སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་གསར་དུ་ལེཊ་སྒྲིག་བྱས་ནས་བཙུཊ་པའི་དམག་རིམ་པའི་སྡེ་ཚན་གྱི་དཔོན་རིཊ་དང་མཇལ་འཕྲད་གནང་།
སྤེལ་དུས། 2017-04-20   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།

          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྤྱི་ཚེས་༡༨ཉིན་གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་དམག་རིམ་པའི་སྡེ་ཚན་གྱི་དཔོན་རིགས་གཙོ་བོ་དང་མཇལ་འཕྲད་གནང་བ་མ་ཟད། སྡེ་ཚན་ཁག་ལ་བཀའ་ཡིག་བསྒྲགས་གནང་ཡོད་པ་རེད། ཁོང་གིས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་མཛུབ་སྟོན་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱེད་དགོས་པ་དང་། དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་གྱིས་ཁྲིད་སྟོན་བྱས་ཐོག་དུས་བབ་གསར་པའི་འོག་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་དགོས་པ་དང་། ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུ། ཁྲིམས་ལྟར་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམག་རྒྱག་ཕོད་པ་དང་། རྒྱལ་ཁ་ལེན་ཐུབ་པར་མདོ་བསྡུས་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། བློ་སེམས་གཅིག་སྒྲིལ་གྱིས་སྐོང་ན་འཕྲལ་དུ་སླེབས་པ་དང་། སླེབས་རྗེས་དམག་རྒྱག་ཐུབ་པ། རྒྱབ་ན་རྒྱལ་ཐུབ་པ་བཅས་ཀྱི་ཧྲག་བསྡུས་དམག་དཔུང་ཞིག་འཛུགས་ཐུབ་པ་བྱས་ནས། ཀྲུང་གོའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་ཡོང་བར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།


          སྔ་དྲོའི་ཆུ་ཚོབ་༡༠པར། ཞིས་ཅིན་ཕིང་བརྒྱད་གཅིག་ཁང་ཆེན་དུ་ཕེབས་ནས། གསར་སྒྲིག་བྱས་པའི་དམག་རིམ་པའི་སྡེ་ཚན་གྱི་དཔོན་རིགས་གཙོ་གྲས་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་གསར་བསྒྲིགས་བྱས་པའི་དམག་རིམ་པའི་སྡེ་ཚན་ཡོངས་དང་བཀོད་འཐབ་པ་ཡོངས་ལ་སྤྲོ་སེབས་རབ་ཏུ་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཡོད་པ་རེད།

          དེ་རྗེས། ཞིས་ཅིན་ཕིང་གིས་བཀའ་ཡིག་བསྒྲགས་གནང་ཡོད་པ་རེད། ཁོང་གིས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ནས། དམག་ཡོངས་སུ་དམག་རིམ་པའི་སྡེ་ཚན་༨༤གསར་བསྒྲིགས་བྱེད་རྒྱུའི་གཏན་འབེབས་བྱས་ཡོད། དེ་ནི་རང་དམག་གིས་བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེའི་ལམ་དུ་སྐྱོད་རྒྱུར་སླར་ཡང་གོམ་པ་གལ་ཆེན་སྤོས་པ་ཞིག་ཡིན་ཞིང་། དེས་དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དང་། འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྲུན་བྱེད་རྒྱུར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། གསར་བསྒྲིགས་བྱས་པའི་དམག་རིམ་པའི་སྡེ་ཚན་ནི་སྒྲིག་གཞི་གསར་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་ནང་ལས་འགན་གཟི་བརྗིད་ཆེ་བ་དང་། འགན་འཁྲི་ལྗིད་པོ་ཡོད་པ་ཞིག་རེད་ཅེས་བསྟན་གནང་ཡོད་པ་རེད།

ཞིས་ཅིན་ཕིང་གིས་གསར་བསྒྲིགས་བྱས་པའི་དམག་རིམ་པའི་སྡེ་ཚན་ལ་བླང་བྱ་དོན་ཚན་བཞི་བཏོན་གནང་ཡོད་པ་རེད།

          དེ་ཡང་། གཅིག་ནི་སེམས་ཐག་གཙང་བཅད་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་ནས། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་། སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ། སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་ཉན་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། ཕུགས་བསམ་དང་ཡིད་ཆེས་བརྟན་དུ་གཏོང་བ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལུགས་སྲོལ་ནན་སྲུང་བྱེད་པ་བཅས་བྱས་ནས། སྔ་བར་ཕྱི་གསུམ་དུ་དམག་དཔུང་འཛུགས་སྐྱོང་གི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།

