སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དཔེ་ཀློག་བོད་ལྗོངས་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཟླ་བའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ།
སྤེལ་དུས། 2017-04-20   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཉེ་ཆར་བོད་རང་སྐྱོང་ལྗོངས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་སྡེ་ཁུལ་དུ་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ཞིང་། ལྷ་ས་གྲོང་ཁུལ་གྱི་སྡེ་ཁུལ་གྱི་དཔེ་དེབ་ཁང40ལ་རིན་པ་མི་དགོས་པར་སྒོར་ཁྲི120རི་བའི་བོད་ཡིག་དཔེ་དེབ་དང་། སྒྲ་ཕབ་དངོས་པོ། གློག་རྡུལ་དཔེ་དེབ་སོགས་དཔེ་དེབ་ཁྲི་8སྤྲད་པ་དེ་ཐོག་ནས“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཟླ་བའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ་མཚོན་ཡོད།
          ད་ཐེངས་ཀྱི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་དམངས་ཡོངས་དཔེ་ཀློག་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་དཔེ་ཀློག་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ། དམག་སྒར། ཁེ་ལས། ལས་ཁུངས། ཁྱིམ་ཚང་བཅས་སུ་སྤེལ་བའི“གཤམ་སྤེལ་བདུན”གྱི་བྱེད་སྒོའི་གྲས་ཤིག་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་དཔེ་ཀློག་གི་ཐོན་ཁུངས་འབེལ་དུ་བཏང་ནས་སྡེ་ཁུལ་དེབ་ཁང་གི་དཔེ་དེབ་ཀློག་རིན་ཡོད་པ་བྱས་ཏེ་སྡེ་ཁུལ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་སྡེ་ཁུལ་གྲོང་མིའི་དཔེ་ཀློག་དང་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བར་བྱེད་པ་དང་། རང་ལྗོངས་ཀྱི་སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་བཅས་བྱས་ནས་རང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་དུ་དང་ཟབ་ཏུ་གཏོང་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོ་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། དམངས་ཡོངས་དཔེ་ཀློག་གི་སྤྲོ་སྣང་དང་། དཔེ་ཀློག་གི་གོམས་གཤིས། དཔེ་ཀློག་བྱེད་ནུས་བཅས་སྐྱེད་སྲིང་བྱེད་པ། “དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བྱེད་པ”བཅས་ཀྱི་ཡ་རབས་དར་སྲོལ་ཞིག་ཆགས་པར་བྱས་ཏེ་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་གླེང་ཕྱོགས་ཀྱི་རྣམ་པ་དང་རིག་གནས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་འཆེད་དུ་ཡིན་པ་རེད། །
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716