སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རིག་དངོས་ཕྱིར་སྤོ་དང་མུའུ་ཆིག་སྟོང་གི་མེ་ཏོག་ཞིང་ས་བསྐྲུན་ནས་རྒྱལ་རྩེའི་གནའ་གྲོང་མཛེས་ལྗོངས་ཁུལ་རྩེ་གྲ་གསར་སྤེལ་བྱ།
སྤེལ་དུས། 2018-01-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བྱམས་པས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཟླ་12ཚེས་28ཉིན། བོད་ལྗོངས་རྒྱལ་རྩེའི་2018ལོའི་“མཁར་རྫོང་གཞིས་ཀ  གནས་མཆོག་རྒྱལ་རྩེ།”ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས།
དེ་རིང་གི་རྒྱལ་རྩེ་གྲོང་།
            རྒྱལ་རྩེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དུ་ཆགས། གཞིས་རྩེ་གྲོང་ཁྱེར་གྱི་ཤར་རྒྱུད་དང་། མྱང་ཆུའི་སྟོད་རྒྱུད་དུ་ཡོད། རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དང་རྒྱལ་ཡོངས་ཞིང་ལས་སྟོབས་ཆེན་རྫོང་བརྒྱའི་གྲས་ཡིན། སྐད་གྲགས་ཆེ་བའི་“དཔའ་བོའི་གྲོང་”དང་“བོད་ལྗོངས་ཀྱི་འབྲུ་མཛོད་”“ཁ་གདན་གྱི་ཕ་ས་”བཅས་པའི་མཚན་སྙན་ཡོད།
དགུ་ཚིགས་སྐ་རགས་འོག་གི་རྫོང་རི།
            རྒྱལ་རྩེའི་རྫོང་དུ་རྫོང་རིའི་དབྱིན་འགོག་གནའ་ཤུལ་དང་ཕ་ལྷ་གཞིས་ཀ དཔལ་འཁོར་ཆོས་སྡེ་སོགས་གནའ་ཤུལ་གྲགས་ཅན་དང་མཁའ་རོའི་འཁྱགས་རོམ། ཆུ་མཛོད། འདམ་ར་སོགས་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དེ་ལས་མང་པོ་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐུན་མོང་མ་ཡིན་པའི་མི་རིགས་དང་འཛུགས་སྐྲུན། དམངས་སྲོལ། བཟོ་རྩལ། ཆོས་ལུགས། བཟའ་བཏུང་བཅས་ཀྱི་རིག་གནས་གྲུབ་ཡོད། ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཀྱིས་རྒྱལ་རྩེའི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
དཔལ་འཁོར་ཆོས་སྡེའི་མཁའ་དབྱིངས་ཀྱི་སྐར་ཚོགས་ཀྱི་འདུ་འགོད།
            གསར་འགོད་པས་འོས་སྦྱོར་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་གསལ། རིམ་པ་རྗེས་མར་རྒྱལ་རྩེ་རྫོང་གིས་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོར་བརྟེན་ནས། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་པ་བགྱིས་ནས་ཧུར་ཐག་གིས་རྫོང་ཁ་5Aརིམ་པའི་མཛེས་ལྗོངས་ཁུལ་དུ་སྙན་ཞུ་འབུལ་རྩིས་ཡོད།
            “རྫོང་རིའི་མཁར་རྫོང་ཕྱོགས་ཡོངས་ནས་སླར་གསོ་དང་རིག་དངོས་ཕྱིར་སྤོ་བྱེད་པ། རྫོང་རིའི་མཁར་རྫོང་ཡུལ་སྐོར་བརྒྱུད་ལམ་ལེགས་པར་བསྐྲུན་པ། རྫོང་རིའི་འོག་ཏུ་ས་མུའུ་སྟོང་ཡོད་པའི་པད་ཁའི་མེ་ཏོག་གི་མཛེས་ལྗོངས་ཁུལ་གསར་བསྐྲུན་བྱ་རྒྱུ་ཡིན། རྒྱལ་རྩེའི་རྫོང་གི་རྫོང་དཔོན་གཞོན་པས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱབ་རིའི་མཐའ་བའི་གནའ་བོའི་སྲང་ལམ་ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་དང་། གྲོང་ཁྱིམ་གྱི་ཁང་བ་གཅིག་གྱུར་ཐོག་གནའ་ལུགས་ལྟར་མཛེས་བཟོ་དང་གཅིག་སྡུད་གྱིས་གསར་སྤེལ་བགྱིས་ནས། གནའ་བོའི་སྲང་ལམ་དེ་འཁྲབ་སྟོན་དང་ཞག་སྡོད། བཟའ་བཏུང་། ཡུལ་སྐོར་སྤྲོ་གསེང་། ཟོག་ཉོ།   རོལ་རྩེད་བཅས་གཞི་གཅིག་ཏུ་བསྒྲིལ་བའི་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་འཛུགས་བསྐྲུན་བྱ་གྲབས་ཡོད།
པད་ཁའི་མེ་ཏོག་ཁྲོང་འགྱིང་ངེར་གནས་པའི་རྒྱལ་རྩེའི་གནའ་བོའི་མཁར་རྫོང་།
            རྒྱལ་རྩེ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་ལྡན་གྱིས་བརྗོད་རྒྱུར། རྒྱལ་རྩེ་རྫོང་གིས་མགྱོགས་མྱུར་གྱིས་སྣོད་བཅུད་རིག་གནས་ཡུལ་སྐོར་ལས་རིགས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་གསར་གཏོད་བྱས་ཏེ། ལོ་ངོ་གསུམ་གྱི་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་50སྣེ་ལེན་དང་། ལོ་ལྔའི་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་100སྣེ་ལེན་བྱ་བར་བརྩོན་ལེན་བྱ་རྒྱུ་ཡིན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716