སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“བོད་ཀྱི་ལོ་གསར་མཚན་ཚོགས་སུ་ང་གླུ་བ་ཐོན་ཡོང་”ཞེས་པའི་འགྲན་བསྡུར་སྤེལ།
སྤེལ་དུས། 2017-12-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བྱམས་པས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན།   ཁ་བའི་དུས་ཚིགས་རྗེས་ཀྱི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཉི་འོད་རབ་ཏུ་བཀྲ་ལ། ཁམ་བུ་དཀར་པོས་ས་གཞི་སེར་ལམ་མེར་བསྒྱུར།   བོད་རིགས་ས་ཁུལ་ཁག་ནས་སླེབས་པའི་བོད་རིགས་གཞས་པ་རྣམས་ཁྲེང་ཏུའུ་རུ་འཛོམས་ནས།  ཁམས་པའི་འཁོར་སྐར་བརྙན་འཕྲིན་གྱི་ཀྲུང་གོའི་བོད་ཀྱི་གླུ་གཞས་མིང་རིམ་གྱི་མཛའ་གླུ་ཚོགས་པའི་“བོད་ཀྱི་ལོ་གསར་མཚན་ཚོགས་སུ་ང་གླུ་བ་ཐོན་ཡོང་”ཞེས་པའི་ཆེད་སྒྲིག་ལེ་ཚན་དུ།   ཆེས་སྙན་ཞིང་མཛེས་པའི་བོད་རིགས་ཀྱི་གླུ་གཞས་ཕུལ།
གནམ་མཁའ་ལྷ་མོའི་བླངས་པའི་《བཀྲ་ཤིས་པའི་ཚེས་དགུ་དང་ཨ་རག》
རིན་ཆེན་ཐུབ་བསྟན་གྱིས་བླངས་པའི་《རི་བོ་ཇོ་མོ་གླང་མ།》
སངས་རྒྱས་ཚེ་རིང་གིས་བླངས་པའི་《བོད་ཀྱི་དམངས་གླུ།》
གཙང་གསུམ་ཆུ་འགོའི་སྤུན་ཟླ་ཚན་སྡེབས་ཀྱིས་བླངས་པའི་གསར་རྩོམ་གླུ་གཞས་《ཨ་མའི་ཁ་ཏ།》
OMNཚན་སྡེབས་ཀྱིས་བླངས་པའི་《མ་ཡུམ་དྲན་གླུ།》
          ཐེངས་འདིའི་བྱེད་སྒོ་ནི་ཁམས་པའི་འཁོར་སྐར་བརྙན་འཕྲིན་ཁང་གིས་གཙོ་གཉེར་བྱས་པ་དང་། སི་ཁྲོན་ཤམ་བྷ་ལ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི།   ཁྲེང་ཏུའུ་ཧྥུ་ལེན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་སྒྲུབ་འགན་ཁུར་པ་ཡིན།   དམིགས་ཡུལ་ནི་རྒྱ་ཆེའི་བོད་རིགས་གཞས་ལ་དགའ་པོ་ཡོད་མཁན་རྣམ་པར་གླུ་གཞས་ཀྱི་ནུས་རྩལ་ངོམ་པའི་མང་ཚོགས་རང་བཞིན་གྱི་འགྲེམས་སྟོན་སྟེགས་བུ་བསྐྲུན་པ་དང་། ཁམས་པའི་འཁོར་སྐར་བརྙན་འཕྲིན་གྱི་2018ལོའི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོ་དགོངས་ཚོགས་ཐད་གཏོང་གི་ལས་སྟེགས་བསྐྲུན་རྒྱུ་རེད།
པད་མ་མཚོས་བླངས་པའི་《ཤར་ཕྱོགས་རི་བོའི་རྩེ་ནས།》
ཕུར་བུས་བླངས་པའི་《གནས་ལ་བཟང་པོ།》
བསོད་ནམས་ཚེ་རིང་གིས་བླངས་པའི་《ས་མཐོའི་བརྩེ་དུང་།》
ལུང་རིགས་ཉི་མས་བླངས་པའི་《སེམས་ཀྱི་རོལ་རྩེད།》
ཐང་ཚྭ་ཚེ་དབང་ལྷ་མོས་བླངས་པའི་《རྟག་བརྟན་གྱི་མཛེས་པའི་སྨོན་ལམ།》