          གཉིས་ནི་དུས་དང་རྣམ་པ་ཀུན་ཏུ་དམག་རྒྱག་གི་གྲ་སྒྲིག་བྱས་ནས། དམག་འཐབ་རུ་ཁག་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། དམག་འཐབ་ནུས་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས། སེམས་ནུས་གཅིག་སྒྲིལ་གྱིས་དམག་དོན་དང་། དམག་འཁྲུག དམག་འཐབ་བཅས་ལ་ཞིབ་འཇུག་བྱས་ནས། དམག་དོན་བྱ་སྤྱོད་ཀྱི་གྲ་སྒྲིག་ཁག་ཡག་པོ་བྱེད་དགོས་པ་དང་། ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་བླ་ན་མེད་པའི་ལས་འགན་བློ་བཀར་སེམས་དཀར་གྱིས་བསྒྲུབ་དགོས།

          གསུམ་ནི་དུས་ཚོད་དམ་འཛིན་གྱིས་དམག་འཐབ་ནུས་པ་ཆེ་རུ་བཏང་ནས། གཞི་གཅིག་ཅན་མཉམ་འབྲེལ་དམག་འཐབ་ཀྱི་བླང་བྱ་དང་འཚམས་མཐུན་ཡོང་བ་དང་། སྒྲིག་གཞི་གསར་པ་དང་སྒྲིག་བཀོད་གསར་པར་འཚམས་མཐུན་ཡོང་བ་བྱེད་དགོས་པ་དང་། བློ་སྟོབས་ཆེན་པོས་བསྒྱུར་བཅོས་བྱེད་པ་དང་། གསར་གཏོད་གསར་སྐྲུན་བྱས་ནས། དཔུང་སྡེའི་ཚན་རྩལ་འདུས་ཚད་མཐོ་རུ་གཏོང་བ་དང་། གོ་ཧྲག་དམག་འཐབ་སྟོབས་ཤུགས་གོང་འཕེལ་གཏོང་བ། དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། མ་ལག་རང་བཞིན་གྱི་དམག་འཐབ་ནུས་པ་ཆེ་རུ་གཏོང་བ། གང་མགྱོགས་སྤུས་ཚད་ཕན་ནུས་རང་བཞིན་དང་ཚན་རྩལ་མང་འདུས་ཅན་གྱི་ཕྱོགས་སུ་བཅོས་བསྒྱུར་བྱས་ནས། མི་བཤིག་རྡོ་རྗེ་ལྟ་བུའི་དམག་འཐབ་མཉམ་སྡེབ་ཅིག་ཆགས་པ་བྱེད་དགོས།

          བཞི་ནི་ཉམས་སད་ཐེག་ཐུབ་པའི་དམག་འཐབ་སྤྱོད་ཚུལ་གསོ་སྐྱོང་བྱས་ནས། མི་དམངས་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། གསར་བརྗེའི་དཔའ་བོའི་རིང་ལུགས་དང་མཉམ་སྡེབ་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། འཐབ་འཛིང་བྱེད་ཕོད་པ་དང་། རྒྱལ་ཁབ་ལེན་ཕོད་པའི་བློ་སྟོབས་གསོ་སྐྱོང་བྱས་ནས། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དཔའ་བོའི་བློ་སྟོབས་སྐུལ་སློང་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ནས། དམག་དཔུང་གི་སྤྱོད་ཚུལ་ལྷད་མེད་བཟོ་དགོས་པ་དང་། བཞི་ལྡན་གྱི་མི་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱེད་པ། ལྕགས་ལྟ་བུ་བཞིའི་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་གསོ་སྐྱོང་བྱས་ནས། མི་དམངས་དམག་དཔུང་ལ་གཟི་བརྗིད་དེ་བས་ཆེ་བ་ཐོབ་པའི་བརྩོན་ལེན་བྱེད་དགོས་པ་བཅས་ཡིན་པ་རེད།

          ཝང་དབྱིན་ཧྥང་དང་། ཡོན་ཧྭ་ཀྲི། ཝང་གྲེང་ནན། ལིའི་ཅུན། ཧེ་ཤིང་པོའོ། གྲེན་ཧྲའུ་མིན་བཅས་ཀྱིས་ཁག་སོ་སོར་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ། ཞིང་ཆེན་དམག་ཁུལ་གི་ཁོངས་གཏོགས་དམག་རིམ་པའི་ཚན་པ་བཅས་ཀྱི་ཚབ་ཞུས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞིས་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀའ་ཡིག་སེམས་སུ་བརྟན་པོར་ངེས་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་རྒྱག་གྲ་སྒྲིག་དང་རྒྱལ་ཁ་ལེན་ཐུབ་པ། ལས་འགན་ལེགས་གྲུབ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་མངག་བཅོལ་ཆུད་ཟོས་ཏུ་རྩ་བ་ནས་གཏོང་མི་སྲིད་ཅེས་བསྟན་ཡོད་པ་རེད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716