སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2016ལོར་རང་རྒྱལ་གྱི་མི་རིགས་ཞིང་ཆེན་དང་རང་སྐྱོང་ལྗོངས8ཀྱི་གྲོང་གསེབ་དབུལ་པོའི་མི་འབོར་ཁྲི་402དབུལ་ལས་ཐར།
སྤེལ་དུས། 2017-03-20   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་17ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། 2016ལོར་རང་རྒྱལ་གྱི་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ཁྲི་402དབུལ་པོ་ལས་བསྒྲལ་ནས་2015ལོའི་ལོ་མཇུག་གི་དབུལ་པོའི་མི་འབོར་ཁྲི་1813ནས་ཁྲི་1411བར་ཉུང་དུ་ཕྱིན་པ་རེད།
  དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་གླེང་སྟེགས་ཐོག་བཤད་པ་ཞིག་རེད།
  མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ནི་ནང་སོག་སོགས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལྗོངས་5དང་གྲངས་ཉུང་མི་རིགས་གཅིག་སྡུད་ཆེ་བའི་ཀུའེ་ཀྲོའུ་དང་། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་3རེད།
  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་ད་ཐེངས་ཀྱི་གླེང་སྟེགས་ཐོག་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་རྩེ་རིམ་ཇུས་འགོད་དང་། སྲིད་ཇུས་མཐུན་སྦྱོར། མ་དངུལ་རྣམ་གྲངས་བཀོད་སྒྲིག་སོགས་ཀྱི་ཐད་མི་རིགས་ས་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། 2016ལོར་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་279.6བཀོད་སྒྲིག་བྱས་པ་དེས་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་བསྡོམས་འབོར་གྱི་41.9%བཟུང་བ་དང་2015ལོ་ལས་39.8%འཕར་ཡོད།
  ཚེས་17ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི《ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་དབུལ་སྐྱོར་འཕེལ་རིམ་སྙན་ཞུ(2016)》ལས་མངོན་པར། 2015ལོའི་བར་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་ཁྱོན་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ཁྲི་1813ཡོད་པ་དེས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་གྱི་32.5%བཟུང་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716