          “བོད་ཀྱི་ལོ་གསར་མཚན་ཚོགས་སུ་ང་གླུ་བ་ཐོན་ཡོང་”སྤེལ་འགོ་ཚུགས་པ་ནས་བཟུང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་དོ་ཁུར་དང་རྒྱབ་སྐྱོར་ཐོབ། རྒྱ་ཆེའི་བོད་རིགས་གླུ་གཞས་ལ་དགའ་པོ་བྱེད་མཁན་ཚོས་ཧུར་བརྩོན་གྱིས་བྱེད་སྒོར་ཞུགས་པ་དང་། ཐོག་མའི་དྲ་རྒྱར་ཡོངས་འདེམས་དང་《ཀྲུང་གོའི་བོད་ཀྱི་གླུ་བའི་མིང་རིམ་》གྱིས་མཚམས་སྦྱོར་བྱས་པ་བཅས་གླུ་བ་30བདམས་ཐོན་བྱུང་།
ཀུན་བཟང་མཚོ་མོས་བླངས་པའི་《ཚེ་འདིར་ཆེས་དགའ་བའི་མི།》
ཨཱ་སི་མན་གྱིས་བླངས་པའི་《རྒྱལ་རོང་དམངས་གཞས།》
རྨེད་སྒྲོན་བསྟན་ཉིས་བླངས་པའི་《སྐུ་དྲོ། ཨ་མ།》
ཝང་ཅེ་ཆིས་བླངས་པའི་《རྒྱང་རིང་གི་ས་ཆ་དེར།》

ཀརྨ་ཚེ་རིང་གིས་བླངས་པའི་《ཕ་ཡུལ།》
བཀྲ་ཤིས་འཚོས་བླངས་པའི་《བཀྲ་ཤིས་པའི་ཚེས་དགུ་དང་ཨ་རག》
དབྱངས་ཅན་གྱིས་བླངས་པའི་《ནམ་ཡང་སེམས་ཀྱི་ཉི་ཟླ།》
འཇིགས་མེད་ཆོས་འཕེལ་གྱིས་བླངས་པའི་《དམངས་གཞས།》
ཏིང་འཛིན་རྡོ་རྗེས་བླངས་པའི་《ཕ་ཡུལ་རྒྱ་མདའ།》
ཚེ་རྡོ་སྐྱིད་ཀྱིས་བླངས་པའི་《བྱེའུ་འཇོལ་མོ།》
          “བོད་ཀྱི་ལོ་གསར་མཚན་ཚོགས་སུ་ང་གླུ་བ་ཐོན་ཡོང་”འགྲན་བསྡུར་གྱི་མི་30ལས་10བདམ་པའི་འགྲན་བསྡུར་ནི་གནད་འགག་གི་དུས་ཤིག་ཡིན།   མི་གྲངས་རིམ་སྤར་ཚད་བཀག་གི་དབང་ཆ་ཐོབ་ཆེད་འགྲན་ཞུགས་པ་རྣམས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་པས་ལྟ་རིན་ཡོད་ལ་འགྲན་རྩོད་ཤུགས་དྲག་པོ་ཡིན།   
ཚེ་རིང་ལྷ་མོས་བླངས་པའི་བོད་སྐད་དུ་བསྒྱུར་པའི་《དཔྱིད་ཀའི་འདམ་བག》
གནའ་སྲོལ་རོལ་ཚོགས་ཀྱིས་བླངས་པའི་《བེ་རོའི་ལྡེའུ་བཤད།》
འཇམ་དབྱངས་རང་གྲོལ་གྱིས་བླངས་པའི་《དམངས་གཞས།》
ཧྥན་དབྱང་ཧྲེ་བླངས་པའི་《འདབ་མ་ལྷུང་པའི་མེ་ཏོག》
དཔའ་ཆེན་གཡུང་དྲུང་གིས་བླངས་པའི་《རྩི་ཤིང་གི་འདབ་ལོ་རྒྱས།》
          གཞས་པ་རྣམ་གྱིས་གཞས་གཏོང་བའམ་ཡང་ན་པི་ཝང་དཀྲོལ་བ།   ཡང་ན་རང་གིས་ཁྱེར་པའི་རོལ་ཆས་དཀྲོལ་ཞོར་གཞས་གཏོང་བ།   ཡང་ན་ཚན་སྡེབ་གླུ་ལེན་པ་ཡིན།   གཞས་པ་རྣམས་ཀྱི་ངར་ཤུགས་དང་ཁྱད་ཆོས་སྦ་གསང་མེད་པར་མངོན་ཡོད་ལ།  ལྷག་བསམ་ཟོལ་མེད་གྱིས་འཁྲབ་སྟོན་བགྱིས་པས་ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་དབང་བཀུགས།   ཆེད་ལས་དཔྱད་འདེམས་པས་དཔྱད་བརྗོད་གནང་པ་གནད་དུ་འཕིགས་པ་དང་།   འགྲན་བསྡུར་ཡོངས་ལ་ངོ་མཚར་ཆེ་ཞིང་འབུར་དུ་ཐོན་པའི་གནད་མང་པོ་ཡོད།   འཁྲབ་སྟོན་ཡག་པོ་དང་འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད་གཞས་པ་10བདམས་ཐོན་བྱུང་།
སྐལ་བཟང་ཟླ་བས་བླངས་པའི་《བོད་ཀྱི་དམངས་གཞས།》
འཇམ་དབྱངས་ཀྱིས་བླངས་པའི་《བོད་པའི་བུ་མོ།》
ཀྲེང་ཅས་བླངས་པའི་《གནམ་མཐའི་མཛེས་སྡུག་གི་གཙང་པོ།》
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716