སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲོང་ཚོ་གསར་པ་དང་། གནམ་ལོ་གསར་པ། འཚོ་བ་གསར་པ།
སྤེལ་དུས། 2017-03-20   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  འཕྱོངས་རྒྱས་རྫོང་ཚོགས་རྒྱལ་གྲོང་ཚོའི་གནས་སྤོས་ས་ཚིགས་སུ་བསྐྱོད་པ།
  འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་གནས་སྤོས་ས་ཚིགས་སུ་བཀོད་པ་ལེགས་པའི་བོད་ཁང་ཉིས་ཐོག་སྟར་པ་གཉིས་ལམ་འགྲམ་དུ་བསྐྲུན་ཡོད་པ་དང་། ཁང་པའི་འགྲམ་དུ་ཉི་ནུས་ལམ་སྒྲོན་སྟར་པ་གཉིས་བསྒར་ཡོད་པ་མ་ཟད། ཡུག་གཅིག་ཏུ་སྦྲེལ་བའི་སོ་ཕག་སྔོན་པོའི་གྱང་ངོས་དང་གསེར་མདོག་ཅན་གྱི་ཐོག་ཁེབས་དག་ཉི་འོད་འོག་ནས་བཀྲག་མདངས་ལྷག་པར་འཚེར།
  རྩོམ་པ་ཚོགས་ཆུང་གི་གྲོང་མི་དེ་སྔོན་ལོ་བཅུ་ཕྲག་སྡོད་མྱོང་བའི་ལྕགས་སྟོད་རི་ཁུག་ནས་ད་ཆའི་ཡུལ་གཞན་དུ་གནས་སྤོས་ས་ཚིགས་ཀྱི་གྲོང་ཚོ་གསར་པར་སྤོས་ནས་འདི་གར་ལོ་གསར་ཐེངས་དང་པོ་བཏང་། འདི་གར་སླེབས་རྗེས་ང་ཚོས་འཚོ་བའི་འཕོ་འགྱུར་ཙམ་མ་ཡིན་པར། ད་དུང་ས་གནས་འདི་གའི་མི་སེར་ཚོའི་སེམས་དབུས་ཀྱི་བདེ་སྐྱིད་དང་མ་འོངས་འཚོ་བར་བཅངས་པའི་མཛེས་སྡུག་ལྡན་པའི་རེ་འདུན་ཡང་རྟོགས་བྱུང་།
  གྲོང་མི་ཀུན་ལྡན་གྱི་སྒོ་རའི་ནང་གི་གསར་དུ་བརྒྱབ་པའི་བོད་ཁང་ཉིས་ཐོག་དེ་རྒྱ་ཆེ་ཞིང་མཛེས་ལ། ཨར་འདམ་གྱིས་བཟོས་པའི་ལམ་བུ་དེ་ནི་གཙང་ཞིང་ཁོད་སྙོམས་པ་ཞིག་འདུག འགྲུལ་ཁང་ནང་དུ་བོད་ལུགས་འཛིན་ཆས་དང་དེང་རབས་གློག་ཆས་སོགས་གང་མཁོ་འཛོམས་འདུག ཀུན་ལྡན་གྱིས་སོ་སོའི་ཁང་པར་ལྟ་བཞིན་ཡིད་ཚིམས་པའི་ཉམས་དང་བཅས་ཏེ“ང་ཚོ་ནང་མི་ལྔ་ཡོད། 2016ལོར་ལྕགས་སྟོད་རི་ཁུག་ནས་འདིར་སྤོས་རྗེས་སྨི་ངོས་གྲུ་300ལྷག་ཡོད་པའི་སྡོད་ཁང་གསར་པའི་ནང་བསྡད་དེ་ལྷ་ཡུལ་དུ་སླེབས་པ་ལྟར་སྣང”ཞེས་བརྗོད་པ་རེད།
