སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-04-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བློ་གྲོས་ཀྱིས་བསྒྱུར།
བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དྲ་རྒྱའི་བདེ་འཇགས་འཆར་འགོད་དང་། ཆ་འཕྲིན་ཅན། དྲ་ཐོག་སྲིད་དོན་སྤྲིན་ཚོམས་བཅས་འཛུགས་སྐྲུན་གྱི་ཇུས་གཞིར་ཞིབ་འཇུག་བྱས་པ།
          ཚེས་17ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དྲ་རྒྱའི་བདེ་འཇགས་འཆར་འགོད་དང་། ཆ་འཕྲིན་འཕེལ་རྒྱས་ཀྱི་འཆར་འགོད། དྲ་ཐོག་སྲིད་དོན་སྤྲིན་ཚོམས་བཅས་འཛུགས་སྐྲུན་གྱི་ཇུས་གཞིར་ཞིབ་འཇུག་དང་ལྗོངས་ཡོངས་ཀྱི་སྲིད་དོན་སྤྲིན་ཚོམས་འཛུགས་སྐྲུན་དང་གྲངས་གཞི་ཆེ་མོའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          ཏིང་ཡེ་ཤན་གྱིས་དྲ་ཐོག་སྲིད་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་ལྗོངས་ཀྱི་ཞན་ཆ་གསབ་པའི་གཞི་རྟེན་ནུས་ལྡན་ཞིག་ཀྱང་ཡིན་པས། དྲ་རྒྱའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་གི་སྲིད་འཛིན་ནུས་པ་ཆེ་རུ་གཏོང་བ་བཅས་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་གཅིག་འགྱུར་དང་ངོས་འཛིན་མཐོར་གཏོང་བྱས་ཏེ་ཆ་འཕྲིན་ཅན་གྱི་འགྲན་སློང་གསར་པ་དང་གོ་སྐབས་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས། ཆ་འཕྲིན་ཅན་གྱི་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་སྙེགས་ཏེ་འཕེལ་ཕྱོགས་སྟངས་འཛིན་དང་། གཙོ་གནད་འབུར་ཐོན། སེམས་ནུས་གཅིག་སྒྲིལ་བཅས་བྱེད་པ་དང་སྤྲིན་ཚོམས་རྩིས་རྒྱག་དང་གྲངས་གཞི་ཆེན་པོ་སོགས་ཀྱི་ལག་རྩལ་གང་ལེགས་སྤྱད་དེ་ཆ་འཕྲིན་དང་དྲ་རྒྱ་ཅན་མཉམ་སྤྱོད་དང་ལེགས་བསྡུས་ཞིབ་གཉེར་ཅན་འཛུགས་སྐྱོང་དང་ནུས་ཆེའི་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་ནས་ཆ་འཕྲིན་མ་ལག་ཕན་ཚུན་སྦྲེལ་མཐུད་དང་གྲངས་གཞིའི་ཐོན་ཁུངས་མཉམ་སྤྱོད་སྒོ་དབྱེ་ཡོང་བ་བྱེད་དགོས་པ་དང་། སྲིད་གཞུང་གིས་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་གྲངས་གཞི་བསྡུ་སྒྲིལ་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་སྲིད་གཞུང་གི་སྤྱི་ཁོག་དཔལ་འབྱོར་འཁོར་སྐྱོད་དང་གནད་སྨིན་དབུལ་སྐྱོར་སོགས་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་འདེགས་སྐྱོར་བྱེད་དགོས་པ། དྲ་སྦྲེལ་དང་ཐོན་ལས་མཐུན་སྦྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་དང་། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད། དཔལ་འབྱོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གཏོད་པ་བཅས་བྱས་ཏེ་བོད་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།
          ཏིང་ཡེ་ཤན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་འདོམས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱབ་སྟེ་གོང་འོག་སྦྲེལ་མཐུད་དང་གཡས་གཡོན་མཐུན་སྦྱོར་བྱེད་དགོས་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་འཆར་འགོད་གཅིག་གྱུར། འཛུགས་སྐྲུན་གཅིག་གྱུར། ཚད་གཞི་གཅིག་གྱུར་བཅས་བྱེད་དགོས་པ། སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཕན་ཚུན་སྦྲེལ་མཐུད་དང་། འཁོར་སྐྱོད་ནུས་ཆེ། ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་། ཐུན་མོང་མཉམ་སྤྱོད། དོ་དམ་དང་བདེ་འཇགས་བཅས་ཀྱི་ཆ་འཕྲིན་ཅན་གྱི་མ་ལག་འཛུགས་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ནས་ཆ་འཕྲིན་ཅན་གྱི་རྣམ་གྲངས་ལེགས་བསྡུས་ཞིབ་གཉེར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྲིད་དོན་སྤྲིན་ཚོམས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དེང་རབས་ཅན་བཅོས་སྒྲིག་གི་སྲིད་གཞུང་གི་ནུས་པ་ཆེ་རུ་གཏོང་བ། སྤྲིན་ཚོམས་རྩིས་རྒྱག་གི་གྲངས་གཞི་ཆེ་མོའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། “དྲ་སྦྲེལ+”བྱ་སྤྱོད་ལག་བསྟར་ནན་པོ་བྱས་ཏེ་རྒྱུན་མཐུད་དང་། བརྟན་ལྷིང་། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བྱེད་པ། ཆ་འཕྲིན་བདེ་འཇགས་འགན་ལེན་མ་ལག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་སྟེ་དྲ་རྒྱ་དང་ཆ་འཕྲིན་བྱ་གཞག་འཕེལ་རྒྱས་ཟབ་མོ་ཡོང་བ་བྱེད་པ་བཅས་ཀྱི་སྒོ་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྣང་ཆེན་བྱས་ཏེ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། འགོ་ཁྲིད་ལ་ཤུགས་སྣོན། འགན་ལེན་ལ་ཤུགས་སྣོན། ལས་བགོས་ཁ་གསལ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་པ་དང་། ལག་བསྟར་ལམ་སྲོལ་འཛུགས་པ། སྲིད་དོན་སྤྲིན་ཚོམས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། ཆ་འཕྲིན་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716