཁྱོན་ཆེ་བའི་ལོ་མང་འཁྱགས་ས་ཡོད་པས་ཨར་ལས་བཟོ་སྐྲུན་གྱི་ཁྲོད་དུ་དཀའ་ངལ་གང་མང་བཟོས།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716