  གསར་དུ་བརྒྱབ་པའི་ཐབ་ཚང་ནང་དུ། ཀུན་ལྡན་གྱིས་གསར་འགོད་པར་ཁོང་གིས་ཉོས་པའི་ལོ་གསར་གྱི་ཉེར་མཁོ་སྟེ། སྔོ་ཚལ་དང་། ཤིང་ཏོག ཚགས་ཤ ལུག་ཤ་སོགས་བསྟན་མོད། གསར་འགོད་པས་མཐོང་བ་དེ་ནི་ཆ་ཤས་ཙམ་ཡིན་པ་རེད། ཀུན་ལྡན་གྱིས། དེ་སྔོན་འགྲིམ་འགྲུལ་སྟབས་བདེ་མེད་པས། ངས་རྟག་ཏུ་སྔོ་ཚལ་སོགས་ཐེངས་གཅིག་ལ་མང་པོ་ཉོ་གི་ཡོད་པས། དུས་ཡུན་རིང་པོ་འགོར་ནས་ཟ་སྐབས་ཚང་མ་རྙིད་ཀྱི་འདུག ད་ཆ་སྦག་སྦག་བཞོན་ནས་རྫོང་དུ་བསྐྱོད་ན་སྐར་མ་བཅུ་གྲངས་ཤིག་ལས་མི་འགོར་བས། ནང་མི་ཚོས་ཅི་ཟ་འདོད་ན་དེ་ཉོས་ནས་སོས་པ་ཟ་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
ད་ཆ་འཚོ་བ་ལེགས་སུ་ཕྱིན་ནས་གྲོང་ཁྱེར་གྱི་འཚོ་བའི་ཆ་རྐྱེན་དང་འདྲ་པོ་ཡོད། དུས་ཆེན་དང་གུང་གསེང་རིང་ནང་དུ་ལོག་ཐུབ་པ་མ་ཟད། སྐབས་འགར་པཱ་ལགས་ཀྱིས་རྫོང་གྲོང་དུ་ང་བསུ་བར་ཡོང་གི་རེད”ཅེས་རྫོང་གྲོང་དུ་གླ་པ་བྱེད་མཁན་ཀུན་ལྡན་གྱི་བུ་མོ་ཆུང་བས་དགོད་འཚེར་འཚེར་ངང་བཤད།
  དེ་སྔོན་གྱི་འཚོ་བའི་སྐོར་གླེང་སྐབས། ཀུན་ལྡན་གྱིས་གྲོང་གསར་གྱི་རྒྱང་རིང་དུ་གནས་པའི་ལྕགས་སྟོད་རིར་མཛུབ་མོ་འཛུགས་བཞིན་དུ“ངའི་ཁྱིམ་དེ་སྔོན་རི་ལྡེབས་སུ་གནས་པ་དང་གཙོ་བོ་གནམ་ཆུ་བསྒུགས་ནས་སྡོད་དགོས་པ་མ་ཟད། ཐ་ན་འཐུང་ཆུ་ཡང་ཐག་རིང་ནས་ལེན་དགོས་པ་དང་རྫོང་གྲོང་དུ་བསྐྱོད་པར་ཆུ་ཚོད་གཉིས་ལྷག་ཙམ་འགོར་བས་ལོ་གཅིག་ནང་ཐེངས་ཁ་ཤས་ལས་བསྐྱོད་ཐུབ་ཀྱི་མེད”ཅེས་བཤད།
  ཀུན་ལྡན་གྱི་བཟའ་ཟླས་གྱོན་གོས་སྐམ་བཞིན་དུ་དགོད་འཚེར་འཚེར་ངང་རི་ལམ་འབར་འབུར་དེ་ག་ལས་མེད་སྟབས། རྫོང་གྲོང་དུ་བསྐྱོད་རྒྱུ་ལྟ་ཞོག་ཐ་ན་ཁྱིམ་མཚེས་སར་བསྐྱོད་སྐབས་ཀྱང་ལ་རྒྱག་དགོས། དེ་དུས་ད་ལྟ་ནང་བཞིན་རྫོང་ལ་ཕྱིན་ཆོག་ཆོག་དེ་འདྲས་ཡོག་མ་རེད་ཅེས་གསར་འགོད་པར་བཤད།
