སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་ས་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་གྲུབ་འབྲས་གཟེངས་སུ་ཐོབ་པ།
སྤེལ་དུས། 2017-03-17   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  སྒྲོལ་དཀར་གྱིས་བསྒྱུར།
ཐོན་རྫས་མཁོ་སྤྲོད་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་སོས་དལ་གྲོང་ཁྱེར་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ།
          “ལྷ་སའི་གང་སར་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱིས་ཁེངས་པས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་དང་སྐབས་ཏག་ཏག་འཁེལ་ཡོད” “‘དྲ་སྦྲེལ+’ལག་རྩལ་ལ་བརྟེན་ནས་ལྷ་སའི་རིག་ནུས་ཡུལ་སྐོར་ལས་སྟེགས་བཏོད་དེ་དྲ་ཕྱིའི་ཡུལ་སྐོར་ཐོན་རྫས་ཀྱིས་དྲ་ཐོག‘བཟུང་བ’” “རྩེར་སོན་ཡུལ་སྐོར་བ་སྔར་བས་ཇེ་མང་དུ་འགྲོ་བཞིན་ཡོད་པས་ལམ་ཐིག་གཏན་འཁེལ་གྱི་རླངས་འཁོར་གླས་ནས་རང་མོས་འགྲོ་སྐྱོད་གོང་འཕེལ་གཏོང་རྒྱུར་ཁྲོམ་ར་ལྡན་ངེས་ཡིན་པ”སོགས་ནི་བོད་ནས་སི་ཁྲོན་བར་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ཐོན་རྫས་འོས་སྦྱོར་ཚོགས་འདུའི་ཐོག་གྲགས་པའི་གཏམ་གླེང་རེད།
          ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱིས་ཁྲེང་ཏུར“མཁའ་དབྱིངས་ཀྱི་བོད་ལྗོངས་མཛེས་སྡུག་ལྡན་པའི་བྱ་སྤྱོད”ཅེས་པའི་བོད་ནས་སི་ཁྲོན་བར་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ཐོན་རྫས་འོས་སྦྱོར་ཚོགས་འདུས་ཡངས་ཤིང་རྒྱ་ཆེ་བའི་ནང་སའི་ཁྲོམ་རར་ཕྱོགས་ནས་ལྷ་སའི་ཡུལ་སྐོར་གྱི་ནང་དོན་གསར་པ་དང་། བྱ་ཐབས་གསར་པ། ཐོན་རྫས་གསར་པ་བཅས་འོས་སྦྱོར་ཧུར་ཐག་བྱས་པས་རྒྱ་ཆེའི་ཡུལ་སྐོར་བ་དང་ཡུལ་སྐོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དུ་མ་དང་དེ་བཞིན་ཁེ་ལས་ལས་རིགས་ཀྱི་མི་སྣའི་ཡོངས་ཁྱབ་ཀྱི་དོ་ཁུར་ཐོབ་ཡོད།
          རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། བསྡོམས་རྩིས་ལྟར་ན། 2016ལོར་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1366.63ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་186.49ཟིན་པ་དེ་དུས་མཚུངས་ལས་15.91%དང་20.37%སོ་སོར་འཕར་ཏེ་ཡུལ་སྐོར་ལས་རིགས་ལྷ་ས་གྲོང་ཁྱེར་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་ཨང་དང་པོར་གྱུར་པ་དང་ཆབས་ཅིག གལ་ཆེའི་རང་བཞིན་ཡང་ལོ་རེ་ལས་མ་འདས་པར་ཆེ་རུ་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད།
          ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་རིམ་པས་སེལ་བ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ནུས་ལྡན་དང་། འབྲིང་གྲས་དང་རྩེར་སོན་མཁོ་སྤྲོད། ཧེ་བག་ཅན་གྱི་མཁོ་སྤྲོད་བཅས་མང་དུ་བཏང་བ་བརྒྱུད་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ཡོང་བ་བྱས་ཡོད། བོད་ནས་སི་ཁྲོན་བར་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་བའི་ཐོན་རྫས་འོས་སྦྱོར་ཚོགས་འདུའི་ཐོག་ལམ་ཐིག་གཏན་འཁེལ་གྱི་རླངས་འཁོར་གླས་ནས་རང་མོས་འགྲོ་སྐྱོད་སོགས་ཀྱི་ཐོན་རྫས་ལ་ཡུལ་སྐོར་བས་དགའ་པོ་བྱེད་པ་དེ་ཐོག་ནས་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱས་པ་དེས་ཡུལ་སྐོར་བའི་ཡིད་དབང་བཀུག་པའི་ར་སྤྲོད་གང་ལེགས་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་དུ་ད་དུང་ཁྲོམ་རའི་དགའ་བསུ་ཐོབ་པའི་ཡུལ་སྐོར་ཐོན་རྫས་གསར་པ་ཁག་གཅིག་ཆུ་གཏེར་རྒྱས་པ་བཞིན་ཐོན་པ་དཔེར་ན། “དགུན་དུས་ལྷ་སར་ཡུལ་སྐོར་བྱེད་པ”སོགས་ཀྱི་དྲ་ཐོག་དང་དྲ་སྨད་ཀྱི་ཡུལ་སྐོར་མྱོང་རོལ་རྣམ་གྲངས་རབ་དང་རིམ་པ་གོང་འཕེལ་བྱུང་བ་དེས་ལྷ་སར་དབྱར་ཁ་ཡུལ་སྐོར་བ་མང་བ་དང་དགུན་ཁ་ཉུང་བའི་རྣམ་པར་རིམ་པས་འགྱུར་ལྡོག་བྱུང་ནས་དགུན་དུས་ལྷ་སར་ཡུལ་སྐོར་བ་མང་དུ་འགྲོ་བཞིན་ཡོད། སྟག་སྡོང་གྲོང་ཚོའི་གྲོང་གསེབ་ཀྱི་སོས་དལ་ཡུལ་སྐོར་རྣམ་གྲངས་ལ་བརྟེན་ནས་གྲོང་ཁྱེར་ཆེན་པོའི་ཉེ་འདབས་སུ་སོས་དལ་ཡུལ་སྐོར་གྱི་ཚད་གཞི་བཏོད་པས་ཡུལ་སྐོར་བས་གནའ་བོའི་བོད་ཀྱི་གྲོང་སྡེའི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཉམས་སུ་མྱོང་ཐུབ་པ་དང་། “ལྷ་ས་བའི་ཁྱིམ”ཞེས་དམངས་སྲོལ་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་བརྟེན་ནས་མྱོང་རོལ་རང་བཞིན་ཆེ་བའི་སྣེ་ལེན་ཞབས་ཞུའི་རྣམ་པ་བཏོད་པས་ཡུལ་སྐོར་བ་མང་པོས་བོད་ཁྱིམ་གྱི་འཚོ་བ་ཇི་མ་ཇི་བཞིན་ཉམས་སུ་མྱོང་རྒྱུའི་ཡིད་དབང་འགུགས་ཐུབ་པ། ཁམ་བུ་སོགས་ཤིང་འབྲས་འཐུ་བའི་ཡུལ་སྐོར་རྣམ་གྲངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་དང་སོས་དལ་ཞིང་ལས་ཟུང་འབྲེལ་བྱས་པས“ཡུལ་སྐོར་དང་ཞིང་ལས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་བྱུང་བ། 《འུན་ཤིང་ཀོང་ཇོའི》དངོས་ལྗོངས་ཟློས་གར་ཆེ་གྲས་ཀྱིས་ད་ལྟའི་གར་སྟེགས་ཀྱི་སྒྱུ་རྩལ་རྣམ་པར་བརྟེན་ནས་ཐང་བོད་གཉེན་སྒྲིག་གི་ལོ་རྒྱུས་སླར་ཡང་མངོན་པར་བྱས་པས་ཡུལ་སྐོར་བས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད་པ་རེད།
          ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཡུལ་སྐོར་རིག་གནས་ཚོགས་པའི་ཏུང་ཧྲི་ཀྲང་ཟླ་བ་ཕུན་ཚོགས་ཀྱིས། “ཐོན་རྫས་དེ་དག་གིས་ལྗོངས་རྒྱུ་ལྟ་སྐོར་ཙམ་ལ་དམིགས་པ་མིན་པར། དེ་བས་ཡུལ་སྐོར་བའི་མྱོང་ཚོར་ལ་སྔར་བས་སྣང་ཆེན་བྱས་ཏེ་ཡུལ་སྐོར་གྱི་དགོས་མཁོ་སྣ་ཚོགས་བསྐངས་བ་དེས་ལྷ་སའི་ཡུལ་སྐོར་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་ཕྱིན་པ། ཡུལ་སྐོར་ཐོན་ཁུངས་ཀྱི་རིན་ཐང་མངོན་པ་བཅས་བྱུང་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
          “ལྷ་སའི་ཡུལ་སྐོར་ཁྲོམ་རར་དགོས་མཁོ་སྐོང་བ་དང་སྣེ་ཁྲིད་ཐུབ་པའི་ཐོན་རྫས་རྩེར་སོན་མང་པོ་མི་འདང་བ་ལས་ཐོན་ཁུངས་ཀྱི་ནུས་པ་ཞན་པ་དང་འཛད་སྤྱོད་པའི་དགོས་མཁོ་མི་འདང་བ་མིན། གནས་ཚུལ་དེ་རིགས་འོག་ཇི་ལྟར་བྱས་ཏེ་ཐོན་རྫས་མཁོ་སྤྲོད་བྱེད་པ་དང་། ཐོན་རྫས་གང་ཞིག་མཁོ་སྤྲོད་བྱེད་པ། ཡུལ་སྐོར་དུ་ཡོང་མཁན་ལ་ཁྲིད་སྟོན་བྱ་རྒྱུ་བཅས་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གོམ་སྟབས་རྗེས་མར་ང་ཚོས་ཡུལ་སྐོར་ཐོན་ཁུངས་སྔར་བས་སྔོག་འདོན་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པར་བརྟེན་ནས་ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྐུལ་མ་བཏང་ནས། ལྷ་སའི་ཡུལ་སྐོར་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་ཏུང་ཧྲི་ཀྲང་ཚའོ་ཀྲེ་མིང་གིས་གསར་འགོད་པར་བཤད་བྱུང་།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716