སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་དེ་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས།
སྤེལ་དུས། 2017-03-30   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  ཟླ་བ་གཡུ་སྒྲོན་གྱིས་བསྒྱུར།

          སྤྱི་ཚེས་༢༨ཉིན། ཀོང་ཏུང་གིས་བོད་ལྗོངས་དང་མཉམ་དུ་གཏོད་པའི་ཡུལ་སྐོར་འཛུགས་སྐྲུན་རྣམ་གྲངས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་དེ་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་ཡོད། བོད་ལྗོངས་ཀྱི་སྒྲིག་ཆས་ཆ་ཚང་བའི་ཡུལ་སྐོར་གྲོང་བརྡལ་ཡིན་པའི་ཆ་ནས། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་ལ་ན་ནིང་ཚོང་གཉེར་བྱེད་འགོ་ཚུགས་པ་ནས་ད་ལྟའི་བར་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་མ་ཟད། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་རྒྱུན་མཐུད་འཕར་སྣོན་ཕྱིན་པ་དང་། ཉིང་ཁྲིའི་ཁྱད་ལྡན་སྐྱེས་ཁམས་ཡུལ་སྐོར་ལ་མྱོང་རོལ་བྱེད་རྒྱུ་དེ་ཡུལ་སྐོར་བ་ཚོའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

          ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་གལ་ཆེན་དང་ཡུལ་སྐོར་གནད་འཕིགས་དབུལ་སྐྱོར་གྱི་རྣམ་གྲངས་གལ་ཆེན་ཡིན། རྣམ་གྲངས་འཆར་འགོད་བྱས་པ་ནས་དངོས་སུ་ལག་བསྟར་ཐུབ་པའི་བར་ལོ་དྲུག་འགོར་བ་དང་། ཀོང་ཏུང་ཞིང་ཆེན་དང་། བོད་རང་སྐྱོང་ལྗོངས། ཁེ་ལས་མང་པོ་བཅས་ཀྱིས་མཉམ་དུ་གསར་སྤེལ་བྱས་པ་དང་། སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་༣༠ལས་བརྒལ་ཡོད། མིག་སྔར། གྲོང་བརྡལ་དེར་སྤྲོ་སེང་ཐོན་རྫས་ཀྱི་མ་ལག་ཞིག་གྲུབ་ཟིན་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716