  ཡུལ་གཞན་དུ་གནས་སྤོའི་འདུ་འགོད་ལག་ལེན་བསྟར་རྗེས་རྒྱུན་དུ་གྲོང་ཚོ་གཞན་བརྒྱུད་དགོས་ཀྱི་ཡོད། མི་གཞན་ཁང་པ་གསར་པའི་ནང་སྤོས་པ་མཐོང་སྐབས་ཀུན་ལྡན་གྱིས་ཡིད་སྨོན་ཆེན་པོ་བྱེད་བཞིན་རྒྱུན་དུ་རང་ཉིད་ཀྱང་ག་དུས་ཁང་བཟང་དེ་འདྲའི་ནང་སྤོ་ཐུབ་ཡོང་སྙམ་ནས་སྡོད་ཀྱི་ཡོད།
  2016ལོར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གིས་ཡུལ་གཞན་དུ་གནས་སྤོའི་འདུ་འགོད་ལག་ལེན་བསྟར་བའི་ནང་ཀུན་ལྡན་གནས་སའི་ཚོགས་རྒྱལ་གྲོང་ཚོའི་རྩམ་པ་ཚོགས་ཆུང་ཡང་དེའི་གྲས་སུ་ཚུད་ཡོད། ད་ཐེངས་གནས་སྤོ་བྱེད་པར་ཁྱོན་མ་དངུལ་སྒོར་ཁྲི་745བཏང་ནས་ཁྱོན་དུད་ཚང་11དང་མི་59བཀོད་སྒྲིག་བྱས་ཡོད། རྩམ་པ་ཚོགས་ཆུང་གི་གནས་སྤོའི་དུད་ཚང་ཁག་དང་པོའི་གྲས་སུ་ཚུད་པས། མགྱོགས་མྱུར་ཕ་ཚ་བུ་རྒྱུད་འཚར་ས་ནས་ཁ་གྱེས་ཏེ་གྲོང་ཁྱེར་དང་འདྲ་བར་བ་གམ་ཅན་ནང་སྡོད་རྒྱུ་ཡོད་སྟབས་ཀུན་ལྡན་དགའ་བས་མྱོས་ནས་བསྡད་ཡོད།
  གནས་སྤོ་བྱ་རྒྱུ་གཏན་འཁེལ་བྱུང་ནས་ཁང་གསར་ནང་སྤོ་བར་ཟླ་བ་བརྒྱད་འགོར་གྱི་ཡོད། ཀུན་ལྡན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་བཟང་དེ་འདྲ་བར་སྒོར་ཁྲི་གཅིག་ལས་སྤྲོད་དགོས་མེད་པས་དེ་ནི་དངོས་འབྲེལ་རྨི་ལམ་རྨིས་པ་ལྟར་བྱུང་། སྔོན་ཆད་དེ་འདྲ་བསམ་ཡང་བསམ་མ་ཕོད་པ་ཞིག་རེད”ཅེས་བཤད། ཁང་གསར་ཕུད། བཀོད་སྒྲིག་ས་ཚིགས་ཀྱིས་ད་དུང་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ལ་དམིགས་ནས་མཆོད་ཁང་དང་། གཟིམ་ཆུང་། མཛོད་ཁང་། ཉི་ཡབ་བཅས་བརྒྱབ་པ་མ་ཟད། ཆུ་དང་། གློག འཕྲིན་གཏོང་། གཞུང་ལམ་བཅས་ཀྱི་ལེ་ལག་ཚང་མ་བསྐྲུན་པ་མ་ཟད། ད་དུང་གྲོང་མིའི་ལུས་སྦྱོང་ཐང་དང་ལམ་སྒྲོན་སོགས་གང་དགོས་ཚང་མ་བསྐྲུན་ཡོད།
  ད་ཆ་ཀུན་ལྡན་གྱིས་ནང་གི་ལས་ཀ་ཙག་ཙིག་དག་བྱེད་སྐབས་ངར་ཤུགས་ཀྱིས་ཁེངས་ནས་ཡོད་པ་རེད། ཁོང་གིས་མ་འོངས་འཚོ་བར་རེ་བ་གསར་པས་ཁེངས་ནས་ཡོད་ཅེས་བཤད།
