སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་ངོ་ཁྲི་2600ཡར་སྔོན་ལ་“འཛམ་གླིང་ཡང་རྩེའི”་ས་བབ་དམའ་བ་གསེར་དུ་བདེན་དཔང་བྱས་འདུག
སྤེལ་དུས། 2017-04-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འབྲུག་རྩེ་རྒྱལ་གྱིས་བསྒྱུར།
          “འཛམ་གླིང་ཡང་རྩེ”སྟེ་མཐོ་བོད་མཐོ་སྒང་ནི་ཧུན་རྡུ་པན་ཁེ་དང་ཡ་གླིང་པན་ཁེ་གདུང་ཐུག་ལས་ས་འབུར་ཅིང་མཚོ་བྲི་ནས་གྲུབ་པར་གྲགས་ཤིང་། ཡིན་ཡང་ས་བབ་འབུར་པའི་ཐོག་མའི་དུས་གང་ཡིན་པ་དང་ཁོར་ཡུག་རིམ་འགྱུར་བྱུང་ཚུལ་ཐད་ལ་ཚན་རིག་པའི་སྡེ་རུ་རྩོད་གླེང་གང་མང་ཞིག་འདུག
          ལྟ་ཚུལ་གཅིག་གིས་ལྟར་ན། མཚོ་བོད་མཐོ་སྒང་ནི་པན་ཁེ་ཆེན་པོ་གཉིས་གདུང་ཐུག་བརྒྱབ་པའི་ཐོག་མའི་དུས་སྐབས་སྟེ། ད་བར་དུ་ལོ་ངོ་ཁྲོ་5000ཡར་སྔོན་ཞིག་ཏུ་ཆགས་ཟིན་པ་དང་། ད་ལྟའི་བར་གྱི་ལོ་ངོ་ཁྲི་3000ཡར་སྔོན་དང་ཡང་ན་ལོ་ངོ་ཁྲི་1500ཡར་སྔོན་དུ་ད་ལྟའི་མཐོ་ཚད་འདི་ཆགས་པར་འདོད། ཡང་ལྟ་ཚུལ་གཞན་ཞིག་གིས་ལྟར་ན། མཚོ་བོད་མཐོ་སྒང་ནི་ཞིན་ཧྲིའི་སྨད་དཀྱིལ་(晚中新世)ཏེ་ད་ལྟའི་བར་ཧ་ལམ་ལོ་ངོ་ཁྲི་700ཡར་སྔོན་ཙམ་མམ་ཡང་ན་དེའི་ཕྱིས་སུ་ད་གཟོད་“ས་མཐོ”རུ་གྱུར་པར་འདོད། 
          ཚེས་18ཉིན་གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་མི་ཞིབ་འཇུག་ཁང་དུ་ཤེས་གསལ་བྱུང་བ་ལྟར་ན། འདི་གའི་ཞིང་འཇུག་ཁང་གི་ཝུའུ་ཧྥེ་ཞང་རུ་ཁག་གིས་ཆེད་དམིགས་ཉ་རིགས་འགྱུར་རྡོ་དང་སྲོག་ཆགས་འགྱུར་རྡོ་ལ་ཞིབ་འཇུག་བརྒྱུད་དེ། མཐོ་བོད་མཐོ་སྒང་གི་དབུས་དཀྱིལ་ནི་ད་ལྟའི་བར་གྱི་ལོ་ངོ་ཁྲི་2600ནས་2400བར་ས་བབ་སྔར་བཞིན་དྲོད་འཇམ་ལྡན་ཞིང་བརླན་གཤེར་ཆེ་བའི་དམའ་ས་ཞིག་ཡིན་པར་གསེར་རྙེད་བྱུང་པ་རེད།
          ཚན་རིག་པ་ཚོས་གཞི་འཛིན་ས་ནི་མཚོ་ངོས་རྨི་5000ཟིན་ལ་ཉེ་བའི་མཐོ་སྒང་དཀྱིལ་དབུས་སུ་ཕན་ལུའུ་འགྱུར་རྡོ་(攀鲈化石)གསེར་རྙེད་བྱུང་བ་དེ་རེད། ཕན་ལུའུ་དང་ཏོའུ་ཡུས། ཐན་ཐང་ཡུས་སོགས་ནི་“གཉེན་ཚན”ཡིན་པ་དང་། མིག་སྔར་ཡ་གླིང་ལྷོ་དང་བྱང་ཤར་དང་ཧྥེ་གླིང་ནུབ་དཀྱིལ་གྱི་ཚ་བའི་ས་ཁུལ་བཅས་སུ་གཙོ་བོར་བཀྲན་འདུག་པ་དང་། ནམ་རྒྱུན་དབྱང་རླུང་དཀོན་པའི་ཆུ་གཟུགས་ནང་འཚོ་སྡོད་བྱེད་བཞིན་ཡོད་པ་རེད། ཕན་ལུའུ་ཡི་ཉ་མོའོ་རྣ་གཤོག་ལས་ཉ་རིགས་རྨི་སའེ་(迷鳃)རིམ་འགྱུར་བྱས་པ་ལ་བརྟེན་ནས་ཁ་དབུགས་ཁྲོད་ཀྱི་དབྱང་རླུང་ཐད་འབྱིན་བྱེད་ཐུབ་པ་རེད། དེ་ཕྱིར་ཕན་ལུའུ་ཡིས་མགོ་བོ་དུས་ཡུན་རིང་བོར་ཆུ་ངོས་སུ་བརྐྱངས་ཡོང་བར་མ་ཟད། ད་དུང་ཆར་རྗེས་སུ་ཆུའི་ཕྱི་རོལ་དུ་གོག་བགྲོད་བྱས་ཏེ་“སྡོང་མགོར་འཛེག་པས”ན་མིང་དེ་ལྟར་ཐོག་པ་རེད། 
