སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆེ་དགྲ་ལྷས《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་གཉིས་ལ་བཀའ་སློབ་བསྩལ་བ།
སྤེལ་དུས། 2017-03-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་སྔོན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་མཆོག་ནས《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་། ཀྲུང་གོའི་བོད་ལྗོངས་དྲ་བ་གཉིས་ཀྱི་ཆེད་དོན་བཅར་འདྲིར་དང་ལེན་གནང་སྐབས་གསར་འགོད་པའི་དྲི་བར་ལན་བསྐྱོན་པར། 《ཀྲུང་གོའི་བོད་ལྗོངས》ཀྱི་དུས་དེབ་ནི་རང་ཉིད་ཀྱི་ལོ་ངོ་མང་པོའི་ནང་དུ་དགའ་ཞེན་ཆེན་པོ་བྱེད་པའི་དུས་དེབ་ཀྱི་གྲས་ཤིག་ཡིན་ཞིང་། དུས་དེབ་དེའི་དུས་ཚིགས་མང་པོའི་ཕུལ་བྱུང་བརྩམས་ཆོས་ལ་མྱོང་རོལ་ཡང་བྱས་མྱོང་ཞེས་གསུངས།
          “ང་རང་གི་དྲན་གསལ་ལ་ངོས་ནས་སྔོན་མ་ཡུན་ནན་བདེ་ཆེན་དུ་ལས་དོན་སྒྲུབ་སྐབས‘སེམས་ཀྱི་ཉི་ཟླ’ཞེས་པའི་ཡུལ་སྐོར་ཐོན་ལས་ཀྱི་ཚོང་རྟགས་གསར་གཏོད་དང་ཁྱབ་སྤེལ་བྱེད་སྐབས། 《ཀྲུང་གོའི་བོད་ལྗོངས》དུས་དེབ་ཐོག་ཏུ་ཆེད་དོན་བརྩམས་ཆོས་མང་ཙམ་སྤེལ་མྱོང་ཞིང་། ཕྱིས་སུ་བོད་ལྗོངས་སུ་ལས་སྒྱུར་བྱས་རྗེས། ལྷ་སའི་ཁྲོམ་གཟིགས་སྒང་གི་ལེགས་བཅོས་སམ། པོ་ཏ་ལ་དང་ནོར་བུ་གླིང་གའི་རིག་དངོས་སྲུང་སྐྱོབ་བམ།ལྷ་ས་སྐྱིད་ཆུའི་བདག་སྐྱོང་སོགས་ཀྱི་ཐད《ཀྲུང་གོའི་བོད་ལྗོངས》ཀྱི་དུས་དེབ་ཀྱིས་སྐབས་འཕྲལ་དྲིལ་སྒྲོག་སོགས་ལ་ཕན་པ་བླ་མེད་ཐོགས་ཤིང་། དྲང་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཆེ་ཙམ་ཐོན་ཡོད”ཅེས་དང། ཁོང་ནས་ད་ཐེངས་ཀྱི་བཅར་འདྲིའི་གོ་སྐབས་བཟང་པོ་འདི་བརྒྱུད་དེ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་ཀྱི་རྩོམ་སྒྲིག་པ་ཡོངས་ལ་སྙིང་ཐག་པ་ནས་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་གསུངས།
          ཆེ་དགྲ་ལྷ་མཆོག་ནས་བརྗོད་པར། 《ཀྲུང་གོའི་བོད་ལྗོངས》ནི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་གི་གཙོ་གནད་དུས་དེབ་ཅིག་ཡིན་པའི་དབང་གིས། འདི་ཉིད་ཀྱི་དྲིལ་སྒྲོག་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་ལ། ཀློག་པ་པོའི་སྡེ་ཡང་གཏན་འཇགས་ཡིན་གཤིས། རེ་བར་དུས་དེབ་འདི་ཉིད་ཀྱིས་དུས་རབས་ཀྱི་གོམ་བགྲོད་དང་བསྟུན་ནས།བསམ་བློའི་སྒོ་འཕར་ཡངས་མོར་ཕྱེས་ཏེ། མུ་མཐུད་དུ་བོད་ལྗོངས་དང་ཞིང་ཆེན་གཞན་བཞིའི་བོད་ཁུལ་གྱི་གཏམ་རྒྱུད་ལེགས་པར་སྤེལ་ཐུབ་པའི་སྨོན་འདུན་ཞུ། “གང་ལགས་ཤེ་ན། བོད་ཁུལ་དུ་ངེས་པ་དོན་གྱི་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་བ་ཆེན་པོ་བྱུང་ཡོད་ལ། དེར་མ་ཟད་འགྱུར་བ་དེ་ཡང་རང་དགར་ཕྱི་རོལ་གྱི་མིས་བསམ་གཞིགས་ཀྱི་ཡུལ་དུ་གྱུར་ཐུབ་པ་ཞིག་མིན་པར། ང་ཚོ་ཚུད་པའི་མི་སེར་ཚོའི་འཚོ་བ་དངོས་ཀྱི་མྱོང་བྱར་གྱུར་ཡོད”ཅེས་གསུངས།
          ཆེ་དགྲ་ལྷ་མཆོག་ནས་བརྗོད་པར། བོད་ཁུལ་གྱི་འཕེལ་རྒྱས་ནི་ཟླ་བ་ཡར་ངོ་ཇི་བཞིན་ཉིན་རེ་ནས་ཉིན་རེ་བཞིན་གྲ་ཇེ་རྒྱས་དང་སྤུས་ཇེ་དག་ཏུ་གྱུར་ཏེ། དུས་ཡུན་རིང་པོ་མི་དགོས་པར། ལོ་གཅིག་གཉིས་ཀྱི་ནང་དུའང་དེའི་ཕྱོགས་གང་ཐད་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོང་། “འགྱུར་བ་དེ་དག་ཀྱང་ཕྱིའི་གཞུང་ལམ་དང་ཁང་ཁྱིམ་གྱི་བཀོད་པ་ཙམ་མིན་པར་མི་སེམས་དང་། ཁོང་ཚོའི་རྣམ་འགྱུར་ལས་མངོན་ཐུབ་ཅིང་། བསམ་བློའི་ཐོག་དང་འདུ་ཤེས་ཐོག་གི་འགྱུར་བ་འདི་དག་ངེས་པར་དུ་དྲིལ་སྒྲོག་བྱེད་དགོས།འདི་གར་གསོན་ཉམས་རབ་ཏུ་འབར་བའི་བོད་ལྗོངས་ཀྱི་གཏམ་རྒྱུད་དང་། བདེན་པ་བདེན་ཐུབ་ཀྱི་ཀྲུང་གོའི་གཏམ་རྒྱུད་ཡོད”ཅེས་གསུངས་ལ།《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་གཉིས་ཀྱིས་དོན་དངོས་དང་སྤྱི་ཡོངས་ཀྱི་སྤྱན་མིག་ལམ་ནས་བོད་ཁུལ་གྱི་གཏམ་རྒྱུད་དེ་བས་མང་བ་སྔོག་འདོན་དང་དྲིལ་སྒྲོག་བྱས་ཚེ། “འདི་ཉིད་ཀྱིས་ང་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་དང་། ‘བརྒྱུད་གཅིག་ལམ་གཅིག’གི་འཛུགས་སྐྲུན་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས”ཞེས་སྐུལ་འདེབས་མཛད་དོ།།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716