  ལོ་73ལ་སླེབས་པའི་རྒན་མོ་བསོད་ནམས་དབྱངས་ཅན་དང་ཁོང་གི་གྲོགས་མོའི་ངོས་ནས་བརྗོད་ན་འདི་ལོའི་ལོ་གསར་ལ་དོན་སྙིང་ཆེན་པོ་ལྡན་ཡོད་པ་སྟེ། ལོ་མང་སྡོད་པའི་རི་སྟེང་གི་སོ་ཕག་ཁང་པ་ནས་ཐོག་སོ་གཉིས་ལྡན་གྱི་ཁང་པ་གསར་པའི་ནང་སྤོ་རྒྱུ་བྱུང་ཡོད།
  གསར་འགོད་པ་དང་འཕྲད་མ་ཐག་རྒན་མོས་འཛུམ་མདངས་འཕྱུར་བཞིན་དུ“འདི་ལོ་ནི་སྡོད་ཁང་གསར་པའི་ནང་སྤོས་རྗེས་ཀྱི་ལོ་གསར་དང་པོ་དེ་ཡིན། དགའ་ཉེ་སྤུན་མཆེད་ཁྱིམ་དུ་འབོད་ནས་ལོ་གསར་པ་འཁྲུག་པོ་ཞིག་གཏོང་རྩིས་ཡོད”ཅེས་བཤད།
  རྒན་མོས་གསར་འགོད་པར་ཇ་སྲུབས་མ་བླུགས་ཀྱིན་དུ་གཏམ་གླེང་འགོ་ཚུགས། རྒན་མོ་བསོད་ནམས་དབྱངས་ཅན་སྐྱེས་པ་ནས་ཁང་པ་གསར་པའི་ནང་མ་སྤོས་གོང་། ལོ་70ལྷག་ཙམ་ལྕགས་སྟོད་རི་སྟེང་དུ་སྡོད་པ་དང་རི་ལམ་ཧ་ཅང་ཡག་པོ་མེད། ཁོང་གིས་2010ལོར་རྫོང་གྲོང་དུ་ནད་ལྟ་བར་ཐེངས་གཅིག་བསྐྱོད་པ་ཕུད། དེ་ནས་ཁ་བྲལ་མྱོང་མེད།
  ད་ཆ་གནམ་གཤིས་ཡག་པོ་བསྟན་སྐབས། རྒན་རྒོན་རྣམས་སྒོ་རའི་ནང་ཉི་མ་སྲོས་ནས་ཁྱིམ་མཚེས་དང་ཅི་འཕྲོས་མོལ་འཕྲོས་ཤོད་ནས་སྡོད་ཀྱི་ཡོད།
“རི་སྟེང་དུ་སྡོད་སྐབས་ཁང་པའི་ནང་ནས་ཕྱིར་དོན་པར་འཁར་རྒྱུག་འཁྱེར་ནས་འགྲོ་དགོས་ཀྱི་ཡོད། ད་ཆ་ཁང་པ་དང་སྒོ་རའི་ནང་ཨར་འདམ་འཁོད་སྙོམས་པོ་བཏིང་ཡོད་པས་འཁར་རྒྱུག་འཁྱེར་དགོས་མེད། ཕྲུ་གུ་ཚོ་སློབ་གྲྭ་གྲོལ་རྗེས་གྲོང་ཚོའི་ནང་གི་ལུས་རྩལ་ཐང་དུ་རྩེད་མོ་རྩེ་ཆོག་པ་དང་རྒན་རྒོན་ཚོ་ཡང་ཐང་ཆེན་དུ་ལུས་སྦྱོང་བྱེད་ཆོག དེར་འགྲིམ་འགྲུལ་སྟབས་བདེ་བས་སྐར་མ་བཅུ་ཕྲག་ཁ་ཤས་ནང་རྫོང་གྲོང་དུ་སླེབས་ཐུབ”ཅེས་རྒན་མོས་བཤད།
སྒོ་རའི་ནང་ནས་གྲོང་མི་ཚོས་དེ་སྔའི་འཚོ་བ་དང་འབྱུང་འགྱུར་གྱི་རེ་སྒུག་གླེང་བའི་དགོད་སྒྲ་སྒྲོག་བཞིན་མཆིས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716