སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དབུལ་སྐྱོར་ལས་བྱེད་པའི"སྣེ་ཁྲིད"ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།
སྤེལ་དུས། 2018-01-05   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  མཁའ་འགྲོ།
          མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་རྨ་སྟོད་རྫོང་གིས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་གི་ལས་བྱེད་པའི་དོ་དམ་དང་ཞབས་ཞུའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པས། ལས་ཀ་བྱེད་པ་དང་བྱ་གཞག་གཏོད་པའི་སེམས་ཤུགས་ཧུར་ཐག་འཕེལ་ནས་དབུལ་སྐྱོར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(གྲོང་སྡོད)ལས་བྱེད་པའི“སྣེ་ཁྲིད”ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།
          རྨ་སྟོད་རྫོང་གིས་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་གཙོ་གནད་གྲོང་ཚོ་13ལ་ཧྲུའུ་ཅི་དང་པོ་མངགས་པའི་རྨང་གཞིའི་ཐོག་རྫོང་གིས་གཏན་འཁེལ་བྱས་པའི་སྤྱིར་བཏང་གྲོང་ཚོ་17ལ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་མངགས་པར་ཁྱོན་བསྡོམས་ཧྲུའུ་ཅི་དང་པོ་30དང་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་གི་རུ་མི་65ཡོད་པ་རེད། དེ་དང་དུས་མཚུངས་《རྨ་སྟོད་རྫོང་གི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་གི་ལས་བྱེད་པའི་དོ་དམ་ཞིབ་སྲོལ་》བཟོས་ནས་སྤྲད་པ་དང་ཤང་གྲོང་རྡལ་ཏང་ཨུད་དང་། འདེམས་གཏོང་ཚན་པ། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(གྲོང་སྡོད)ལས་བྱེད་པ་བཅས་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད། དེས་མ་ཚད་ད་དུང“ཧྲུའུ་ཅི་དང་པོའི”རྒྱུན་ལྡན་དཔྱད་ཞིབ་དང་། དུས་དཀྱིལ་གྱི་འགན་འཁྲི་སྒྲུབ་ཚུལ་དཔྱད་ཞིབ། ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཤང་གྲོང་རྡལ་ཏང་ཨུད་དང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག གྲོང་ཚོ་འགན་གཙང་བླངས་མཁན་ལས་བྱེད་པ། ཞིང་འབྲོག་མང་ཚོགས་བཅས་ཀྱིས“ཧྲུའུ་ཅི་དང་པོའི”ལས་ཀར་བཏོན་པའི་བསམ་འཆར་ལ་ཕྱོགས་བསྡུས་ཞིབ་དཔྱད་དང་ཚོད་སྐོར་བྱས་པ་རེད།
          ཧྲུའུ་ཅི་དང་པོའི་འགན་ནུས་ཆེ་རུ་གཏོང་ཆེད་འགན་འཁྲི་བདའ་འདེད་དང་། མཐུན་སྦྱོར་སྦྲེལ་མཐུད། ཡིག་ཚགས་དང་དཔྱད་གཞི། ལས་ཀའི་སྒྲིག་ཁྲིམས་སོགས་ཀྱི་ལས་ཀའི་འགན་འཁྲི་དང་ལས་ཀའི་དམིགས་ཚད་ཁ་གསལ་བཏོན་པ་མ་ཟད་འགན་འཁུར་ཞུ་ཡིག་ལ་མིང་རྟགས་ཀྱང་བཀོད་ཡོད། དེ་དང་ཆབས་ཅིག“ཧྲུའུ་ཅི་དང་པོའི”ཁྲོད་ཐོབ་ཐང་བསྟན་པ་དང་། འགན་འཁྲི་མངོན་པ། ཁས་ལེན་བྱེད་པ་བཅས་བྱས་པའི་ཁར། གྲོང་སྡོད་དུས་ཚོད་མང་ཉུང་དང་། ལས་ཀའི་སྤྱོད་ཚུལ་ཡག་ཉེས། ལས་ཀའི་གྲུབ་འབྲས་མང་ཉུང་བཅས་བསྡུར་ནས། ཕན་ཚུན་གདེང་འཇོག་གི“གསུམ་བཏོན་གསུམ་བསྡུར་གསུམ་དཔྱད”ཀྱི་བྱེད་སྒོ་སྤེལ་བ་བརྒྱུད“ཧྲུའུ་ཅི་དང་པོའི”ལས་ཀའི་གསོན་ཤུགས་འཕེལ་བ་མ་ཟད། འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་བཏོད་ནས་ཕན་ཚུན་རྒྱབ་སྐྱོར་དང་ཕན་སྐུལ་སྐུལ་ལྕག་གི་ནུས་པ་གང་ལེགས་ཐོན་པར་བྱས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716