          ཝུའུ་ཧྥེ་ཞང་གིས་གསར་འགོད་པར་བཤད་རྒྱུར། གསེར་རྙེད་བྱུང་བའི་འགྱུར་རྡོ་ནི་ཕན་ལུའུ་ཚན་སྡེ་ནང་ད་ལྟའི་བར་ཆེས་སྔ་ཤོས་དང་ཆེས་གདོད་མའི་དུས་ཀྱི་འགྱུར་རྡོ་ཡིན་ལ། ཁོང་ཚོས་འདི་ལ་“བོད་ཀྱི་བསྐལ་བ་ཡ་ཐོག་གི་ཕན་ལུའུ”ཞེས་མིང་བཏགས་པར་མ་ཟད། ད་དུང་འདིའི་རྩ་ལག་ཁྲོད་རྨི་སའེ་གསེར་རྙེད་བྱུང་ཡོད། དེ་ཡང་ཁོང་གིས“བོད་ཀྱི་བསྐལ་བ་ཡ་ཐོག་གི་ཕན་ལུའུ་ནི་ཧ་ལམ་དྲོད་བཤེར་ལྡན་པའི་ཁོར་ཡུག་ནང་འཚོ་སྡོད་བྱེད་བཞིན་ཡོད་པ་གསལ་བཤད་བྱས་ཡོད་པ་རེད། ཡང་གཅིག་བཤད་ན། དེའི་དུས་ཀྱི་མཚོ་བོད་མཐོ་སྒང་གི་དབུས་དཀྱིལ་གྱི་ཁོར་ཡུག་དང་དེང་གི་ཡ་གླིང་ལྷོ་དང་བྱང་ཤར་གྱི་ས་ཁུལ་ཁ་ཤས་ཀྱི་ཁོར་ཡུག་འདྲ་མཚུངས་ཡིན་པ་རེད”ཅེས་བཤད། 
          ཚན་རིག་པ་ཚོས་ད་དུང་ཡང་གསེར་རྙེད་བྱུང་ཡོད་པ་ཞིག་ལ། བོད་ཀྱི་བསྐལ་བ་ཡ་ཐོག་གི་ཕན་ལུའུ་དང་དུས་རིམ་གཅིག་པའི་རྩི་ཤིང་རིགས་དང་འབུ་སྲིན་དང་ཉ་རིགས་གཞན་ལ་སོགས་ཡོད་པ་རེད། དེ་དག་ཚང་མའང་དྲོད་བཤེར་ཆེ་བའི་ཁོར་ཡུག་ནང་འཚོ་བའི་སྲོག་ཆགས་ཀྱི་རིགས་རེད། ཝུའུ་ཧྥེ་ཞང་གིས་དཔང་རྟགས་འདི་དག་གིས་དེའི་དུས་ཀྱི་མཐོ་སྒང་ནང་རོལ་དུ་ད་དུང་འབུར་ཐོན་མངོན་གསལ་བྱུང་མེད་པར་བརྟེན། ཧུན་རྡུ་རྒྱ་མཚོའི་དྲོད་བཤེར་ལྡན་པའི་དབུགས་རྒྱུན་“ཐོག་མེད་ཤར་སྐྱོད”ཀྱིས་རྒྱུ་འོང་ཐུབ་པ་གསལ་བཤད་བྱས་ཡོད་ཅེས་བཤད།  
          ཚན་རིག་པ་ཚོས་བསྟན་དོན། གནའ་བོའི་སྐྱེས་དངོས་རིག་པའི་དཔང་རྟགས་གཞི་འཛིན་བྱས་ཐོག མཐོ་སྒང་གི་ས་བབ་འབུར་ཐོན་གྱི་ལོ་རྒྱུས་ལ་ཕྱིར་ལྡོག་རིགས་འདེད་བྱེད་པ་དང་། མིག་སྔའི་ས་གཤིས་རིག་པ་དང་སའི་གོ་ལའི་དངོས་ལུགས་རྫས་འགྱུར་སོགས་ཀྱི་གཞི་གྲངས་ལས་གྲུབ་པའི་རིགས་འདེད་ཕན་ཚུན་ལ་གཞི་བཅོལ་བྱས་པས་ན། མཐོ་སྒང་གི་ས་བབ་འབུར་ཐོན་བྱུང་ཚུལ་གྱི་དཔེ་དབྱིབས་ལེགས་བཅོས་བྱེད་ཐུབ་པར་མ་ཟད། རི་ཀླུང་གི་འཕོ་འགྱུར་ཆེན་པོའི་གསང་བའང་བརྟོལ་ནུས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716