སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གློག་རྡུལ་ཚོང་དོན་སྟེགས་བུ་བསྐྲུན་ནས་བུད་མེད་ཀྱི་ཚོང་ལས་གསར་གཏོད་མངོན་འགྱུར་འབྱུང་བར་རོགས་རམ་ཐོབ།
སྤེལ་དུས། 2018-01-05   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཟླ་1ཚེས་3ཉིན། བོད་ལྗོངས་ཀྱི་ཐེངས་གསུམ་པའི་བུད་མེད་དབུལ་སྒྲོལ་གློག་རྡུལ་ཚོང་དོན་གྱི་ནུས་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སློབ་གཉེར་བ་67གྱིས་དུས་ཡུན་ཉིན་10རིང་གློག་རྡུལ་ཚོང་དོན་གྱི་ཤེས་བྱ་ལ་སློབ་སྦྱོང་བྱེད་པ་ཡིན། 
          གསོ་སྦྱོང་འཛིན་གྲྭའི་དམིགས་ཡུལ་ནི། གློག་རྡུལ་ཚོང་དོན་གྱི་ཤེས་བྱ་ཁྱབ་གདལ་དང་བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་གྱི་བུད་མེད་ཤེས་ལྡན་མི་སྣའི་དཔུང་ཁག་བསྐྱེད་སྲིང་།“བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གནད་འཕིགས་དབུལ་སྐྱོར་བུད་མེད་ཀྱི་གློག་རྡུལ་ཚོང་ལས་སྟེགས་བུ་”སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བགྱིས་ནས།“བུད་མེད་ཀྱི་དབུལ་སྐྱོར་ལས་དོན་”ལ་ཕན་ནུས་མངོན་གསལ་དོད་པ་ཐོན་པར་སྐུལ་འདེད་གཏོང་བ་ཡིན།
2017ལོའི་ཟླ་6པར། བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནད་འཕིགས་དབུལ་སྐྱོར་བུད་མེད་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས་སྤྱོད་སྒོ་ཚུགས་པའི་མཛད་སྒོའི་ཡུལ་དངོས།
          རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་ཟླ་6པར་བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་“བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གནད་འཕིགས་དབུལ་སྐྱོར་བུད་མེད་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས་”སྤྱོད་འགོ་ཚུགས་པའི་མཛད་སྒོ་སྤེལ། དུས་མཚུངས་སུ་ཐེངས་གཉིས་པའི་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར། ལོ་ཕྱེད་ཀྱི་དུས་ཐུང་རིང་ཚོད་ལྟའི་གཉེར་སྐྱོང་བྱས་པ་བརྒྱུད། བུད་མེད་ཀྱི་ཁེ་ལས་14གློག་རྡུལ་ཚོང་དོན་སྟེགས་བུར་ཞུགས་ནས་ཕྱིར་བཙོངས་དངུལ་སྒོར་ཁྲི་12ལ་སླེབས།
          བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་སྒྲོལ་དཀར་གྱིས་བརྗོད་རྒྱུར།“ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་རེ་བ་ནི་བུད་མེད་རྣམས་ཀྱིས་‘དྲ་སྦྲེལ་+ལས་གཏོད་’ཀྱི་གནས་བབ་གསར་པ་དང་བསྟུན་ཐུབ་བྱ་བ་དང་། གློག་རྡུལ་ཚོང་དོན་གྱི་ལས་གཏོད་བྱེད་པའི་རྩལ་ནུས་དང་འཇོན་ཐང་ཁོང་དུ་ཆུད་ནས། དྲ་ཐོག་ཏུ་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་དང་། ལས་གཏོད་ཀྱི་བར་སྟོང་དང་ཕྱུག་འགྱུར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས།”
          ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར། བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ཕྱི་ནང་གི་ཚོང་དོན་ཁྱབ་ཁོངས་ཀྱི་ཆེད་ལས་དགེ་རྒན་གདན་འདྲེན་ཞུས་ནས་སློབ་མར་སློབ་ཁྲིད་གནང་། བསླབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ལ་བཀོལ་སྤྱོད་རིན་ཐང་ཡོད། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་གྱི་ཐོན་རྫས་འཛམ་གླིང་ལ་ཅི་ལྟར་ཚོང་འགྲེམ་བྱེད་པའི་སྲིད་ཇུས་གཞུང་ལུགས་གསལ་འགྲེལ་གྱི་བསླབ་ཚན། བོད་གཏོད་ཉོ་སྒྲུབ་སྟེགས་བུ་སྟེང་ཚོང་ཁང་འཛུགས་པ་དང་དྲ་རྒྱའི་རིན་སྤྲོད་སོགས་ཀྱི་བསླབ་ཚན་བཀོད་སྒྲིག་བྱས་ཡོད།
          རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྦྱོང་བརྡར་ཡིག་ཚད་ལོན་པའི་མི་སྣ་“བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གནད་འཕིགས་དབུལ་སྐྱོར་བུད་མེད་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས་”སུ་ཞུགས་པར་མཚམས་སྦྱོར་བྱེད་པ་ཡིན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716