སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་སྐོར་བཀོད་པ།
སྤེལ་དུས། 2017-03-20   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་སྐོར་བཀོད་པ།
  གཙང་གསུམ་ཆུ་འགོར་བརྩེ་སེམས་བཅངས་ནས་སླར་ཡང་འོད་སྟོང་འཕྲོ་བའི་བྱས་རྗེས་བཏོད།
  2016ལོའི་ཟླ་7པར་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་གངས་ལྗོངས་ས་མཐོར་ཡོང་ནས་ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས།
  ལམ་ལུགས་བཟོས་ནས་མི་སེམས་གོང་བུ་འགྲིལ་བ་བྱས།
  དཔུང་ཁག་འཛུཌ་སྐྱོང་ལ་ཤུཌ་སྣོན་རྒྱག་རྒྱུ་ནི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་ལས་འགན་གཙོ་བོ་ཡིན། བོད་དུ་སླེབས་ནས་གཟའ་འཁོར་གཅིག་གི་ནང་བོད་སྐྱོར་ལས་དོན་རུ་ཁག་གིས་ཏང་ཀྲི་པུའུ་བཙུགས་པ་མ་ཟད། གནས་སྐབས་ཏང་ཀྲི་པུའུ་5བཙུགས་ནས《ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་དོ་དམ་ལམ་ལུགས》དང《ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཆབ་མདོའི་རྣམ་གྲངས་འཛུགས་སྐྲུན་ལ་རོགས་བྱེད་པའི་དོ་དམ་བྱ་ཐབས》སོགས་ལས་ཀའི་ལམ་ལུགས་བཟོས་པས་ལམ་ལུཌ་ལྟར་ལས་ཀ་སྒྲུབ་པ་དང་ལམ་ལུགས་ལ་བརྟེན་ནས་མིར་དོ་དམ་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་རེད།
  བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་ལས་ཀའི་ཐད་ཀྱི་ངོས་འཛིན་ཟབ་ཏུ་གཏོང་ཆེད། ལས་དོན་རུ་ཁག་གིས་དཔེ་མཛོད་ཁང་བཙུགས་པ་དང་སློབ་སྦྱོང་སྐུལ་ལྕག་ལམ་ལུགས་བཟོས་ནས་ལོ་གཅིག་རིང་གི“གཅིག་རེ་བདུན”གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ་མ་ཟད། བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་སྒྲིག་འཛུགས་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་རྟེན་རྫས་བཤམས་མཛོད་ཁང་དང་དམག་སྡེ་བཅོ་བརྒྱད་པའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་ཡང་བྱས་པ་དང་། ཕན་བདེ་ཁང་གི་བྱིས་པར་འཚམས་འདྲི་བྱས་ཏེ་མི་དང་། སེམས་པ། སྟོབས་ཤུགས་བཅས་མགྱོགས་མྱུར་གོང་བུ་འགྲིལ་ནས་བོད་སྐྱོར་གྱི་གཞི་རྩའི་རྩལ་ནུས་སྦྱོང་བརྡར་ཡག་པོ་བྱས་པ་རེད།
རྣམ་གྲངས་བོད་སྐྱོར་ལས་དམངས་འཚོར་ཕན་པ་བཏགས།
  ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་གྱིས་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་གཉིས་འཚོགས་ནས་ཁྲུང་ཆིང་གྲོང་ཁྱེར་གྱི་ལོ་གསུམ་གྱི་ཆབ་མདོའི་རོགས་སྐྱོར་འཆར་གཞིའི་ནང་དང་འཆར་གཞིའི་ནང་མ་ཚུད་པའི་རྣམ་གྲངས་48ཀྱི་འཆར་འགོད་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པས་གཞི་རིམ་ལ་སྣང་ཆེན་དང་། དམངས་འཚོར་སྣང་ཆེན། ཁྱད་ལྡན་ཐོན་ལས་ལ་སྣང་ཆེན་བཅས་བྱེད་པའི་ཁྲུང་ཆིང་གི་བོད་སྐྱོར་ཁྱད་ཆོས་གཅིག་སྡུད་ཐོག་མཚོན་ཡོད་པ་རེད།
  བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་བོད་དུ་སླེབས་རྗེས་ལག་བསྟར་རྣམ་གྲངས་གཙོ་གནད་ཆེ་གྲས་དྲུག་སྟེ། གཙང་གསུམ་ཆུ་འགོའི་སྣོད་བཅུད་རིག་གནས་གྲོང་སྐྲུན་པའི་ཁྲུང་ཆིང་གི་རྣམ་གྲངས་ཨར་སྐྲུན་དུས་མཚམས་སུ་སླེབས་པ་དང་། གསར་སྐྲུན་བུ་བཅོལ་ཁང་རྣམ་གྲངས་ཀྱི་ས་ཆ་བདམས་པ་དང་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་3215མཐུན་སྦྱོར་བྱས་ནས་དམིགས་སར་འབྱོར་བ། སྦག་སྦག་རོགས་སྐྱོར་རྣམ་གྲངས་ནས་ཁག་དང་པོར་སྤྲད་པའི་སྦག་སྦག་ཁྲི་1.3ལྷག་དམིགས་སར་འབྱོར་བ། ནག་མཐིལ་སྟེང་དང་། ལྷ་ཡུལ་ལྟར་གྱི་རི་བོ་ཆེའི་ཡུལ་སྐོར་གསར་སྤེལ་རྣམ་གྲངས། ཆབ་མདོའི་ལས་བྱེད་ལས་བཟོའི་ཁྲུང་ཆིང་ངལ་གསོ་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་དགེ་མཚན་ལྡན་པའི་གོང་འཕེལ་བྱུང་བ་བཅས་རེད།
  སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཐད་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི“ཀ་པ་རིམ་པ་གསུམ་པ”གཏོད་འཛུགས་ཀྱི་ཇུས་གཞི་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་ནས“སྨན་ཁང་གིས་ཚན་ཁག་འགན་གཙང་ལེན”པའི་གཏོད་འཛུགས་བྱེད་སྟངས་གཏན་འཁེལ་བྱས་པ་དང་། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་33སྔ་རྗེས་སུ་ལག་ལེན་བསྟར་ནས་གྲོང་གསེབ་ཏུ་བསྐྱོད་དེ་སྐོར་སྐྱོད་སྨན་བཅོས་ཐེངས་7བྱས་པ། བྱིས་པའི་ཀླད་པའི་སྐྱི་ལྤགས་ཀྱི་རྨས་སྐྱོན་ཚབས་ཆེན་ལ་མྱུར་སྐྱོབ་དང“ཀླད་སྐྱིའི་སྐྲན་ནད”ཀྱི་ནད་པ་ཚབས་ཆེན་ལ་གཤགས་བཅོས་དང་སྨན་བཅོས་ཐོག་མར་བྱས་པ་ལམ་ལྷོངས་སོགས་བྱུང་བ། བདེ་སྲུང་འཕྲོད་སྦྱོར་ཆ་འཕྲིན་3000ལྷག་བསྐུར་བ་དང་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་1000ལྷག་ཟིན་པ་བཅས་རེད། ཁྲུང་ཆིང་གི་སྨན་བཅོས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་ལ་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས“བདེ་ཐང་སྲུང་དམག”གི་བྱ་དགའ་སྤྲད་ཡོད།
  ཆབ་མདོ་བ་བྱས་ནས་ཆབ་མདོའི་ལས་ཀ་ཡག་པོ་བསྒྲུབས།
  ལོ་ཕྱེད་རིང་། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་དཀའ་སྡུག་གི་སྨྲེ་སྔཌ་མི་འདོན་པར་བྱ་སྤྱོད་དངོས་ལ་བརྟེན་ཏེ་ཁོ་ཚོའི་བོད་སྐྱོར་བྱེད་སྐབས་ཀྱི་འགྱུར་མེད་དམ་བཅའ་ལག་ལེན་དུ་བསྟར་བཞིན་ཡོད་པ་རེད།
  ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེད་རུ་མི་རྣམས་ཀྱིས་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོ་བསྐྱངས་པ་དང་། སྤྲོ་སེམས་འཁོལ་བའི་ལང་ཚོར་བརྟེན་ནས་ཆབ་མདོར་རོགས་སྐྱོར་དང་འཛུགས་སྐྲུན་བྱས་ཡོད། ཆབ་མདོ་གྲོང་ཨུད་ཀྱི་དྲུང་ཆེ་གཞོན་པ་ལུའོ་ཞུང་གིས་ལས་ཀའི་རྐྱེན་གྱིས་ཕ་ཚེ་ལས་འདས་སྐབས་ཀྱང་ཁྱིམ་དུ་ལོག་ཐུབ་མེད། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ICUནད་སྐྱོང་འགན་འཛིན་བོད་སྐྱོར་ལས་བྱེད་པ་ཧོང་ཡུང་ཧུང་གིས་བོད་རིགས་སྤུན་ཟླའི་ཚེ་སྲོག་སྐྱོབ་ཆེད་འོས་འགན་ངང་ཁྲག་ཐེངས་མང་སྦྱིན་འབུལ་བཏང་ཡོད།
  བོད་སྐྱོར་ལས་བྱེད་པ་བྲག་གཡབ་རྫོང་གི་རྫོང་དཔོན་གཞོན་པ་ལིའུ་ཧྲུའུ་ཧུའོ་ཡིས་ཕྱི་ཕྱོགས་སུ་བྲག་གཡབ་དྲིལ་བསྒྲགས་དང་མཚམས་སྦྱོར་ཧུར་ཐག་བྱས་པས་བྲག་གཡབ་རྫོང་དང་ནང་སའི་ཁེ་ལས་དབར་སྒོར་དུང་ཕྱུར་49.98ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གན་རྒྱ་བཞག་ནས་སྒོར་དུང་ཕྱུར་2.12ཀྱི་མ་འཇོག་རྣམ་གྲངས་དོན་འཁྱོལ་ཡོང་རྒྱུར་སྐུལ་མ་བཏང་བ། རི་བོ་ཆེ་རྫོང་གི་རྫོང་དཔོན་གཞོན་པ་ཞ་ལིན་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་3000ཙམ་མཐུན་སྦྱོར་དང་དོན་འཁྱོལ་བྱ་རྒྱུར་རོགས་རམ་བྱས་པ། ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེ་ཧྲའོ་པེའོ་ཡིས་ལོ་ཕྱེད་རིང་བོད་སྐྱོར་མ་དངུལ་སྒོར་ཁྲི་4000ཙམ་མཐུན་སྦྱོར་དོན་འཁྱོལ་བྱས་པ་སོགས་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716